分享按钮

ལྷ་ས་གྲོང་ཁྱེར་གྱི་ནང་ཁུལ་ཆུ་བོའི་ངོགས་གཉིས་ཀྱི་རྐང་ཐང་ལམ་ལེགས་གཏོང་སྒྱུར་བཀོད་རྣམ་གྲངས་ལས་མཇུག་འགྲིལ་བ།

(པར་ངོས་དང་པོར་མཐུད)སྔོ་ལྗང་ཁུལ་དུ་ངལ་གསོ་ཕྲན་བུ་བརྒྱབ་ནས་གྲོང་ཁྱེར་འཕེལ་རྒྱས་ལས་བྱུང་བའི་ལྗང་མདོག་བར་མཐོངས་ལོངས་སུ་སྤྱོད་བཞིན་ཡོད།

གྲོང་མི་བདེ་དཔལ་གྱིས་དེ་རིང་ང་སྤོ་བོ་ལགས་དང་མཉམ་དུ་འཆམ་འཆམ་དུ་ཡོང་བ་ཡིན། འདི་གར་ཧ་ཅང་སྐྱིད་པོ་འདུག ད་དུང་རྩྭ་དང་མེ་ཏོག་མང་པོ་ཡོད་པས་ཧ་ཅང་སྐྱིད་པོ་འདུག མི་བགྲོད་རྐང་ལམ་སྟེང་གོམས་པ་སྤོས་ན་རང་ཉིད་ལུས་རྩལ་ར་བ་ནས་རྒྱུགས་པ་དང་འདྲ་བས་ང་འདི་གར་ཧ་ཅང་དགའ་པོ་ཡོད་ཅེས་བཤད།

རྣམ་གྲངས་ལམ་རྒྱུད་དུ་མི་འགྲོ་སའི་ཟམ་པ་6གསར་སྐྲུན་བྱས་ནས་གཉེན་བསུའི་ཟམ་པའི་བྱང་ངོས་ཟམ་སྣེ་དང་། གཙང་འགྲམ་སྤྱི་གླིང་གི་དུས་ཐེངས་གཉིས་པའི་བྱང་ངོས་གཞུང་ལམ་ཟམ་པའི་ལྷོ་ངོས་ཟམ་སྣེ། སེམས་སྦྲེལ་ཟམ་པའི་བྱང་ངོས་ཟམ་སྣེ་སོགས་མི་འགྲོ་སའི་རྐང་ཐང་ལམ་གྱི་འགག་ས་ཤར་གཏོང་བྱས་པ་རེད། དེ་དང་ཆབས་ཅིག་གཙང་འགྲམ་སྤྱི་གླིང་ལྷ་ས་མཛེས་ལྗོངས་རྣམ་གྲངས་ས་ཚིགས་ཀྱི་ཉེ་འགྲམ་དུ་མཛེས་ལྗོངས་ལ་ལྟ་བའི་ཟམ་པ་ཞིག་བསྐྲུན་ནས་གྲོང་མི་ཚོར་མཚན་མོ་མཛེས་ལྗོངས་ལ་ལྟ་བའི་སྟེགས་བུ་ཡག་པོ་ཞིག་མཁོ་འདོན་བྱས་ཡོད། དྲན་གསོའི་རྡོ་རིང་གི་འཛུལ་སྒོ་དང་ནུབ་ཀྱི་ཧོ་ཁོའུ་ཐང་ཆེན་སོགས་སུ་སྔོ་འགྱུར་སྒྱུར་བཀོད་བྱས་ནས་སྨི་ངོས་གྲུ་3000ལྷག་ཙམ་ཟིན་པ་དང་སྐྱེ་ཁམས་སྤྲོ་གསེང་གི་བར་ཁྱམས་བཏོད་དེ་གྲོང་མི་ཚོར་རི་མོའི་ཁྲོད་བསྐྱོད་པའི་ཡུལ་ལྗོངས་ཉམས་སུ་མྱོང་རྒྱུ་ཡོད་པ་དང་ཡུལ་ལྗོངས་ལྟ་ན་སྡུག་པ་དང་གྲོང་ཁྱེར་གྱི་སྤྲོ་གསེང་བར་མཐོངས་ལོངས་སུ་སྤྱོད་རྒྱུ་ཡོད་པར་བྱས་ནས་ལྷ་སར་གནས་སྡོད་དང་འཚམ་པོ་ཡོང་བར་བྱ་རྒྱུ་རེད།

འདི་གར་ཧ་ཅང་སྐྱིད་པོ་འདུག ལྷག་པར་དུ་ཡུལ་ལྗོངས་ཧ་ཅང་མཛེས་ཤིང་།ཞོགས་པ་འདི་ནས་འཆམ་འཆམ་དང་པར་ལེན་བྱས་ན་ཧ་ཅང་སྐྱིད་པོ་ཡོད་པའི་ཚོར་སྣང་ཞིག་ཡོང་གི་འདུག་ཅེས་སི་ཁྲོན་གྱི་ཡུལ་སྐོར་བ་མཁྱེན་ལྡན་མ་ཝང་ལཊ་ཀྱིས་བཤད། (ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-08-09 6 6 拉萨日报藏文 c206511.html 1 ལྷ་ས་གྲོང་ཁྱེར་གྱི་ནང་ཁུལ་ཆུ་བོའི་ངོགས་གཉིས་ཀྱི་རྐང་ཐང་ལམ་ལེགས་གཏོང་སྒྱུར་བཀོད་རྣམ་གྲངས་ལས་མཇུག་འགྲིལ་བ། /enpproperty-->