分享按钮

(པར་ངོས་གཉིས་པར་མཐུད)ད་ཐེངས་ཀྱི་སྒྲོག་འགྲེལ་ལས་ཚང་མས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་རིང་གི་འཕེལ་རྒྱས་ཀྱི་འཕོ་འགྱུར་ཆེན་པོ་ཐད་ཀར་མྱོང་ཚོར་ཐུབ་ཡོད། ང་ཚོས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་སྟོད་ལུང་བདེ་ཆེན་ཆུས་ཀྱི་འབྱུང་འགྱུར་འཕེལ་རྒྱས་ཆེད་བསམ་པའི་སྟོབས་ཤུཊ་གཅིག་ཏུ་སྒྲིལ་རྒྱུ་ཡིན་ཞེས་བཤད།

ད་ཐེངས་ཀྱི་སྒྲོག་འགྲེལ་ཚོགས་འདུ་ཉན་རྗེས་ང་ལ་སྐུལ་ལྕག་ཆེན་པོ་ཐེབས་བྱུང་། སླད་ཕྱིན་ངས་དེ་བས་སྤྲོ་སེམས་འཁོལ་བའི་ངང་ལས་དོན་ནང་ཞུགས་ཏེ་འགན་འཁྲི་ཁུར་བའི་ཁྲོད་ལེའུ་གསར་པ་མུ་མཐུད་རྩོམ་རྒྱུ་ཡིན་ཞེས་སྟོད་ལུང་བདེ་ཆེན་ཆུས་དམར་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཀྲེན་ཀྲང་བསྟན་འཛིན་ཆོས་སྒྲོན་གྱིས་བཤད།

སྟོད་ལུང་བདེ་ཆེན་ཆུས་ཀྱིས་ཁྱིམ་དུ་ངལ་གསོ་རྒྱག་མཁན་རྫོང་རིམ་པའི་འགོ་ཁྲིད་ལས་བྱེད་པ་དང་། གྲོང་རྡལ(ཁྲོམ་གཞུང)ཁག ཆུས(ཀྲུང་དབྱང)ཐད་གཏོགས་ཚན་པ་ཁག ཆུས་ཁོངས་གཏོགས་ཀྱི་གཞུང་ཁོངས་ཁེ་ལས་ཁག་གི་འགན་འཁུར་བ་གཙོ་བོ་བཅས་ཁྱོན་མི་གྲངས་80ལྷག་ཙམ་སྒྲོག་འགྲེལ་སྙན་ཞུའི་ཚོགས་འདུར་ཞུགས་ཡོད་པ་རེད།

(ལྷག་ཚེས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-08-07 6 6 拉萨日报藏文 c205597.html 1 /enpproperty-->