分享按钮

ཁྲེང་ཀོན་ཆུས་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་བཟའ་བཅའི་བདེ་འཇགས་དང་དམིགས་བསལ་སྒྲིག་ཆས་ཀྱི་བདེ་འཇགས་ལ་ལེབ་བཤེར་བྱས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། ཁྲེང་ཀོན་ཆུས་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་སྔ་སྣུར་དུ་བཀོད་སྒྲིག་དང་རང་འགུལ་ངང་བྱ་སྤྱོད་སྤེལ་ནས་པེ་ཅིང་དཀྱིལ་ལམ་དང་། གཡུ་ཐོག་ལམ། གླིང་སྐོར་ལམ་སོགས་ཁོངས་གཏོགས་ཀྱི་གཙོ་གནད་ས་ཁོངས་སུ་བཟའ་བཅའི་བདེ་འཇགས་དང་དམིགས་བསལ་སྒྲིག་ཆས་ཀྱི་བདེ་འཇགས་ལ་ཁྱོན་ཡོངས་ནས་ལེབ་བཤེར་བྱས་ཤིང་། ལྟ་སྡོམ་ནན་པོར་བརྟེན་ནས་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་པོ་བསྐྲུན་ཏེ། མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་སྲུང་སྐྱོང་བྱས་པ་རེད།

ད་ཐེངས་ཀྱི་གྲལ་བཤེར་ནང་བཟའ་བཅའི་བདེ་འཇགས་ཀྱི་འགན་འཁྲི་གཉིས་དོན་འཁྱོལ་བྱ་རྒྱུར་དམིགས་ནས་ཚོང་དུད་ཀྱི་ཚོང་ཟོག་ཉོ་སྒྲུབ་ལ་ཞིབ་བཤེར་ལམ་ལུགས་ལག་བསྟར་དང་། ལས་གཉེར་པའི་བདེ་ཐང་དཔང་ཡིག་ཡོད་པ། བཟའ་བཅའ་གསོག་ཉར་གྱི་ཆ་རྐྱེན་ཚད་གཞི་ལོན་པ། བཟའ་བཅའི་མ་དཔེ་འཇོག་པ་སོགས་ཀྱི་གནས་ཚུལ་ལ་གཙོ་གནད་ཐོག་ཞིབ་བཤེར་བྱས་ཏེ་བཟའ་བཅའི་རྒྱུ་ཆའི་ཡོང་ཁུངས་འདེད་ཆོག་པ་དང་འཁོར་རྒྱུག་འདེད་ཆོག་པའི་འགན་ལེན་བྱས་ཡོད། གསོལ་མགྲོན་ཁང་སོགས་བཟའ་བཏུང་འདུ་གནས་ཀྱི་བཟའ་བཅའ་ཉར་ཚགས་དང་ལས་སྣོན་ཚད་ལྡན་ལ་ཞིབ་བཤེར་གཏིང་ཟབ་བྱས་ཏེ་མ་བཅོས་རྒྱུ་ཆ་ཉར་ཚགས་ཚད་ལྡན་མེད་པ་སོགས་ཀྱི་གནད་དོན་ཡུལ་དངོས་སུ་བཅོས་སྒྲིག་བྱ་རྒྱུར་ལྟ་སྐུལ་བྱས་ནས་བཟའ་བཅའི་བདེ་འཇགས་ཀྱི་ཉེན་ཁར་ནན་འགོག་བྱས་པ་རེད།

དེ་དང་ཆབས་ཅིག་ཁྲིམས་འཛིན་པས་ཁྲོམ་རའི་གློག་སྐས་དང་། སྨན་སྤྱོད་གསོ་རླུང་མཁོ་འདོན་སྒྲིག་ཆས། རོལ་རྩེད་སྒྲིག་བཀོད་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ནས་སྒྲིག་ཆས་བེད་སྤྱོད་ཐོ་འགོད་དང་། དུས་བཀག་ཞིབ་བཤེར་སྙན་ཞུ། ལས་སྒྲུབ་པའི་འོས་ཐོབ་དང་དེ་བཞིན་འཕྲལ་སྡོམ་སྔོན་ཇུས་སོགས་ཀྱི་དཔྱད་གཞིའི་ཡིག་ཆར་ཕྱོགས་ཡོངས་ནས་ཞིབ་བཤེར་བྱས་ཏེ།དོ་དམ་ལུགས་མཐུན་དང་འགན་འཁྲི་མི་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱས་པ་རེད། དེ་དང་ཆབས་ཅིག་སྒྲིག་ཆས་འཁོར་སྐྱོད་ཀྱི་ལྟེ་བའི་ས་ཁོངས་སུ་བསྐྱོད་དེ་སྒྲིག་ཆས་ཀྱི་གནས་ཚུལ་དང་བདེ་འཇགས་ཡན་ལག་སྒྲིག་ཆས་ཀྱི་ནུས་ལྡན་རང་བཞིན།བདག་སྐྱོང་ཟིན་ཐོ་དང་བཀོལ་སྤྱོད་པའི་ཚད་གཞི་བཅས་ལ་ཞིབ་བཤེར་ཞིབ་ཚགས་བྱས་པ་དང་འབྲེལ་འཕྲལ་སྡོམ་སྔོན་ཇུས་ཀྱི་དམིགས་སའི་རང་བཞིན་དང་ནང་སྦྱོང་གི་དངོས་ཡོད་རང་བཞིན་ལ་གཙོ་གནད་ཐོག་དཔྱད་དཔོག་བྱས་པ། ཐོལ་བྱུང་དོན་རྐྱེན་གྱི་འཕྲལ་སྡོམ་ཐག་གཅོད་ནུས་པར་ཞིབ་བཤེར་བཅས་བྱས་པ་རེད། ཤེས་རྟོགས་བྱུང་བའི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཐད་ཁྲིམས་འཛིན་པས་ཁྲིམས་ལྟར་ལྟ་ཞིབ་བཀའ་རྒྱའི་ཡི་གེ་སྤྲད་ནས་དག་ཐེར་གྱི་བླང་བྱ་དང་དུས་བཀག་ཁ་གསལ་བཟོས་པ་དང་། རྩིས་ཁྲ་བཟོས་ནས་རྗེས་འདེད་སྒྲུབ་སྐུལ་བྱས་ནས་གདུབ་ཟུམ་གྱི་དོ་དམ་ལམ་སྲོལ་ཞིག་ཆགས་པར་བྱས་ཡོད།

སླད་ཕྱིན་ཁྲེང་ཀོན་ཆུས་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་མངོན་མེད་རྐྱེན་ངན་ལ་ཞིབ་བཤེར་དང་། ལྟ་སྐུལ་དོ་དམ་ལ་ཤུགས་སྣོན། བདེ་འཇགས་ལ་འགན་ལེན་བཅས་བྱ་རྒྱུ་རེད། (ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-08-09 6 6 拉萨日报藏文 c206508.html 1 ཁྲེང་ཀོན་ཆུས་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་བཟའ་བཅའི་བདེ་འཇགས་དང་དམིགས་བསལ་སྒྲིག་ཆས་ཀྱི་བདེ་འཇགས་ལ་ལེབ་བཤེར་བྱས་པ། /enpproperty-->