སྨན་བཅོས་འཕྲོད་བསྟེན་བྱ་གཞག་ནི་མི་དམངས་ཀྱི་བདེ་ཐང་ལ་སྲུང་སྐྱོང་བྱེད་པའི་སྲ་ཞིང་བརྟན་པའི་སྲུང་ཡོལ་ལྟ་བུ་ཞིག་ཡིན་ལ་དམངས་འཚོའི་བདེ་སྐྱིད་ཀྱི་རྨང་རྡོ་གལ་ཆེན་ཞིག་དེ་བས་ཀྱང་ཡིན། ལོ་ངོ་དྲུག་ཅུའི་རྒྱང་ལམ་ཐོག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་འོག་ལྷ་ས་གྲོང་ཁྱེར་གྱིས་ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་བདེ་ཐང་དེ་སྔོན་ལ་འཕེལ་རྒྱས་གཏོང་བའི་གནས་བབ་ཐོག་བཞག་ནས་གཞི་ཁྱོན་རྒྱ་སྐྱེད་དང་། སྤུས་ཚད་མཐོར་གཏོང་། ཞབས་ཞུ་གཤམ་སྤེལ་བཅས་གཙོ་རྐང་དུ་བྱས་པས་འཚོ་གནས་འགན་ལེན་ནས་བདེ་ཐང་ལ་སྐུལ་འདེད་གཏོང་བའི་བར་གྱི་ཕྱོགས་སྒྱུར་མངོན་འགྱུར་བྱུང་ཐོག་ས་མཐོའི་བདེ་ཐང་འགན་ལེན་གྱི་རྣམ་པ་གསར་པ་བཏོད་ཡོད།
སྨན་བཅོས་ཐོན་ཁུངས་ཀྱི་ཁྱབ་རྒྱ་ནི་བདེ་ཐང་འགན་ལེན་ཆུ་ཚད་ཀྱི་ཚད་གཞི་དང་པོ་དེ་ཡིན། 1965ལོར། ལྗོངས་ཡོངས་སུ་སྨན་བཅོས་འཕྲོད་བསྟེན་ཚན་པའི་སྤྱི་འབོར་193ལས་མེད་པ་དང་གཞི་ཁྱོན་ཆུང་ཙམ་ཡིན། ད་ཆ་གྲོང་ཁྱེར་ཡོངས་སུ་གྲོང་ཁྱེར་དང་། རྫོང་། ཤང་། གྲོང་ཚོ་བཅས་རིམ་པ་བཞིའི་སྨན་བཅོས་ཞབས་ཞུའི་དྲ་རྒྱ་བཙུགས་པ་དང་། སྨན་བཅོས་སྒྲིག་གཞི་སྣ་ཚོགས་766བར་མང་དུ་བཏང་བ། གྲོང་ཁྱེར་ཡོངས་ཀྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིའི་ནད་ཁྲི་5494ཟིན་ནས།(པར་ངོས་གཉིས་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社