ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཟླ་8ཚེས་4ཉིན།པེ་ཅིང་དང་ཅང་སུའུ་ཡི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་དགེ་རྒན་79ལེ་དབར་སྟོང་གི་ས་ཆ་བརྒྱུད་དེ་ཚང་མ་ལྷ་སར་འབྱོར་བ་རེད།དུས་ཡུན་ཉིན་གསུམ་གྱི་ལས་གནས་གོང་གི་གསོ་སྦྱོང་བྱས་རྗེས།ཁོང་ཚོ་ཟླ་8ཚེས་9ཉིན་ལྷ་སའི་སློབ་གྲྭ་མང་པོར་བསྐྱོད་དེ་དུས་ཡུན་ལོ་གསུམ་གྱི་སློབ་གསོའི་བོད་སྐྱོར་གྱི་རྒྱང་སྐྱོད་ལམ་བུ་གསར་པ་གཏོད་རྒྱུ་རེད།
བོད་སྐྱོར་ལས་དོན་དེ་ས་མཐོའི་སློབ་གསོའི་དགོས་མཁོ་དང་གནད་སྨིན་སྦྲེལ་མཐུད་ཐུབ་ཆེད།ཟླ་8ཚེས་6ཉིན།ལྷ་ས་གྲོང་ཁྱེར་སློབ་གསོ་ཅུས་ཀྱིས་ཆེད་དོན་གསོ་སྦྱོང་སྒྲིག་འཛུགས་བྱས་པ་རེད།གྲོང་ཨུད་ཏང་གི་སློབ་གྲྭ་དང་།བོད་རང་སྐྱོང་ལྗོངས་སློབ་གསོ་ཐིང་།གྲོང་ཁྱེར་མི་དམངས་སྨན་ཁང་བཅས་ཀྱི་རིགས་གཅིག་མཁས་ཅན་གྱིས《བོད་ས་གནས་དང་མེས་རྒྱལ་དབར་གྱི་འབྲེལ་བའི་ལོ་རྒྱུས》དང་།དུས་རབས་གསར་པའི་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་ཀྱི་ནང་དོན།བོད་ཀྱི་རྨང་གཞིའི་སློབ་གསོ་འཕེལ་རྒྱས་ཀྱི་ད་ལྟའི་གནས་ཚུལ་དང་ས་མཐོའི་བདེ་ཐང་འགོག་སྲུང་སོགས་གཙོ་དོན་གལ་ཆེན་ལ་དམིགས་ནས་སློབ་ཁྲིད་བྱས་ཏེ།བོད་སྐྱོར་དགེ་རྒན་ཚོས་ས་མཐོར་གཞི་ཚུགས་པ་དང་སློབ་ཁྲིད་ནུས་ལྡན་བྱ་ཆེད་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན།ཚོགས་སྒྲིག་རྣམ་པའི་བོད་སྐྱོར་དགེ་རྒན་དཔུང་ཁག་དེ་ནི་སློབ་གསོའི་རྩེར་སོན་དགེ་རྒན་ཞིག་རེད།ཁོང་ཚོ་མང་ཆེ་བར་མཐོ་རིམ་གཞོན་པ་ཡན་གྱི་གོ་མིང་ཡོད་པ་དང་།ཞིབ་འཇུག་སློབ་མའི་སློབ་རྒྱུས་ལྡན་པ།འཐབ་ས་མདུན་མའི་སློབ་ཁྲིད་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པ་བཅས་ཡོད།དེའི་ནང་མི་42ཅང་སུའུ་ཞིང་ཆེན་ནས་ཡིན་པ་དང་།མི་37པེ་ཅིང་གྲོང་ཁྱེར་ནས་ཡིན་པ་རེད།ཁོང་ཚོ་ལྷ་ས་ཅང་སུའུ་ཚོད་ལྟའི་སློབ་འབྲིང་དང་།ལྷ་ས་པེ་ཅིང་ཚོད་ལྟའི་སློབ་འབྲིང་།ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་།གྲོང་ཁྱེར་སློབ་འབྲིང་དང་པོ།ཅང་སུའུ་ཚོད་ལྟའི་བུ་བཅོལ་ཁང་སོགས་འགག་རྩའི་སློབ་གསོའི་ལས་གནས་སུ་བཀོད་སྒྲིག་བྱ་རྒྱུ་རེད།
པེ་ཅིང་གི་བོད་སྐྱོར་དགེ་རྒན་གྱི་འཐུས་མི་ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་གི་སློབ་སྤྱི་ལུའི་ཡན་ཧུང་གིས་འབྱུང་འགྱུར་གྱི་ལོ་གསུམ་ནང་།ངས་པེ་ཅིང་གི་སློབ་གསོའི་ཐོན་ཁུངས་ཀྱི་ལེགས་ཆ་བསྡུ་སྒྲིལ་བྱས་ཏེ་ཚོགས་པའི་སྟོབས་ཤུགས་ལ་བརྟེན་ནས་ལྷ་སའི་སློབ་གསོ་ཞིབ་འཇུག་གི་ཆུ་ཚད་མཐོ་རུ་གཏོང་རྒྱུར་སྐུལ་འདེད་བཏང་ནས་ལྷ་སའི་སློབ་གསོར་སེམས་ནུས་འདོན་རྒྱུ་ཡིན་ཞེས་བཤད།
ཅང་སུའུ་ཡི་བོད་སྐྱོར་དགེ་རྒན་ལྷ་ས་གྲོང་ཁྱེར་སློབ་འབྲིང་དང་པོའི་སློབ་སྤྱི་ཀྲའེ་ཅན་གོས་ང་ཚོས་འཕོ་འགྱུར་ཆེན་པོ་གསུམ་ལ་སྐུལ་འདེད་གཏོང་རྒྱུ་སྟེ།དོ་དམ་སྒྲིག་གཞི་བཀོད་སྒྲིག་ལེགས་སུ་བཏང་ནས་སློབ་ཚན་སློབ་ཁྲིད་ཁྲུའུ་དང་སློབ་མའི་ལས་དོན་ཁྲུའུ་འཛུགས་རྒྱུ།རྒྱལ་ཁབ་དང་།ས་གནས།སློབ་གྲྭ་བཅས་ཀྱི་སློབ་ཚན་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ།དགེ་རྒན་གྱི་གདེང་འཇོག་ལམ་སྲོལ་གསར་བཅོས་བྱས་ཏེ་སློབ་ཁྲིད་ཀྱི་མི་མངོན་པའི་ནུས་པ་ཕྱོགས་ཡོངས་ནས་སྐུལ་སློང་བྱ་རྒྱུ་བཅས་ཡིན་ཞེས་བཤད།
རྒྱལ་ཡོངས་ཀྱི་སློབ་གསོའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་བྱེད་སྟངས་ཀྱི་གསར་འབྱེད་པ་ཞིག་ཡིན་པའི་ངོས་ནས་པེ་ཅིང་གྲོང་ཁྱེར་དང་ཅང་སུའུ་ཞིང་ཆེན་གྱིས་ད་བར་རིམ་རྩིས་བྱས་ན་དགེ་རྒན་བརྒྱ་ལྷག་ཙམ་བོད་དུ་སློབ་ཁྲིད་བྱེད་པར་མངགས་ཡོད།ནུས་ཤུགས་ཡོད་རྒུས་བཏོད་པའི་ལྷ་ས་ཅང་སུའུ་ཚོད་ལྟའི་སློབ་འབྲིང་དང་།ལྷ་ས་པེ་ཅིང་ཚོད་ལྟའི་སློབ་འབྲིང་།ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་།གྲོང་ཁྱེར་སློབ་འབྲིང་དང་པོ།ཅང་སུའུ་ཚོད་ལྟའི་བུ་བཅོལ་ཁང་སོགས་ལྷ་སའི་མི་དམངས་ཀྱི་སེམས་ནང་གི་སྤུས་ཚད་མཐོ་བའི་སློབ་གསོའི་བཀྲག་མདངས་འཚེར་བའི་མིང་བྱང་དུ་གྱུར་ཡོད།འབྱུང་འགྱུར་པེ་ཅིང་གྲོང་ཁྱེར་དང་ཅང་སུའུ་ཞིང་ཆེན་གྱིས་ཐོན་ཁུངས་ཀྱི་རོགས་སྐྱོར་བྱེད་ཤུགས་མུ་མཐུད་ནས་ཆེ་རུ་གཏོང་བ་དང་།སློབ་གཉེར་ཆ་རྐྱེན་ལེགས་སུ་གཏོང་བ།ལྷ་སའི་སློབ་གསོ་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ།མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་ཏན་ཏིག་གཉེར་བ་བཅས་བྱ་རྒྱུ་རེད།
ཆུ་ཚད་མཐོ་བའི་དགེ་རྒན་དེ་དག་ཞུགས་པ་དེས་ལྷ་སའི་སློབ་གསོའི་ཆུ་ཚད་མཐོ་རུ་གཏོང་རྒྱུར་སྒུལ་ཤུགས་ཆེན་པོ་བསྣན་པར་མ་ཟད།ཅིང་ལྷ་དང་སུའུ་ལྷའི་སློབ་གསོའི་སྤེལ་རེས་དེ་བས་ཟབ་ཏུ་བཏང་ནས་གངས་ལྗོངས་ས་མཐོར་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ས་བོན་བཏབ་སྟེ་སློབ་གསོའི་སྟོབས་ཤུགས་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་རྨང་གཞི་བརྟན་དུ་གཏོང་རྒྱུ་རེད། (བུ་ཆུང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社