分享按钮

སྡེ་ཚོཊ་ལྷ་ས་གྲོང་ཨུད་ཀྱི་2025ལོའི་དབྱར་སྒར་བྱེད་སྒོ་ སྤེལ་འགོ་ཚུཊ་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། སྡེ་ཚོགས་ལྷ་ས་གྲོང་ཨུད་ཀྱིས་གཙོ་གཉེར་བྱས་པའི་གསར་བརྗེའི་རྗེས་ཤུལ་བཙལ་ཏེ། ས་མཐོའི་ཤེས་དཔལ་གྱི་གསང་བ་འཚོལ་བ་དང་དུས་རབས་ཀྱི་མི་གསར་ལ་བརྩོན་ལེན་བྱེད་ཅེས་པའི་བྱེད་སྒོ་གཞིས་རྩེར་སྐྱོད་པའི་དབྱར་སྒར་བྱེད་སྒོ་སྤེལ་བ་དང་དེ་བཞིན་སེ་འབྲུའི་རྡོག་ལྟར་ཁྱིམ་ཚང་གཅིག་བཞིན་བརྩེ་བས་ཕྱུག་ཅེས་པའི་ཅང་སུའུ་དང་ལྷ་སའི་ལོ་ཆུང་གདོང་ལེན་རུ་ཁག་གི་དབྱར་སྒར་བྱེད་སྒོ་དེ་ལྷ་ས་གྲོང་ཁྱེར་ལོ་ཆུང་བྱིས་པའི་བྱེད་སྒོ་ལྟེ་གནས་སུ་སྤེལ་འགོ་ཚུཊ་པ་རེད།

ད་ཐེངས་ཀྱི་བྱེད་སྒོར་གྲོང་ཁྱེར་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་20ཡི་སློབ་མ་100དང་། རུ་སྣེ་འཁྲིད་མཁན་དགེ་རྒན་8 དེ་བཞིན་ཁྱིམ་བདག་100ལྷག་ཙམ་ཞུཊ་ཡོད། སྒར་ས་འགོ་འཛུཊ་པའི་མཛད་སྒོའི་ཐོག་སྡེ་ཚོཊ་ལྷ་ས་གྲོང་ཨུད་ཀྱི་འབྲེལ་ཡོད་འགན་འཁུར་བས་བྱེད་སྒོར་སྐྱོད་པའི་སྒྲིག་ཁྲིམས་ནན་བཤད་བྱས་ཏེ་དབྱར་སྒར་བྱེད་སྒོ་བདེ་བླག་ངང་སྤེལ་རྒྱུར་རྨང་གཞི་བརྟན་པོ་བཏིང་ཡོད།

སྒར་ས་འགོ་འཛུགས་པའི་མཛད་སྒོ་མཇུག་འགྲིལ་རྗེས་སྒར་མི་ཚོའི་དབྱར་སྒར་རིང་གི་བདེ་འཇགས་ལ་འགན་ལེན་བྱ་ཆེད། རུ་སྣེ་འཁྲིད་མཁན་ཚང་མས་རིགས་གཅིག་མཁས་ཅན་གྱི་མཛུབ་ཁྲིད་འོག་མྱུར་སྐྱོབ་བདེ་འཇགས་ཀྱི་རྒྱུན་ཤེས་བརྒྱུད་རིམ་ལྡན་པའི་ངང་སློབ་སྦྱོང་བྱས་ནས་ཕྲུ་གུ་ཚོའི་བདེ་འཇགས་ལ་འགན་ལེན་ནུས་ལྡན་བྱས་པ་རེད།

ད་ཐེངས་ཀྱི་དབྱར་སྒར་བྱེད་སྒོའི་ནང་དོན་ཕུན་སུམ་ཚོགས་པ་དང་རྣམ་པ་སྣ་ཚོགས་ཡོད་ཅིང་། བདེ་འཇཊ་སློབ་གསོ་དང་། རིག་ཚན་སློབ་གསོ། ལུས་རྩལ་སྦྱོང་བརྡར། སེམས་ཁམས་ཀྱི་ཟུར་ཁྲིད་སོགས་ཕྱོགས་མང་པོ་ཚུད་ཡོད། ཚོགས་པའི་རོལ་རྩེད་དང་མཉམ་སྡེབ་འཚོ་བ་སོཊ་ཀྱི་ལྷུ་ཚིགས་བརྒྱུད་སློབ་མའི་མཉམ་སྡེབ་ཀྱི་འདུ་ཤེས་ཟབ་ཏུ་བཏང་ནས་ཁོང་ཚོའི་རང་ཚུགས་ཀྱི་འཚོ་བའི་ནུས་པ་དང་། འབྲེལ་གཏུགས་ཀྱི་ནུས་པ། ཚོགས་པའི་མཉམ་ལས་ཀྱི་ནུས་པ་བཅས་ཆེ་རུ་བཏང་ཡོད། དེ་དང་ཆབས་ཅིག་ཡུལ་དངོས་སུ་ལྟ་སྐོར་སོཊ་ཀྱི་བྱེད་སྒོ་སྤེལ་བ་བརྒྱུད་ཕྲུ་གུ་ཚོའི་ཤེས་བྱ་སྦྱོང་འདོད་ཀྱི་བསམ་པ་འཕེལ་བ་དང་། དཔེ་དེབ་ཀྱི་ཤེས་བྱར་ཤེས་རྟོགས་གཏིང་ཟབ་ཏུ་གཏོང་བ། སྐྱོན་བྲལ་དང་དགེ་མཚན་ལྡན་པའི་སེམས་ཁམས་གཏོད་པ་བཅས་བྱས་ཡོད། བྱེད་སྒོ་འདི་དག་བརྒྱུད་རྒྱ་ཆེའི་ལོ་ཆུང་གདོང་ལེན་རུ་མིས་ལོ་རྒྱུད་སྦྱོང་བ་དང་། དགོངས་པར་གོ་བ་ལེན་པ། དད་སེམས་བརྟན་དུ་གཏོང་བ། འཚར་ལོངས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་བརྒྱུད་རིམ་ཁྲོད་ཕྱོགས་ཡོངས་ནས་རང་ངོས་མཐོར་གཏོང་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྔར་བས་བརྟན་དུ་གཏོང་རྒྱུ་རེད།

(ཉི་ཆོས་ཀྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-08-07 6 6 拉萨日报藏文 c205600.html 1 སྡེ་ཚོཊ་ལྷ་ས་གྲོང་ཨུད་ཀྱི་2025ལོའི་དབྱར་སྒར་བྱེད་སྒོ་ སྤེལ་འགོ་ཚུཊ་པ། /enpproperty-->