分享按钮

(པར་ངོས་དང་པོར་མཐུད)སྒོ་ཕྱེ་ནས་ཐབས་ཇུས་འདྲི་བ་དང་།བློ་བསྡུས་དགེ་འཚོལ།བྱེད་སྟངས་དང་ཐབས་ལམ་མང་པོའི་ཐོག་ནས་བསམ་འཆར་དང་གྲོས་འགོར་རྒྱ་ཁྱབ་ངང་ཉན་རྒྱུ་མཐའ་འཁྱོངས་བྱས་ཏེ་སྤྱི་ཚོགས་ཀྱི་རེ་སྒུག་དང་།མང་ཚོགས་ཀྱི་བློ་གྲོས།རིགས་གཅིག་མཁས་ཅན་གྱི་བསམ་འཆར།གཞི་རིམ་གྱི་ཉམས་མྱོང་བཅས་འཆར་འགོད་ནང་བསྡུ་ལེན་གང་ལེགས་བྱས་ནས་འཆར་འགོད་ཀྱི་ཚན་རིག་རང་བཞིན་དང་བཀོལ་སྤྱོད་རང་བཞིན་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་ཞེས་བཤད།

ཨན་ཧུའེ་ཞིང་ཆེན་ཚན་རྩལ་ཐིང་གི་ཏང་ཙུའི་ཧྲུའུ་ཅི་ཝུའུ་ཅིང་སུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ལ་སློབ་སྦྱོང་བྱས་རྗེས།ཁོང་ལ་འགན་འཁྲི་ལྕི་པོ་ཡོད་པའི་མྱོང་ཚོར་ཟབ་མོ་བྱུང་ཡོད།ཝུའུ་ཅིང་སུང་གིས་ང་ཚོས་རྒྱལ་ཁབ་ཀྱི་དགོས་མཁོར་དམིགས་པ་དང་ཨན་ཧུའེ་ཡི་འཇོན་ནུས་འདོན་སྤེལ་མཐའ་འཁྱོངས་བྱས་ཏེ་དྲ་དམངས་ཀྱི་ཡང་དག་པའི་ལྟ་ཚུལ་རྒྱ་ཁྱབ་ངང་བསྡུ་ལེན་བྱེད་པ་དང་།སྤུས་ཚད་མཐོན་པོའི་སྒོ་ནས་ཞིང་ཆེན་ཡོངས་ཀྱི་ལོ་ལྔ་ཚན་བཅོ་ལྔ་པའི་ཚན་རྩལ་གསར་གཏོད་ཐད་འཆར་འགོད་བཟོ་བ།སྡོང་རིང་གནམ་ལ་ཟུག་པ་དང་།སྡོང་ཕྲན་ལ་སྐྱེ་སྟོབས་ཀྱི་དཔལ་འབར་བ།སྡོང་ཕྲུག་སྔོ་ཐིང་ཐིང་དུ་གྱུར་བ་བཅས་ཀྱི་གསར་གཏོད་སྐྱེ་ཁམས་ཆགས་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད།

ཉེ་དུས།ཧྲང་ཧའེ་གྲོང་ཁྱེར་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཨུ་ལྷན་གྱིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་དམངས་འདུན་བསྡུ་རུབ་རྒྱ་ཁྱབ་བྱས་ཏེ་སྒོ་ཕྱེ་ནས་འཆར་འགོད་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཧྲང་ཧའེ་ཡི་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་དོ་དམ་ཁྱབ་ཁོངས་ཀྱི་འཆར་འགོད་གསར་པ་མགྱོགས་མྱུར་ངང་བཟོ་བཞིན་ཡོད།

ཧྲང་ཧའེ་གྲོང་ཁྱེར་སྡོད་ཁང་འཛུཊ་སྐྲུན་ཨུ་ལྷན་གྱི་ཀྲུའུ་རེན་ཝང་ཀྲེན་གྱིས་ད་ཐེངས་དྲ་ཐོག་ནས་བསམ་འཆར་བསྡུ་ལེན་བྱེད་པའི་བྱེད་སྒོའི་ཁྲོད།རྒྱ་ཆེའི་དྲ་དམངས་ཚོས་སྡོད་ཁང་འགན་ལེན་ལ་དམིགས་ནས་རིན་ཐང་ལྡན་པའི་བསམ་འཆར་དང་གྲོས་འགོ་མང་པོ་བཏོན་ཡོད།ང་ཚོས་དང་ལེན་ཧུར་ཐག་ཞུས་ཏེ་སྡོད་ཁང་ཐད་ཀྱི་མི་དམངས་མང་ཚོཊ་ཀྱི་སྣ་མང་ཅན་གྱི་དགོས་མཁོ་ཟམ་མི་ཆད་པར་བསྐངས་ནས།མི་དམངས་ཀྱི་བློ་གྲོས་དེ་བཅོས་སྐྱོང་གི་ཕན་ནུས་དངོས་སུ་འགྱུར་བར་བྱ་རྒྱུ་ཡིན་ཞེས་བཤད།

ནང་སོག་ཧུའུ་ཧོ་ཧའོ་ཐེ་གྲོང་ཁྱེར་སའེ་ཧན་ཆུས་ཧྲན་ཏན་སྡེ་ཁུལ་གྱི་གཞུང་ལས་ཁང་དུ།སྡེ་ཁུལ་གྱི་འགན་འཁུར་བ་ཧུའུ་ཧྲན་ཡོན་གྱིས་དྲ་མིག་དོ་དམ་པ་དང་གྲོང་མི་ཚོའི་སེམས་ཁྲལ་སེལ་རྒྱུའི་གྲོས་བསྡུར་བྱེད་བཞིན་ཡོད།ཁོང་གིས་ལོ་ལྔ་ཚན་བཅོ་ལྔ་པའི་རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད་ཡག་པོ་བྱེད་པ་དེ་མཐར་གཏུགས་ནས་བཤད་ན།ཁྱིམ་ཚང་ཚང་མའི་འཚོ་བ་དེ་བས་ལེགས་པ་ཡོང་ཆེད་ཡིན།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱེད་དགོས་ཞེས་ནན་གསུངས་གནང་ཡོད།ང་ཚོས་དྲ་དམངས་ཀྱི་བསམ་འཆར་གོང་ཞུའི་ཐབས་ལམ་སྔར་བས་ཤར་གཏོང་བྱེད་པ་དང་།མང་ཚོགས་ཀྱི་རེ་ཞུར་ཉན་འཇོག་དང་བསྡུ་ལེན་གང་ལེགས་བྱེད་པ།དམངས་ཀྱི་འདོད་བློ་བསྡུ་ལེན་བྱེད་སྐབས་ཁྲལ་སེལ་སླ་བཅོས་མི་བྱེད་པ་དང་།གྲོས་འགོ་སྒྲུབ་སྐབས་ཁྲལ་སེལ་སླ་བཅོས་མི་བྱེད་པ།སྲིད་ཇུས་དོན་འཁྱོལ་ལ་ཕན་འབྲས་དངོས་ཐོན་པ་བཅས་བྱེད་དགོས་ཞེས་བཤད།

ཀུའེ་ཀྲོའུ་ཞིང་ཆེན་ཐུང་རེན་གྲོང་ཁྱེར་ཡན་ཧོ་ཐུའུ་ཅ་རིགས་རང་སྐྱོང་རྫོང་ཧྲ་ཙི་ཁྲོམ་གཞུང་ཅིན་ལུང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཀྲང་ཀྲེང་རུང་གིས་སྤྱི་ཁྱབ་ཧྲུའུ་ཅིས་དམངས་ཀྱི་གནས་ཚུལ་རྒྱ་ཁྱབ་གཏིང་ཟབ་ངང་ལྟ་ཞིབ་དང་།དམངས་ཀྱི་འབོད་སྒྲར་ཉན་པ།དམངས་ཀྱི་བློ་གྲོས་གཅིག་ཏུ་བསྡུ་བ་བཅས་གནང་བ་དེས་ང་ཚོས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་ཇུས་འགོད་བྱེད་པར་ཁ་ཕྱོགས་དང་གཙོ་གནད་གསལ་སྟོན་གནང་ཡོད།ང་ཚོས་མུ་མཐུད་ནས་ཁྱིམ་ཚང་དུ་བསྐྱོད་དེ་སྲིད་ཇུས་གླེང་བ་དང་།ཡོང་འབབ་འདྲི་བ།དགོས་མཁོ་འཚོལ་བ་བཅས་བྱས་ཏེ་ཐབས་བརྒྱ་ཇུས་སྟོང་ངང་ཞིང་ལས་ཀྱི་ཕན་འབྲས་ཆེ་རུ་གཏོང་བ་དང་།གྲོང་གསེབ་ཀྱི་གསོན་ཤུཊ་ཆེ་རུ་གཏོང་བ།ཞིང་པའི་ཡོང་འབབ་མང་དུ་གཏོང་བ་བཅས་ལ་སྐུལ་འདེད་བཏང་ནས་གྲོང་གསེབ་ཕྱོཊ་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པར་བྱ་རྒྱུ་ཡིན་ཞེས་བཤད།

ཧྥུའུ་ཅན་ཞིང་ཆེན་ཉིང་ཏེ་གྲོང་ཨུད་ཀྱི་རྒྱུན་ཨུ་དང་རྩ་འཛུཊ་པུའི་པུའུ་ཀྲང་ཁྲེན་ཧུའེ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་འདོད་རྒྱུན་ཆད་མེད་པར་མངོན་འགྱུར་བྱེད་དགོས་པའི་བླང་བྱ་བཏོན་གནང་ཡོད།ང་ཚོས་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་དེ་རྩ་བའི་རིན་ཐང་ལྟ་བར་བརྩིས་ནས་གཞི་རིམ་དུ་སྐྱོད་པའི་ལམ་ལུཊ་ཕྱོཊ་ཡོངས་ནས་དོན་འཁྱོལ་བྱེད་པ་དང་།དུས་རབས་གསར་པའི་ཏང་གི་མང་ཚོཊ་ལམ་ཕྱོཊ་ཡག་པོ་སྤེལ་བ།ཏང་འཛུཊ་སྐྱོང་ལས་དོན་གྱི་འབྲེལ་གཏུཊ་ས་ཚིཊ་ཀྱི་ལམ་ལུཊ་དོན་འཁྱོལ་ཞིབ་ཚཊ་བྱེད་པ།མང་ཚོཊ་ཀྱི་བསམ་འཆར་དང་གྲོས་འགོར་ནན་ཏན་ངང་ཉན་པ།མང་ཚོཊ་ཀྱི་འཕྲལ་མཁོ་དང་།དཀའ་ངལ།སེམས་ཁྲལ།རེ་སྒུག་བཅས་ཀྱི་གནད་དོན་ནུས་ཤུཊ་ཡོད་རྒུས་ཐག་གཅོད་བྱས་ཏེ་འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་བས་ལེཊ་པའི་སྒོ་ནས་མི་དམངས་ཡོངས་ལ་ཕན་པ་ཐོབ་པར་བྱ་རྒྱུ་ཡིན་ཞེས་བཤད།

(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8པའི་ཚེས་5ཉིན་འབྱོར་བའི་གློག་འཕྲིན) (བུ་ཆུང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-08-07 6 6 拉萨日报藏文 c205598.html 1 /enpproperty-->