ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པར་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་ཚད་གཞི་དེ་བས་མཐོ་བ་དང་བྱ་ཐབས་དེ་བས་ཏན་ཏིག་གི་སྒོ་ནས་གྲོང་ཁྱེར་ཡོངས་ཀྱི་སྐྱེ་ཁམས་ལ་བརྟེན་ནས་གྲོང་ཁྱེར་འཛུགས་སྐྱོང་ལས་དོན་ལ་སྐུལ་འདེད་ཏན་ཏིག་གཏོང་ཆེད། ཟླ་8ཚེས་7ཉིན་གྱི་ཕྱི་དྲོ།ལྷ་ས་གྲོང་ཁྱེར་གྱི་སྐྱེ་ཁམས་ལ་བརྟེན་ནས་གྲོང་ཁྱེར་འཛུགས་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་དང་གྲོང་ཁྱེར་མཐོ་སའི་ཆེད་དོན་ཚོགས་ཆུང་གི་བཀོད་གཏོང་ལྟ་སྐུལ་མཛུབ་ཁྲིད་ཚོགས་འདུ་ཐེངས་གསུམ་པ་འཚོགས་པ་རེད།
གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་།གྲོང་ཁྱེར་རྒྱལ་ཁབ་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་སའི་ཆེད་དོན་ཚོགས་ཆུང་གི་ཙུའུ་ཀྲང་།གྲོང་ཁྱེར་སྐྱེ་ཁམས་ལ་བརྟེན་ནས་གྲོང་ཁྱེར་འཛུགས་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ཀྲའོ་ཧུའེ་ཉན་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་དང་། གྲོང་སྤྱི་གཞོན་པ་དང་གྲོང་ཁྱེར་རྒྱལ་ཁབ་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་སའི་ཆེད་དོན་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་དང་གྲོང་ཁྱེར་གྱི་སྐྱེ་ཁམས་ལ་བརྟེན་ནས་གྲོང་ཁྱེར་འཛུགས་སྐྱོང་ལས་དོན་འགོ་ཁྲིད་ཚོཊ་ཆུང་གི་ཙུའུ་ཀྲང་གཞོན་པ་ཀྲའོ་ཧྲེ་ཏུང་གིས་ཚོཊ་འདུ་གཙོ་སྐྱོང་གནང་བ་རེད།
ཚོགས་འདུའི་ཐོག་ཉེ་དུས་ཀྱི་ཀྲུང་དབྱང་དང་། རང་སྐྱོང་ལྗོངས། ལྷ་ས་གྲོང་ཁྱེར་བཅས་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་ཡིག་ཐོག་ནས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཤིང་། སྐྱེ་ཁམས་ལ་བརྟེན་ནས་གྲོང་ཁྱེར་འཛུགས་སྐྱོང་དང་བཅོས་སྒྲིག་ལས་དོན་ལ་ལྟ་ཞིབ་བྱས་ཚུལ་ལ་གསན་པ། སྟག་རྩེ་ཆུས་ཀྱིས་རེས་སྐོར་གཉིས་པའི་རང་སྐྱོང་ལྗོངས་ཀྱི་ཆེད་དོན་ལྟ་ཞིབ་ཁག་གསུམ་པའི་དཔེ་མཚོན་གྱོད་གཞིའི་གནད་དོན་བཅོས་སྒྲིག་ཐད་གསལ་བཤད་བཅས་བྱས་པ་རེད།
ཀྲའོ་ཧུའེ་ཉན་གྱིས་བསྟན་དོན། སྐྱེ་ཁམས་ལ་བརྟེན་ནས་གྲོང་ཁྱེར་འཛུགས་སྐྱོང་ལས་དོན་ནི་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་དགོངས་པ་ལག་ལེན་དུ་བསྟར་བའི་ལྡོག་མེད་ཀྱི་བླང་བྱ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལྡོག་མེད་ཀྱི་ལམ་བུ་ཞིག་དང་།(པར་ངོས་གཉིས་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社