分享按钮

རང་གྲོང་གི་སྨན་པའི་ཀུན་སྤྱོད་ཀྱི་ཆེད་དོན་བཅོས་སྒྲིག་ལས་དོན་ལ་

སྐུལ་འདེད་གཏོང་བའི་ཚོགས་འདུ་འཚོགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་གྲོང་ཁྱེར་ཡོངས་ཀྱི་སྨན་པའི་ཀུན་སྤྱོད་ཆེད་དོན་བཅོས་སྒྲིག་ལས་དོན་ལ་སྐུལ་འདེད་གཏོང་བའི་ཚོགས་འདུ་འཚོགས་པ་རེད།

ཚོགས་འདུའི་ཐོག་བསྟན་དོན།སྨན་པའི་ཀུན་སྤྱོད་འཛུགས་སྐྱོང་བྱ་རྒྱུ་ནི་སྨན་བཅོས་སྨན་རྫས་ཁྱབ་ཁོངས་ཀྱི་རུལ་སུངས་དང་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་བཅོས་སྒྲིག་བྱེད་པའི་འགག་རྩའི་བྱ་ཐབས་ཤིག་ཡིན་ལ་སྨན་བཅོས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་འཕྲོད་བསྟེན་བདེ་ཐང་གི་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགན་ལེན་གལ་ཆེན་ཞིག་ཀྱང་ཡིན། ད་རེས་ཀྱི་ཚོཊ་འདུ་ནི་རང་གྲོང་གི་སྨན་པའི་ཀུན་སྤྱོད་ཀྱི་ཆེད་དོན་བཅོས་སྒྲིག་ལ་སླར་ཡང་སྐུལ་སློང་དང་། སླར་ཡང་བཀོད་སྒྲིག སླར་ཡང་གཏིང་ཟབ་བཅས་བྱས་པ་ཞིག་ཡིན་པས་ངེས་པར་དུ་ཆབ་སྲིད་ཀྱི་ཚུཊ་གནས་མཐོ་རུ་གཏོང་བ་དང་མི་དམངས་ཀྱི་ལངས་ཕྱོགས་ཐོག་བརྟན་པོར་ལངས་ནས་གཅིག་སྡུད་བཅོས་སྒྲིག་ལས་དོན་གྱི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱེད་དགོས་པ་རེད།

ཚོགས་འདུའི་ཐོག་ནན་གསུངས་གནང་དོན།འགན་འཁྲིའི་སྦྲེལ་ཐག་དམ་དུ་བཏང་ནས་གྲོང་ཁྱེར་རིམ་པའི་སྤྱི་འདོམས་དང་། སྡེ་ཚན་མཉམ་འགུལ། རིམ་པ་བཞིན་དོན་འཁྱོལ་བཅས་ཀྱི་ལམ་སྲོལ་དོན་འཁྱོལ་བྱས་ཏེ་རིམ་ཁག་འཕྲོད་བསྟེན་བདེ་ཐང་སྡེ་ཚན་གྱི་ལྟ་སྐུལ་དོ་དམ་འགན་འཁྲི་དང་། སྨན་བཅོས་སྒྲིག་གཞིའི་བྱེད་པོའི་འགན་འཁྲི། གཏོགས་ཁོངས་ཀྱི་འགན་འཁྲི་བཅས་ནན་དུ་བཏང་ནས་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་དགོས། ཏང་འཛུགས་སྐྱོང་གི་སྣེ་ཁྲིད་མཐའ་འཁྱོངས་བྱས་ཏེ་སྨན་པའི་བྱམས་སེམས་ལ་བརྟེན་ནས་མི་དམངས་ཀྱི་བདེ་ཐང་སྲུང་སྐྱོང་བྱེད་པ་དང་ཏང་འཛུགས་སྐྱོང་གི་སྤུས་རྟགས་གཏིང་ཟབ་ཏུ་བཏང་ནས་བཅོས་སྒྲིག་ལས་དོན་དེ་མི་རིགས་མཐུན་སྒྲིལ་གསར་གཏོད་དང་དུས་བདེའི་སྨན་ཁང་འཛུགས་སྐྲུན་སོགས་དང་ཟུང་འབྲེལ་བྱེད་དགོས། ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་མིག་སྔར་སྒྱུར་བཅོས་དང་ཡུན་རིང་འཛུགས་རྒྱུ་གལ་ཆེ་མཉམ་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་གཞི་རིམ་གྱི་ཉམས་མྱོང་བཟང་པོ་དང་བྱེད་ཐབས་བཟང་པོ་དུས་ཐོག་ཏུ་ཕྱོགས་སྡོམ་དང་ཁྱབ་གདལ་དུ་བཏང་ནས་ལམ་ལུགས་ཚད་ལྡན་དུ་གཏོང་དགོས། ལྟ་སྐུལ་ཞིབ་བཤེར་དང་ཕན་འབྲས་འདྲི་རྩད་ལ་ཤུགས་སྣོན་བརྒྱབ་ནས་བཅོས་སྒྲིག་གི་ཕན་འབྲས་དེ་དཔྱད་ཞིབ་ཀྱི་ནང་དོན་གལ་ཆེན་ནང་བཅུག་སྟེ་བྱ་དགའ་ཆད་གཅོད་དང་འགན་འཁྲི་བདའ་འདེད་ནན་པོ་གཏོང་བ་དང་དཔེ་མཚོན་གྱོད་དཔེ་བརྡ་ཁྱབ་དང་དམར་འདོན་བྱེད་ཤུགས་ཆེ་རུ་གཏོང་དགོས།

ཚོཊ་འདུའི་ཐོག་གྲོང་ཁྱེར་ཡོངས་ཀྱི་འཕྲོད་བསྟེན་བདེ་ཐང་ཁོངས་གཏོགས་ཀྱིས་ཚུཊ་གནས་དེ་བས་མཐོ་བ་དང་། ཆོད་སེམས་དེ་བས་ཆེ་བ། བྱ་ཐབས་དེ་བས་ཏན་ཏིག་བཅས་ཀྱི་ཐོག་ནས་ནུས་ཤུཊ་ཡོད་རྒུས་སྨན་པའི་ཀུན་སྤྱོད་འཛུགས་སྐྱོང་གི་འགག་སྒྲོལ་དམག་འཐབ་དང་རྒྱུན་སྲིང་དམག་འཐབ་ཡག་པོ་རྒྱག་པ་དང་། ཏང་དང་མི་དམངས་ཀྱིས་ཡིད་ཆེས་བྱེད་པའི་སྨན་བཅོས་འཕྲོད་བསྟེན་དཔུང་ཁག་ཧུར་ཐག་བཏོད་དེ་ལྷ་ས་གྲོང་ཁྱེར་གྱི་འཕྲོད་བསྟེན་བདེ་ཐང་བྱ་གཞག་སྤུས་ཚད་དེ་བས་མཐོ་བའི་འཕེལ་རྒྱས་དང་མི་དམངས་ཀྱི་བདེ་ཐང་སྲུང་སྐྱོང་ལ་ལེཊ་སྐྱེས་གསར་པ་འབུལ་བ། སྤྱོད་གཙང་གཞུང་དྲང་གི་ལས་རིགས་ཀྱི་རྣམ་པ་གསར་པར་བརྟེན་ནས་འགྲན་སློང་གསར་པ་བསུ་བ་བཅས་བྱེད་དགོས་པའི་འབོད་སྐུལ་བྱས་པ་རེད།

(ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-08-07 6 6 拉萨日报藏文 c205601.html 1 /enpproperty-->