分享按钮

རང་ལྗོངས་ཀྱི་2025ལོའི་གསར་བརྗེའི་ཡུལ་སྐོར་ ཉམས་ལེན་བྱེད་སྒོ་མཇུག་འགྲིལ་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉིན་ཤས་གོང་། བོད་རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིང་གིས་གཙོ་གཉེར་བྱས་པའི་2025ལོའི་བོད་ཀྱི་གསར་བརྗེའི་ཡུལ་སྐོར་ཉམས་ལེན་བྱེད་སྒོ་མཇུག་འགྲིལ་བ་རེད།

གསར་བརྗེའི་ཡུལ་སྐོར་ཉམས་ལེན་བྱེད་སྒོས་གསར་བརྗེ་དང་སྐྱེ་ཁམས་གཙོ་དོན་དུ་བྱས་ནས་རིགས་གཅིག་མཁས་ཅན་དང་མཁས་དབང་དང་། རིག་གནས་ཡུལ་སྐོར་ལས་དོན་པ། སྨྱན་སྦྱོར་གྱི་འཐུས་མི་སོགས་མི་21སྒྲིག་འཛུགས་བྱས་ཏེ་G349བརྒྱུད་དེ་དུས་ཡུན་ཉིན་7གྱི་ཉམས་ལེན་གཏིང་ཟབ་བྱས་པ་དང་།ཡུལ་དངོས་སུ་གསར་བརྗེའི་གནའ་ཤུལ་འཚོལ་ཞིབ་དང་། སྐྱེ་ཁམས་མཛེས་ལྗོངས་ལ་ལྟ་སྐོར། མཉམ་སྤྱོད་ཚོགས་འདུ་འཚོགས་པ་སོགས་ཀྱི་རྣམ་པ་བརྒྱུད་དེ་བོད་ཀྱི་གསར་བརྗེའི་ཡུལ་སྐོར་ཐོན་ཁུངས་ཀྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་ཕྱོགས་ཡོངས་ནས་མངོན་པར་བྱས་ཡོད། ཉམས་ལེན་ཚོགས་པ་ལྷ་ས་ནས་ཐོན་ཏེ་དམག་སྡེ་བཅོ་བརྒྱད་པའི་བོད་སྐྱོད་ལམ་ཐིག་བརྒྱུད་དེ་མལ་གྲོ་གུང་དཀར་རྫོང་གི་དམག་སྡེ་བཅོ་བརྒྱད་པའི་དམག་སྐྱོད་གནས་རྙིང་དང་།ལྷ་རིའི་གནའ་ལམ་གྱི་ལོ་རྒྱུས་རིག་གནས་རྟེན་མཛོད་ཁང་སོགས་གསར་བརྗེའི་རིག་གནས་རྗེས་ཤུལ་6ལ་སྔ་རྗེས་སུ་བཅར་འདྲི་བྱས་པ་རེད། ཞ་ཀུང་ལའི་རྟ་དྲེལ་སྐྱེལ་འདྲེན་རུ་ཁག་གི་དྲན་གསོའི་རྡོ་རིང་མདུན་དུ་ཏང་ཡོན་རྒན་གྲས་ཀྱིས་བཤད་པའི་གསར་བརྗེའི་གཏམ་རྒྱུད་ཉན་པ་རེད། ཆབ་མདོ་གྲོང་ཁྱེར་གསར་བརྗེའི་ལོ་རྒྱུས་རྟེན་མཛོད་ཁང་དུ་རིག་དངོས་རྩ་ཆེན་བརྒྱུད་དེ་སྤྱིར་བཏང་མིན་པའི་ལོ་ཟླར་བསྐྱར་དྲན་བྱས་པ་རེད། ལམ་ཐིག་དེས་གསའ་ཕུ་གངས་རི་དང་། མདོག་གསུམ་མཚེའུ། སྒྲོལ་མ་བླ་མཚོ་སོགས་རང་བྱུང་མཛེས་ལྗོངས་སྦྲེལ་མཐུད་ཡག་པོ་ཐུབ་ནས་གསར་བརྗེའི་རིག་གནས་དང་སྐྱེ་ཁམས་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་ཐུབ་སྟེ་གསར་བརྗེའི་རིག་གནས་མྱོང་ཚོར་ཐུབ་པ་དང་ཆབས་ཅིག་ལམ་རྒྱུད་ཀྱི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ཉམས་སུ་མྱོང་ཐུབ་པར་བྱུང་ཡོད། (ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-08-09 6 6 拉萨日报藏文 c206507.html 1 རང་ལྗོངས་ཀྱི་2025ལོའི་གསར་བརྗེའི་ཡུལ་སྐོར་ ཉམས་ལེན་བྱེད་སྒོ་མཇུག་འགྲིལ་བ། /enpproperty-->