分享按钮

གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁར་མུ་མཐུད་དེ་དོགས་ཟོན་དང་སེལ་དགོས།

(པར་ངོས་དང་པོར་མཐུད)སྲ་བརྟན་དུ་གཏོང་བ་སོགས་ཀྱི་བཀོད་སྒྲིག་རབ་དང་རིམ་པ་བྱེད་དགོས་ཞེས་བཏོན་ཡོད།

འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱས་ཚེ་གཞི་ནས་དཔལ་འབྱོར་བརྟན་པོའི་ངང་ཡུན་རིང་འཕེལ་རྒྱས་འགྲོ་ཐུབ།གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁའི་མི་མངོན་པའི་རྐྱེན་ངན་ལ་དམིགས་ནས་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཉེན་ཁ་ཐག་གཅོད་ལ་མུ་མཐུད་དེ་སྐུལ་འདེད་གཏོང་བ་དང་།བདེ་འཇགས་ཀྱི་མཐའ་ཚད་སྲུང་རྒྱུར་ཤུགས་སྣོན་རྒྱག་པ།འཕེལ་རྒྱས་ཁྲོད་ཉེན་ཁ་རིམ་བཞིན་སེལ་རྒྱུ་མཐའ་འཁྱོངས་བཅས་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་ཀྱི་མཉམ་འགུལ་བཟང་པོ་མངོན་འགྱུར་ཧུར་ཐག་བྱེད་དགོས།

སྤུས་ཚད་མཐོན་པོའི་སྒོ་ནས་གྲོང་ཁྱེར་གསར་སྒྱུར་བྱེད་དགོས།

ཧྲང་ཧའེ་ཡི་ཁྲང་པའེ་གྲོང་གསར་གྱི་ཁྲོམ་གཞུང་228ནི་དུས་རབས་20པའི་ལོ་རབས་50པར་ཐོན་ལས་བཟོ་པའི་སྡོད་ཁང་གི་གནད་དོན་ཐག་གཅོད་བྱ་ཆེད་བསྐྲུན་པའི་བཟོ་པའི་སྡོད་ཁང་གི་གྲས་ཤིག་རེད།དེ་ནི་སོ་ཕག་དམར་པོའི་སྒེའུ་ཁུང་དང་།གནའ་ཉམས་སླར་གསོའི་སྒོ་སྒྲོམ།སྔོན་མ་ནང་བཞིན་ཉམས་གསོ་བྱས་པའི་ཁང་པ་གྲལ་སྟར་འགྲིག་པོ་ཞིག་ཡོད་པ་དང་།སྡེ་ཁུལ་གྱི་ཟ་ཁང་དང་།ལུས་སྦྱོང་ཁང་།སྤྱི་པའི་སྔོ་ལྗང་ཁུལ་བཅས་བྱས་ཡོད།

ད་ཆ་གསར་སྒྱུར་བྱས་རྗེས་ཀྱི་ཁྲོང་གཞུང་228ལ་གྲོང་ཁྱེར་གྱི་འཚོ་བའི་སྤུས་ཚད་གོང་མཐོར་སོང་བའི་མྱོང་ཚོར་ཟབ་མོ་བྱུང་བཞིན་ཡོད།

2024ལོའི་ལོ་མཇུག་བར་རང་རྒྱལ་གྱི་རྒྱུན་སྡོད་མི་འབོར་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད་2012ལོའི་བརྒྱ་ཆ་53.1ནས་2024ལོའི་བརྒྱ་ཆ་67བར་འཕར་བ་དང་།གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར་དུང་ཕྱུར་7.2ནས་དུང་ཕྱུར་9.4བར་འཕར་ཡོད།རྒྱལ་སྤྱིའི་ཉམས་མྱོང་དང་གྲོང་ཁྱེར་འཕེལ་རྒྱས་ཀྱི་ཆོས་ཉིད་ནས་བལྟས་ན།རང་རྒྱལ་འདི་ཉིད་གྲོང་ཁྱེར་དང་གྲོང་རྡལ་ཅན་འཕེལ་རྒྱས་མགྱོགས་ཙམ་འགྲོ་བའི་དུས་དཀྱིལ་དང་དུས་མཇུག་ཏུ་སླེབས་ཡོད།ཡོད་མེད་ནས་ཡག་པོ་ཡོད་མེད་བར་དུ་བསྒྱུར་བ་དང་།མི་དམངས་མང་ཚོགས་ཀྱི་རེ་ཞུ་སྔར་བས་སྣ་མང་ཅན་དུ་གྱུར་བས།གྲོང་ཁྱེར་གྱི་ཞན་ཆ་འཕྲལ་མར་ཁ་གསབ་བྱེད་དགོས།

ད་ཐེངས་ཀྱི་ཚོགས་འདུའི་ཐོག་ཀྲུང་དབྱང་གི་གྲོང་ཁྱེར་ལས་དོན་ཚོགས་འདུའི་དགོངས་དོན་དོན་འཁྱོལ་ཡག་པོ་བྱས་ཏེ་སྤུས་ཚད་མཐོན་པོའི་སྒོ་ནས་གྲོང་ཁྱེར་གསར་སྒྱུར་བྱེད་དགོས་ཞེས་བསྟན་ཡོད།

རང་རྒྱལ་གྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་མགྱོགས་མྱུར་འཕར་བའི་དུས་ནས་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བའི་དུས་སུ་སྒྱུར་བཞིན་ཡོད་པ་དང་།གྲོང་ཁྱེར་འཕེལ་རྒྱས་དེ་གཞི་ཁྱོན་ཆེ་བའི་འཕར་ཚད་རྒྱ་སྐྱེད་ཀྱི་དུས་མཚམས་ནས་གསོག་ཚད་དང་།སྤུས་ཚད།ཕན་འབྲས་བཅས་གཙོ་བོར་བྱེད་པའི་དུས་མཚམས་སུ་སྒྱུར་བཞིན་ཡོད།ཉེ་ཆར་འཚོགས་པའི་ཀྲུང་དབྱང་གི་གྲོང་ཁྱེར་ལས་དོན་ཚོགས་འདུའི་ཐོག་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་གྲོང་ཁྱེར་ལས་དོན་ལ་འཕྲད་པའི་དུས་བབ་ལ་བརྡར་ཤ་གལ་ཆེན་བཅད་ཡོད།

ཀྲུང་གོ་གྲོང་ཁྱེར་འཆར་འགོད་ཇུས་འགོད་ཞིབ་འཇུག་ཁང་གི་ཡོན་ཀྲང་ཝང་ཁའེ་ཡིས་གཞི་ཁྱོན་ཆེ་རུ་གཏོང་བ་ནས་ནང་དོན་དང་སྤུས་ཚད་མཐོ་རུ་གཏོང་བའི་བར་གྲོང་ཁྱེར་འཕེལ་རྒྱས་གཏོང་རྒྱུ་དེ་སྔོན་ཆད་གཙོ་བོ་ས་ཆ་དང་མ་རྩ་སོགས་སྲོལ་རྒྱུན་གྱི་རྒྱུ་རྐྱེན་གཙོ་བོར་བརྟེན་པ་ནས་ཤེས་བྱ་དང་།གྲངས་གཞི།ལག་རྩལ།དོ་དམ་སོགས་རྒྱུ་རྐྱེན་གཙོ་བོར་བརྟེན་པར་བསྒྱུར་ནས་སྤུས་ཚད་དེ་བས་མཐོ་བ་དང་།ལས་ཕྱོད་དེ་བས་ཆེ་བ།དེ་བས་དྲང་གཞག དེ་བས་རྒྱུན་མཐུད།དེ་བས་བདེ་འཇགས་བཅས་ཀྱི་འཕེལ་རྒྱས་དོན་གཉེར་བྱེད་དགོས་པ་མཚོན་ཡོད་ཅེས་བཤད།

ཀྲུང་དབྱང་གི་གྲོང་ཁྱེར་ལས་དོན་ཚོགས་འདུའི་ཐོག་གྲོང་ཁྱེར་གསར་སྒྱུར་ལ་སྐུལ་འདེད་གཏོང་རྒྱུ་དམ་འཛིན་བྱ་གཞི་གལ་ཆེན་དུ་བྱས་ཏེ་གྲོང་ཁྱེར་གྱི་གྲུབ་ཆ་ལེགས་སྒྲིག་དང་།སྒུལ་ནུས་བརྗེ་སྒྱུར།སྤུས་ཚད་མཐོར་གཏོང་དེ་འབྱུང་འཕྲོད་ཕྱོགས་སྒྱུར།རིག་གནས་རྒྱུན་མཐུད།བཅོས་སྒྲིག་གིས་ཕན་འབྲས་ཆེར་གཏོང་བཅས་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་གྲོང་ཁྱེར་གྱིས་རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་རྒྱུག་གཉིས་ཀྱི་ལྟེ་བའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་ཞེས་བཏོན་ཡོད།

ཧྲང་ཧའེ་འགྲིམ་འགྲུལ་སློབ་ཆེན་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ཁྲེན་ཅེས་གྲོང་ཁྱེར་འདི་ཉིད་གྲོང་ཁྱེར་འཕེལ་རྒྱས་ཀྱི་ཁ་ཕྱོགས་སྒྱུར་མཚམས་གལ་ཆེན་ཞིག་ཏུ་གནས་ཡོད།གྲོང་ཁྱེར་གསར་སྒྱུར་བྱས་པ་དེས་གསོག་འབོར་དང་།སྤུས་ཚད།ཕན་འབྲས་བཅས་ཆེ་རུ་གཏོང་བ་དང་།ནང་མཁོ་སྐུལ་སློང་བྱེད་པ།ས་ཁང་བདག་ཁོངས་ཁྲོམ་ར་བརྟན་པོ་ཡོང་བའི་རྣམ་པ་མུ་མཐུད་སྲ་བརྟན་དུ་གཏོང་བ།ས་ཁང་བདག་ཁོངས་ལས་རིགས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བ་བཅས་ལ་ཕན་ཐོགས་ཡོད།

ས་གནས་སྲིད་གཞུང་གི་བུ་ལོན་གྱི་ཉེན་ཁ་ཧུར་ཐག་དང་བརྟན་པོའི་ངང་སེལ་དགོས།

འདི་ལོའི་ཟླ་6པའི་ཟླ་མཇུག་བར་གསར་འཕར་བརྗེ་ལེན་བུན་འཛིན་རིམ་རྩིས་བྱས་ན་སྒོར་དུང་ཕྱུར་ཁྲི་3.8འགྲེམས་སྤེལ་བྱས་ཡོད།ས་གནས་ཁག་གིས་བརྗེ་པོ་བརྒྱབ་རྗེས་བུ་ལོན་གྱི་ཆ་སྙོམས་སྐྱེད་ཀའི་མ་གནས་ཆག་ཚད་བརྒྱ་ཆའི་གྲངས་2.5ལས་བརྒལ་བ་སོཊ་ནོར་སྲིད་པུའི་གྲངས་གཞི་ལས་ས་གནས་སྲིད་གཞུང་གི་མངོན་མེད་བུ་ལོན་བརྗེ་པོ་རྒྱག་པའི་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་བར་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་ཡོད།

ཉེ་བའི་ལོ་ཤས་རིང་།རང་རྒྱལ་གྱིས་བྱེད་ཐབས་ནུས་ལྡན་རབ་དང་རིམ་པ་བཀོད་སྒྲིག་དང་ལག་བསྟར་བྱས་པ་དང་།སྡེབ་གཅིག་ཅན་གྱི་བུ་ལོན་ཇུས་གཞིར་སྐུལ་འདེད་ཏན་ཏིག་བཏང་བ།ས་གནས་སྲིད་གཞུང་གི་བུ་ལོན་དོ་དམ་ལ་མུ་མཐུད་ཤུགས་སྣོན་བརྒྱབ་པས་ས་གནས་སྲིད་གཞུང་གི་བུ་ལོན་གྱི་ཉེན་ཁ་ནུས་ལྡན་ངང་སེལ་བ་དང་དོ་དམ་ཚོད་འཛིན་ཐུབ་ཡོད།

ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་ནོར་དཔལ་འཐབ་ཇུས་ཞིབ་འཇུག་ཁང་ནོར་སྲིད་ཞིབ་འཇུག་ཁང་གི་ཀྲུའུ་རེན་ཧོ་ཏའེ་ཤིན་གྱིས་ལྷག་པར་དུ་ན་ནིང་ས་གནས་ཅན་གྱི་བུ་ལོན་སྒོར་དུང་ཕྱུར་ཁྲི་12བཏོན་ནས་ས་གནས་ཅན་གྱི་བུ་ལོན་གྱི་གནོན་ཤུགས་ཆེས་ཆེར་ཆུང་དུ་འགྲོ་རྒྱུར་སྐུལ་འདེད་བཏང་བས་བུ་ལོན་གྱི་ཉེན་ཁ་ནུས་ལྡན་ངང་ཞི་ལྷོད་དུ་ཕྱིན་ཡོད་ཅེས་བཤད།

དུས་མཚམས་རྗེས་མའི་ལས་དོན་ལ་དམིགས་ནས་ད་ཐེངས་ཀྱི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་ཐོག་ས་གནས་སྲིད་གཞུང་གི་བུ་ལོན་གྱི་ཉེན་ཁ་ཧུར་ཐག་དང་བརྟན་པོའི་ངང་སེལ་བ་དང་མི་མངོན་པའི་བུ་ལོན་གསར་འཕར་ལ་གཏན་འགོག་བྱེད་དགོས་ཞེས་ཁ་གསལ་བཏོན་ཡོད།

གཞུང་ཁོངས་ཁེ་ལས་ཀྱིས་བུ་ལོན་གཡར་བ་དང་མ་དངུལ་བསྡུ་སྒྲིལ་བྱས་པ་བརྒྱུད་མངོན་མེད་བུ་ལོན་གསར་འཕར་དང་གཞུང་ཁོངས་ཁེ་ལས་ནས་དངུལ་བུན་གཡར་བ་སོགས་ཡུན་རིང་མ་སོང་གོང་ནོར་སྲིད་པུས་འགན་འཁྲི་རྩད་གཅོད་བྱས་ཟིན་པའི་མངོན་མེད་བུ་ལོན་གྱི་དཔེ་མཚོན་གྱོད་དཔེ་6ཡོངས་བསྒྲགས་སུ་ཐེར་འདོན་བྱས་པ་དེའི་དམིགས་ཡུལ་ནི་ཉེན་ཟོན་སློབ་གསོའི་ནུས་པ་སྔར་བས་འདོན་སྤེལ་བྱས་ནས་མངོན་མེད་བུ་ལོན་གསར་དུ་མི་ཐོན་པར་བྱ་རྒྱུ་དེ་རེད།

ཀྲུང་གོ་ནོར་སྲིད་ཚན་རིག་ཞིབ་འཇུག་ཁང་གི་ཡོན་ཀྲང་དབྱང་ཀྲི་ཡུང་གིས་ས་གནས་ཀྱི་བུ་ལོན་གྱི་ཉེན་ཁ་སེལ་བར་ཏང་ཀྲུང་དབྱང་གི་བཀོད་སྒྲིག་ལག་བསྟར་བྱས་ཏེ་མངོན་མེད་བུ་ལོན་གསར་འཕར་བཀག་འགོག་མཐའ་གཅིག་ཏུ་བྱས་ནས་བུ་ལོན་གསོག་ཚད་བརྟན་པོའི་ངང་སེལ་དགོས་ཞེས་བཤད།

ད་ཐེངས་ཀྱི་ཚོགས་འདུའི་ཐོག་ནུས་ཤུཊ་ལྡན་པ་དང་། གོ་རིམ་ལྡན་པ། ཕན་ནུས་ལྡན་པ་བཅས་ཀྱི་སྒོ་ནས་ས་གནས་ཀྱི་མ་དངུལ་བསྡུ་སྒྲིལ་ལས་སྟེགས་དྭངས་གཙང་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ཁ་གསལ་བཏོན་ཡོད།

དབྱང་ཀྲི་ཡུང་གིས་མ་དངུལ་བསྡུ་སྒྲིལ་ལས་སྟེགས་ཀྱི་ཉེན་ཁ་གཙང་སེལ་ལ་སྐུལ་འདེད་བཏང་ནས་མངོན་མེད་བུ་ལོན་ཐོན་མང་བའི་འབྱུང་རྐྱེན་གཙང་སེལ་ནུས་ལྡན་བྱས་ཏེ་ས་གནས་ཀྱི་ནོར་སྲིད་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱབ་སྐྱོར་ནུས་ལྡན་བྱ་རྒྱུ་རེད་ཅེས་བཤད།

མ་རྩའི་ཁྲོམ་ར་བརྟན་ཐོག་ཡར་འཕེལ་གྱི་འཕེལ་ཕྱོགས་བརྟན་དུ་གཏོང་དགོས།

མ་རྩའི་ཁྲོམ་རར་དམིགས་ནས་ད་ཐེངས་ཀྱི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་ཐོག་བསྟན་དོན། རྒྱལ་ནང་གི་མ་རྩའི་ཁྲོམ་རའི་ཡིད་དབང་འགུག་ཤུགས་དང་བསྟུན་མཁས་རང་བཞིན་ཆེ་རུ་གཏོང་དགོས་ཞེས་པར་དོ་ཁུར་ཆེན་པོ་ཐོབ་ཡོད།

ཀྲུང་ཧྲན་སློབ་ཆེན་ལིན་ནན་སློབ་གླིང་གི་དགེ་རྒན་ཆེན་མོ་བ་ཧན་ཆན་གྱིས་འབྱུང་འགྱུར་དུས་མཚམས་ཤིག་རིང་མ་རྩའི་ཁྲོམ་རའི་ཕྱི་ནང་གི་ཁོར་ཡུག་སྔར་བཞིན་རྙོག་འཛིང་ཆེ་བ་དང་དཀའ་ངལ་དང་འགྲན་སློང་མི་ཉུང་བ་ཞིག་འཕྲད་རྒྱུ་རེད། ཚོགས་འདུའི་འབྲེལ་ཡོད་བཀོད་སྒྲིག་ལས་མ་རྩའི་ཁྲོམ་ར་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ནུས་ལྡན་བཏང་སྟེ། མ་རྩའི་ཁྲོམ་རའི་ཡིད་དབང་འགུག་ཤུགས་དང་འགྲན་རྩོད་ཀྱི་ནུས་པ་རྒྱུན་མཐུད་ངང་ཆེ་རུ་འགྲོ་རྒྱུ་རེད་ཅེས་བཤད།

ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་མ་འཇོག་དང་མ་དངུལ་བསྡུ་རུབ་ཕན་ཚུན་མཐུན་སྦྱོར་བྱེད་པའི་མ་རྩའི་ཚོང་རའི་ནུས་པ་འཐུས་སྒོ་ཚང་དུ་གཏོང་དགོས་ཞེས་གསུངས་པ་དང་། 2024ལོའི་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་མ་རྩའི་ཁྲོམ་རའི་མ་དངུལ་བསྡུ་སྒྲིལ་གྱི་ཕྱོགས་བསྡུས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་དགོས་ཞེས་ནན་གསུངས་གནང་བ་དང་། ད་ཐེངས་ཀྱི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་ཐོག་རྒྱལ་ནང་གི་མ་རྩའི་ཁྲོམ་རའི་ཡིད་དབང་འགུག་ཤུགས་དང་བསྟུན་མཁས་རང་བཞིན་ཆེ་རུ་གཏོང་དགོས་།བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་གཅིག་རྒྱུན་གཅིག་འཛིན་བྱས་ཏེ་མ་རྩའི་ཁྲོམ་རའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གཞི་འཛིན་ས་ནུས་ལྡན་མཁོ་འདོན་བྱས་ཡོད་པ་རེད།

ཁྲོམ་ར་བརྟན་པོ་དང་གསོན་ཤུགས་ལྡན་པ་ནི་མ་རྩའི་ཁྲོམ་རའི་ཡིད་དབང་འགུགས་ཤུགས་ལྡན་པའི་སྔོན་འགྲོའི་ཆ་རྐྱེན་གལ་ཆེན་ཞིག་རེད། ད་ཐེངས་ཀྱི་ཚོགས་འདུའི་ཐོག་ནན་གསུངས་གནང་དོན། མ་རྩའི་ཁྲོམ་ར་བརྟན་པོའི་ངང་ལེགས་སུ་འགྲོ་བའི་རྣམ་པ་སྲ་བརྟན་དུ་གཏོང་དགོས་པ་རེད།

འདི་ལོའི་ཚུན་དུ་ཕྱོགས་ཁག་གིས་ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད་མ་རྩའི་ཁྲོམ་རས་སྔོན་དཔག་ལས་བརྒལ་བའི་ཕྱི་ཕྱོགས་ཀྱི་རྡབ་རྡེག་ཐེག་ཐུབ་པ་དང་། ཁྲོམ་རའི་མཉེན་ཤུགས་ཆེ་རུ་ཕྱིན་པ། སྔོན་དཔག་ལེགས་གཏོང་དང་བརྟན་ཐོག་ཡར་འཕེལ་གྱི་རྣམ་པ་རྒྱུན་ཆད་མེད་པར་བརྟན་དུ་ཕྱིན་ཡོད།

འབྱུང་འགྱུར་ལ་རྒྱང་ལྟ་བྱེད་སྐབས་རྙོག་འཛིང་ཆེ་བའི་རྒྱལ་ཁབ་ཕྱི་ནང་གི་དུས་བབ་འོག་མ་རྩའི་ཁྲོམ་རར་སྔར་བཞིན་འགྲན་སློང་མི་ཉུང་བ་ཞིག་འཕྲད་ཡོད་མོད། འོན་ཀྱང་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གཏན་འཁེལ་རང་བཞིན་དང་། སྤྱི་ཁོག་སྲིད་ཇུས་ཀྱི་སྔོན་དཔག་གཏན་འཁེལ་རང་བཞིན། ཀྲུང་གོའི་མ་རྩའི་ཚོད་རྩིས་རིན་ཐང་སླར་གསོའི་གཏན་འཁེལ་རང་བཞིན་སོགས་ཀྱིས་ཁྲོམ་ར་བརྟན་པོ་དང་སྐྱོན་བྲལ་ངང་འཁོར་སྐྱོད་ཐུབ་རྒྱུར་རྨང་གཞི་དང་ཆ་རྐྱེན་མཁོ་འདོན་བྱས་ཡོད།

ཧན་ཆན་གྱིས་རྒྱལ་ཁབ་ཀྱི་དོན་ཚན་གསར་པ་དགུ་སོགས་སྒྱུར་བཅོས་སྲིད་ཇུས་རྒྱུན་མཐུད་ངང་དོན་འཁྱོལ་དང་ཕན་འབྲས་ཐོན་པ་དང་བསྟུན་ནས་ཁྲོམ་རའི་ནང་གནས་ཀྱི་བརྟན་པོའི་རང་བཞིན་ཆེ་རུ་གཏོང་རྒྱུར་དེ་བས་སྣང་ཆེན་བྱེད་པ་དང་། ཁྲོམ་ཞུགས་ཀུང་སིའི་ཡིད་དབང་འགུག་ཤུགས་ཆེ་རུ་གཏོང་རྒྱུར་དེ་བས་སྣང་ཆེན་བྱེད་པ། མ་འཇོག་མཁན་གྱི་ཁྲོམ་རའི་སྐྱེ་ཁམས་མགྱོགས་མྱུར་ཆགས་རྒྱུར་དེ་བས་སྣང་ཆེན་བྱེད་པ། མ་རྩའི་ཁྲོམ་ར་བརྟན་པོ་ཡོང་བའི་རྨང་གཞི་སྔར་བས་སྲ་བརྟན་དུ་འགྱུར་རྒྱུ་ཡིན་པ་རེད་ཅེས་བཤད།

(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་5ཉིན་འབྱོར་བའི་གློག་འཕྲིན) (བུ་ཆུང་དང་ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-08-09 6 6 拉萨日报藏文 c206513.html 1 གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁར་མུ་མཐུད་དེ་དོགས་ཟོན་དང་སེལ་དགོས། /enpproperty-->