分享按钮

མལ་གྲོ་གུང་དཀར་རྫོང་མི་རིགས་མཐུན་སྒྲིལ་དཔེ་སྟོན་རྟེན་གཞི་ཚོད་ལྟའི་གཉེར་སྐྱོང་བྱ་ཉེར་ཡོད་པ།

(པར་ངོས་དང་པོར་མཐུད)བཟོ་པས་འགྲེམས་སྟོན་བཀོད་སྒྲིག་དང་། སྒྲིག་ཆས་སྙོམས་སྒྲིག་ཚོད་ལྟ། ས་ཡུལ་དངོས་སུ་གཙང་བཤེར་སོགས་ཀྱི་ལས་མཇུག་བསྡུ་བཞིན་པ་མཐོང་བྱུང་། ཨར་ལས་འགན་འཁུར་བ་ཉི་མ་བུ་ཁྲིད་ཀྱིས་ང་ཚོས་ལས་དུས་འཕར་མ་བྱས་ནས་མཇུག་བསྡུའི་ལས་ཀ་བྱེད་བཞིན་ཡོད། དེའི་ནང་ནང་ཁུལ་གྱི་མཛེས་བཟོ་དང་། སྒྲིག་ཆས་སྒྲིག་སྦྱོར། ས་ཆ་གཙང་བཤེར་སོགས་ཚུད་ཡོད། མ་གཞི་དུས་ཚོད་ཛ་དྲག་ལ་ལས་འགན་ལྕི་མོད།འོན་ཀྱང་ང་ཚོར་ཟླ་8པའི་ཟླ་དཀྱིལ་དུ་དུས་བཀག་ལྟར་གཉེར་སྐྱོང་ཚོད་ལྟའི་གྲ་སྒྲིག་ལེགས་གྲུབ་ཐུབ་རྒྱུའི་ཡིད་ཆེས་ཡོད་ཅེས་བཤད།

ཤེས་རྟོགས་བྱུང་བར་གཞིགས་ན། རྣམ་གྲངས་དེར་ཁྱོན་མ་དངུལ་སྒོར་ཁྲི་2105.12བཏང་བ་ཚང་མ་བོད་སྐྱོར་མ་དངུལ་ནས་བཏང་བ་ཞིག་རེད། འཛུགས་སྐྲུན་གྱི་ནང་དོན་གཙོ་བོ་ནི་ཁང་པ་སྟར་པ་གཉིས་ཀྱི་སྔར་ཡོད་ལོ་རྒྱུས་ཀྱི་རྣམ་པ་སོར་འཇོག་བྱས་པའི་རྨང་གཞིའི་ཐོག་འགྲེམས་སྟོན་བཀོད་སྒྲིག་དང་མེ་ཟོན་དང་གློག་མཁོ་འདོན་སོགས་ཀྱི་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུ་དེ་རེད། མལ་གྲོ་གུང་དཀར་རྫོང་མི་རིགས་མཐུན་སྒྲིལ་དཔེ་སྟོན་རྟེན་གཞིའི་འཛུགས་སྐྲུན་རྣམ་གྲངས་ཀྱིས་ལོ་རྒྱུས་ཀྱི་རྣམ་པ་སླར་གསོ་ཐུབ་པར་མ་ཟད། དེང་རབས་ཀྱི་བདེ་འཇགས་ཚད་གཞིའང་སྐོང་ཐུབ་ཡོད།

དེའི་ནང་སྲོང་བཙན་སྒམ་པོའི་དྲན་གསོ་ཁང་གི་འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་ངོས་གྲུ་4735.16དང་ཧོར་ཁང་གཞིས་ཀའི་འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་ངོས་གྲུ་3294.41ཟིན་ཡོད། རྣམ་གྲངས་འཛུགས་སྐྲུན་བྱེད་རིང་གཞི་རྩའི་འཛུགས་སྐྲུན་གྱི་གོ་རིམ་དོན་འཁྱོལ་ནན་པོ་བྱས་ཏེ་སུས་འཇོན་དེ་འགུགས་དང་ལྟ་སྐུལ་དོ་དམ་སོགས་ཀྱི་བྱ་ཐབས་བརྒྱུད་ལས་གྲྭའི་སྤུས་ཚད་ལ་འགན་ལེན་བྱེད་པ་དང་ཆབས་ཅིག་ས་གནས་དེ་གའི་མང་ཚོགས་འབོར་ཆེན་ཨར་སྐྲུན་ནང་ཞུགས་སུ་བཅུག་ནས་ལས་ཞུགས་འབབ་འཕར་ལ་སྐུལ་ཁྲིད་བྱས་ཡོད།

གཞིས་རྩེ་གྲོང་ཁྱེར་ངམ་རིང་རྫོང་གི་བཟོ་པ་སྐལ་བཟང་རྒྱ་མཚོས་ང་འདི་ལོའི་ཟླ་3པར་འདི་གར་ལས་ཀ་བྱེད་པར་ཡོང་བ་ཡིན། ཕ་ཡུལ་གཅིག་པ་བྱས་པ་མང་པོ་ཞིག་འདི་གར་ལས་ཀ་བྱེད་ཀྱི་ཡོད། མ་གཞི་དཀའ་ལས་ཁག་པོ་ཡོད་མོད། འོན་ཀྱང་ང་ཚོའི་ཡོང་འབབ་ཀྱང་ཡག་པོ་ཡོད་པས་སེམས་ནང་ཧ་ཅང་དགའ་པོ་བྱུང་ཞེས་བཤད།

མལ་གྲོ་གུང་དཀར་རྫོང་རིག་གནས་ཡུལ་སྐོར་ཅུས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། ཁང་གཉིས་ཀྱིས་ཚོད་ལྟའི་གཉེར་སྐྱོང་བྱེད་རིང་སྤྱི་དམངས་ཀྱི་ཚུར་ལན་བསམ་འཆར་བསྡུ་ལེན་དང་འགྲེམས་སྟོན་བཀོད་སྒྲིག་ལེགས་སུ་བཏང་ནས་འགྲེམས་སྟོན་གྱི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་རྒྱུ་རེད། ལས་མཇུག་འགྲིལ་ཉེར་ཡོད་པས་མལ་གྲོ་གུང་དཀར་རྫོང་མི་རིགས་མཐུན་སྒྲིལ་དཔེ་སྟོན་རྟེན་གཞིས་ས་གནས་དེ་གའི་རིག་གནས་ཡུལ་སྐོར་འཕེལ་རྒྱས་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་གསོན་ཤུགས་གསར་པ་བསྣན་རྒྱུ་རེད། (པ་ཚེས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-08-10 6 6 拉萨日报藏文 c206562.html 1 མལ་གྲོ་གུང་དཀར་རྫོང་མི་རིགས་མཐུན་སྒྲིལ་དཔེ་སྟོན་རྟེན་གཞི་ཚོད་ལྟའི་གཉེར་སྐྱོང་བྱ་ཉེར་ཡོད་པ། /enpproperty-->