分享按钮

ཤའོ་ཡིའུ་ཚའེ་ཡིས་གྲོང་ཁྱེར་ལ་དོ་དམ་ཞིབ་ཚགས་བྱེད་པའི་ལས་དོན་ལ་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་གནང་བ།

(པར་ངོས་དང་པོར་མཐུད)

པེ་ཅིང་ལམ་དུ། ཤའོ་ཡིའུ་ཚའེ་ཡིས་ཁྲོམ་གཞུང་ལམ་རྒྱུད་ཀྱི་རྨང་གཞིའི་སྒྲིག་བཀོད་སྲུང་སྐྱོང་དང་ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་སོགས་ཀྱི་གནས་ཚུལ་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཁོང་གིས་ནན་གསུངས་གནང་དོན། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོ་ནི་སྙིང་རུས་གཏན་འཁྱོངས་དང་ཡུན་རིང་རང་བཞིན་གྱི་ལས་དོན་ཞིག་རེད། རིམ་པ་ཁག་དང་ཚན་པ་ཁག་གིས་འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱས་ཏེ་ཡག་ཐོག་ཡག་བརྩེགས་ཀྱི་རྣམ་འགྱུར་ཐོག་ནས་སྐྱོན་བཤེར་ཆད་གསབ་དང་ཞན་ཆ་གསབ་རྒྱུའི་ལས་དོན་ནན་ཏན་ངང་ཡག་པོ་བསྒྲུབས་ཏེ་ནུས་ཤུགས་ཡོད་རྒུས་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོར་མཛེས་སྡུག་ལྡན་པ་དང་། གཙང་བ། ཞིབ་ཚགས་བཅས་ཀྱི་རྣམ་པ་བཟང་པོ་ཞིག་གཏོད་དགོས། (པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-08-09 6 6 拉萨日报藏文 c206512.html 1 ཤའོ་ཡིའུ་ཚའེ་ཡིས་གྲོང་ཁྱེར་ལ་དོ་དམ་ཞིབ་ཚགས་བྱེད་པའི་ལས་དོན་ལ་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་གནང་བ། /enpproperty-->