分享按钮

རང་གྲོང་དུ་གྲོང་མིའི་སྤྲོ་གསེང་བྱ་ཡུལ་གསར་པ་ཞིག་བཏོད་པ།

ལྷ་ས་གྲོང་ཁྱེར་གྱི་ནང་ཁུལ་ཆུ་བོའི་ངོགས་གཉིས་ཀྱི་རྐང་ཐང་ལམ་ལེགས་གཏོང་སྒྱུར་བཀོད་རྣམ་གྲངས་ལས་མཇུག་འགྲིལ་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་གྱི་གསར་འགོད་པ།ལི་ཚུང་ཧྥང་།

གྲོང་ཁྱེར་གྱི་སྤུས་ཚད་སྔར་བས་མཐོ་རུ་གཏོང་བ་དང་གྲོང་མིའི་སྤྲོ་གསེང་རོལ་རྩེད་ཀྱི་བར་མཐོངས་རྒྱ་ཆེར་གཏོང་ཆེད། འདི་ལོའི་ཟླ་4པའི་ཟླ་དཀྱིལ་དུ་ལྷ་ས་གྲོང་ཁྱེར་གྲོང་ཁྱེར་དོ་དམ་ཅུས་ཀྱིས་སྒྲིག་འཛུགས་ལག་བསྟར་བྱས་པའི་ལྷ་ས་གྲོང་ཁྱེར་ནང་ཁུལ་གྱི་ཆུ་བོའི་ངོགས་གཉིས་ཀྱི་རྐང་ཐང་ལམ་གྱི་སྤུས་ཚད་ལེགས་གཏོང་སྒྱུར་བཀོད་རྣམ་གྲངས་ལས་འགོ་ཚུགས་པ་རེད། མིག་སྔར་རྣམ་གྲངས་དེ་ཕྱོགས་ཡོངས་ནས་ལས་མཇུག་འགྲིལ་བ་དང་། ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་ཁོར་ཡུག་སྔར་བས་ལེགས་སུ་ཕྱིན་ནས་གྲོང་མིའི་བློ་ཡིད་ཚིམ་ཚད་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད།

ལྷ་ས་གྲོང་ཁྱེར་གྱི་ནང་ཁུལ་ཆུ་བོའི་ངོགས་གཉིས་ཀྱི་རྐང་ཐང་ལམ་གྱི་སྤུས་ཚད་ལེགས་གཏོང་སྒྱུར་བཀོད་རྣམ་གྲངས་དེ་ཤར་ཉི་འོད་གླིང་ཕྲན་ནས་ནུབ་ལྷ་སའི་གཙང་འགྲམ་སྤྱི་གླིང་གི་སྦྲེལ་ཟམ་བར་ཡིན་པ་རེད། རྣམ་གྲངས་སྒྱུར་བཀོད་བྱས་པའི་གཙང་རྒྱུད་རྐང་ཐང་ལམ་གྱི་སྤྱིའི་རིང་ཚད་ལ་སྨི་4225ཡོད་པའི་ནང་བྱང་ངོགས་ལ་སྨི་2097དང་ལྷོ་ངོགས་ལ་སྨི་2128ཡོད་པ་རེད། གྲོང་མིའི་སྤྲོ་གསེང་སྦྱོང་བརྡར་ལ་སྟབས་བདེ་ཡོང་ཆེད། མི་འགྲོ་སའི་ལམ་བུར་སྣུམ་སྙིགས་དམར་པོ་བཏིང་ནས་ཁོད་སྙོམས་ལ་མཉེན་པོ་ཡོད། མི་འགྲོ་སའི་ལམ་འགྲམ་དུ་ལྷ་ས་སྐྱིད་ཆུ་འཇམ་ཐིང་ངེར་རྒྱུག་པ་དང་གཙང་འགྲམ་སྤྱི་གླིང་ནང་ལྗོན་ཤིང་གིས་ཁེངས་ཡོད། གྲོང་མི་མི་ཉུང་བ་ཞིག་གིས་སོས་དལ་བག་ཕེབས་ངང་འཆམ་འཆམ་བྱེད་པའམ་ཡང་ན།(པར་ངོས་བཞི་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-08-09 ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་གྱི་གསར་འགོད་པ།ལི་ཚུང་ཧྥང་། རང་གྲོང་དུ་གྲོང་མིའི་སྤྲོ་གསེང་བྱ་ཡུལ་གསར་པ་ཞིག་བཏོད་པ། 6 6 拉萨日报藏文 c206500.html 1 ལྷ་ས་གྲོང་ཁྱེར་གྱི་ནང་ཁུལ་ཆུ་བོའི་ངོགས་གཉིས་ཀྱི་རྐང་ཐང་ལམ་ལེགས་གཏོང་སྒྱུར་བཀོད་རྣམ་གྲངས་ལས་མཇུག་འགྲིལ་བ། /enpproperty-->