སྐར་གསོག་ལམ་ལུགས་ལས་ལྷུན་གྲུབ་ཀྱི་དམིགས་བསལ་དཀའ་ངལ་ཡོད་པའི་
རྒན་རྒོན་གྱི་ཚེ་མཇུག་འཚོ་བར་གསོན་ཤུགས་འཕེལ་བར་བྱས་པ།
ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ལྷུན་གྲུབ་རྫོང་གི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་གཅིག་སྡུད་བསྙེན་བཀུར་ཞབས་ཞུའི་ལྟེ་གནས་སུ་སྐར་གསོག་ལམ་ལུགས་ཀྱི་དོ་དམ་ལས་རྒན་རྒོན་ཚོའི་ཚེ་མཇུག་གི་འཚོ་བར་གསོན་ཤུགས་གསར་པ་འཕེལ་ཡོད། བྱེད་སྒོ་སྣ་ཚོགས་ནང་ཞུགས་ནས་སྐར་མ་གསོག་པ་དང་དངོས་ཟོག་བརྗེ་རེས་བྱས་པ་བརྒྱུད་རྒན་རྒོན་ཚོར་དངོས་ཕན་ཐོབ་པར་མ་ཟད། མཉམ་འགུལ་ཁྲོད་འཚོ་བའི་སྤྲོ་སྣང་དེ་བས་མྱོང་རོལ་ཐུབ་པ་བྱུང་ཡོད།
རྒད་པོ་འཆི་མེད་ཀྱིས་མེ་ཏོག་དེ་ངས་བཟོས་པ་ཡིན། ལག་ཤེས་སློབ་ཚན་ཁྲིད་ནས་ལོ་གཉིས་ཕྱིན་སོང་། སྔོན་ཆད་རྟག་ཏུ་ཁྱིམ་ནང་བསྡད་ན་སྙིང་པོ་གང་ཡང་མི་འདུག་སྙམ་གྱི་ཡོད། རྗེས་སུ་ང་ཚོས་མཉམ་དུ་ལག་ཤེས་བཟོ་རྩལ་སྦྱངས་པས་སེམས་ཁམས་ཡག་ཏུ་ཕྱིན་པར་མ་ཟད། ལག་རྩལ་ཡང་མཐོ་རུ་ཕྱིན་ཡོད་ཅེས་བཤད།
རྒན་རྒོན་ཚོའི་ཚེ་མཇུག་གི་འཚོ་བ་དེ་བས་ཕུན་སུམ་ཚོགས་སུ་གཏོང་ཆེད། ལྷུན་གྲུབ་རྫོང་གི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་གཅིག་སྡུད་བསྙེན་བཀུར་ཞབས་ཞུའི་ལྟེ་གནས་ཀྱིས་སྐར་གསོག་ལམ་ལུཊ་ཀྱི་དོ་དམ་ཁྱབ་གདལ་དུ་བཏང་ནས་ཕྱི་རོལ་གྱི་བྱེད་སྒོ་དང་། ལག་ཤེས་བསླས་འཐག ལུས་སྦྱོང་འཁྲབ་སྟོན་སོགས་རྒྱུན་གཏན་གྱི་བྱེད་སྒོ་ཚང་མ་སྐར་གསོག་བྱ་དགའི་ཁྱབ་ཁོངས་ནང་བཅུག་པ་རེད། རྒན་རྒོན་ཚོས་དེའི་ནང་ཞུཊ་སྐབས་སྤྲོ་སྣང་རྙེད་པ་དང་། ཁས་ལེན་ཐོབ་པ། མ་གཞི་སྤྱིར་བཏང་གི་འཚོ་བ་སྐྱེལ་བ་བཅས་ལས་གསོན་ཉམས་དོད་པར་གྱུར་ཡོད།
འཆི་མེད་ཀྱིས་ང་གཙང་སྦྲ་བྱེད་པ་དང་། ལག་ཤེས་བསླས་འཐག་སོཊ་ཀྱི་བྱེད་སྒོའི་ནང་ཞུཊ་ནས་སྐར་གསོག་ལ་བརྟེན་ནས་བྱ་དམ་དང་། བསྒར་ཁུང་། གཙང་ཤོག ཤོག་ཕོར་སོཊ་བརྗེས་པ་ཡིན། ངས་ད་དུང་མུ་མཐུད་ཞུགས་ནས་སྐར་གསོག་བྱ་དགའ་དེ་བས་མང་བ་བརྩོན་ལེན་བྱེད་ཀྱི་ཡིན་ཞེས་བཤད།
སྐར་གསོག་ནི་གཟུགས་མེད་ཀྱི་སྦྲེལ་ཐག་ཅིག་དང་འདྲ་བར་རྒན་རྒོན་ཚོར་སྤྲོ་སེམས་སྦྱིན་གྱི་ཡོད། རོཊ་ལས་ཁྲོད་ཁོང་ཚོས་ཕན་ཚུན་གྱི་བར་ཐག་ཇེ་ཉེར་ཕྱིན་ནས་བློས་གཏོང་ཁྲོད་ཁོང་ཚོར་གྲུབ་འབྲས་ཆེན་པོ་ཐོབ་པའི་ཚོར་སྣང་ཞིག་ཡོང་གི་ཡོད། མཉམ་སྡེབ་ཀྱི་ཁྲོད་དུ་ཁོང་ཚོར་གཏོགས་སེམས་རྙེད་ཡོད་པས་དམིཊ་བསལ་དཀའ་ངལ་ཡོད་པའི་བསྙེན་བཀུར་ཞབས་ཞུའི་ལས་དོན་གྱི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་རེད།(ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社