(པར་ངོས་དང་པོར་མཐུད)མང་ཚོགས་ཀྱིས་རེ་སྒུག་བྱེད་པའི་དམངས་འཚོའི་འདུ་འགོད་བཅས་རེད། ཚུགས་གནས་མཐོ་རུ་བཏང་ནས་འཐབ་ཇུས་ཀྱི་དོན་སྙིང་ཁོང་དུ་གཏིང་ཟབ་ཆུད་པར་བྱས་ཏེ།མང་ཚོགས་ཉེ་འགྲམ་གྱི་ཁོར་ཡུག་གནད་དོན་ལ་དམ་པོར་དམིགས་ཐོག་མིའི་འཚོ་སྡོད་ཁོར་ཡུག་གི་སྤུས་ཚད་མཐོ་རུ་གཏོང་དགོས། འགག་རྩའི་ལས་འགན་ལ་དམིགས་ནས་ལྟ་ཞིབ་བཅོས་སྒྲིག་ལ་དམ་འཛིན་ནན་པོ་བྱས་ནས་གཙང་སེལ་དང་། སྲུང་སྐྱོང་ལ་ཤུགས་སྣོན། སྲུང་ཡོལ་བརྟན་དུ་གཏོང་བ་བཅས་བྱས་ནས་འབྱུང་ཁམས་དང་དཔལ་འབྱོར་གཉིས་ཀར་ཕན་པ་ཐོབ་པར་བྱེད་དགོས། ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ནུས་པ་ཆེ་རུ་གཏོང་བ་དང་། གཙོ་གནད་ལས་དོན་དང་རྟེན་འབྲེལ་ཆེན་མོའི་ལས་འགན་དོན་འཁྱོལ་ལ་དམ་པོར་དམིགས་པ། གནད་དོན་གྱི་གསལ་ཐོ་དུས་བཀག་བཞིན་སུབ་པ་དང་ལས་འགན་ཁག་བདེ་བླག་ངང་ལེགས་སྒྲུབ་ཐུབ་པའི་འགན་ལེན་བཅས་བྱས་ཏེ།བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ་ཆེད་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས་པའི་ནན་གསུངས་གནང་བ་རེད།(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社