分享按钮

གྲོང་ཁྱེར་སྲིད་གྲོས་ཀྱི་ཨུ་ཡོན་གྱིས་སློབ་ཚན་ཁྲིད་པའི་བྱེད་སྒོ་སྤེལ་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་8ཚེས་8ཉིན། གྲོང་ཁྱེར་སྲིད་གྲོས་ཀྱིས་བྱང་སྐར་སྤུན་བདུན་གྱི་ལམ་སྟོན་ཇི་བཞིན་བསྐྱོད་ན་ལམ་ནོར་ཐེབས་མི་སྲིད་པ་དང་གུང་ཁྲན་ཏང་གི་རྗེས་སུ་འབྲངས་ན་བདེ་སྐྱིད་ཐོབ་ངེས་རེད་ཅེས་པ་གཙོ་དོན་དུ་བྱས་པའི་རྟེན་འབྲེལ་ཆེན་མོ་བསུ་བ་དང།ཏང་གི་བཀའ་དྲིན་ལ་བསྟོད་གླུ་འབུལ་བ། མཉམ་དུ་མདུན་སྐྱོད་བྱེད་ཅེས་པ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་གཏོང་ཞེས་པའི་ཨུ་ཡོན་གྱིས་སློབ་ཚན་ཁྲིད་པའི་བྱེད་སྒོ་སྤེལ་བ་རེད།

གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལུའུ་ཝུའེ་ཧྲེང་ཚོཊ་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

བྱེད་སྒོའི་ནང་། ལས་རིཊ་མི་འདྲ་བ་ནས་ཕེབས་པའི་ཨུ་ཡོན་5ཡིས་རང་ཉིད་ཀྱི་མྱོང་ཚོར་དང་། མིག་མཐོང་ལག་ཟིན་བཅས་དང་ཟུང་འབྲེལ་བྱས་ཏེ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་སྤྱི་ཚོཊ་རིང་ལུཊ་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་དང་ལྷ་ས་གསར་པ་འཛུཊ་སྐྲུན་བྱས་པའི་འོད་སྟོང་འཕྲོ་བའི་གྲུབ་འབྲས་ལ་བརྩེ་སེམས་ཟབ་མོས་བསྟོད་གླུ་ཕུལ་ནས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་དད་སེམས་དང་ཆོད་སེམས་མཚོན་པར་བྱས་ཡོད། ལུའུ་ཝུའེ་ཧྲེང་གིས་ཨུ་ཡོན་རྣམ་པའི་ངོ་མཚར་ཆེ་བའི་གཏམ་བཤད་ལ་ཁས་ལེན་གང་ལེཊ་གནང་རྗེས་ཨུ་ཡོན་རྣམ་པ་དང་ཁེ་ལས་མཁས་ཅན་ཚོས་ཆུ་འཐུང་ཕུཊ་དྲན་དང་། དྲིན་ཚོར་ཡར་བརྩོན། མིག་སྔར་གཞི་ཚུཊ་པ། དུས་རབས་ཀྱི་འགན་འཁྲི་ལྕི་པོ་འཁུར་ཕོད་པ། སྲིད་ཇུས་སྙིང་སྟོབས་ཀྱི་དྲིལ་བསྒྲཊ་པ་ཡག་པོ་ཞིག་བྱེད་པ། མི་རིཊ་མཐུན་སྒྲིལ་གྱི་སྐུལ་འདེད་པ་ཞིག་བྱེད་པ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་མཁན་གྱི་དངོས་སྒྲུབ་པ་ཞིག་བྱེད་པ། ཐབས་འདོན་སྲིད་སྐྱོང་གི་ཇུས་འདོན་པ་ཞིག་བྱེད་པ་བཅས་བྱས་ཏེ་ལྷ་སའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་བྱས་རྗེས་འཇོག་དགོས་ཞེས་ནན་གསུངས་གནང་བ་རེད།(པ་ཚེས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-08-10 6 6 拉萨日报藏文 c206563.html 1 གྲོང་ཁྱེར་སྲིད་གྲོས་ཀྱི་ཨུ་ཡོན་གྱིས་སློབ་ཚན་ཁྲིད་པའི་བྱེད་སྒོ་སྤེལ་བ། /enpproperty-->