ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། བསྟན་རྒྱས་གླིང་སྡེ་ཁུལ་ཤེས་དཔལ་སྒོ་ར་ཆེན་མོའི་ནང་གྲོང་ཁྱེར་ཆུ་ཀ་ལ་ཀུང་སིའི་དྲ་མིག་ཅན་གྱི་དོ་དམ་ལས་དམངས་འཚོའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་བཞིན་ཡོད། རིག་ནུས་ཆུ་ཚོད་སྤྱོད་པ་ལས་ཆུ་སྤྱོད་ཚད་གནད་སྨིན་ཚད་འཇལ་ཐུབ་ནས་འབྱུང་རྩ་ནས་ཆུ་འཕྲོ་བརླག་ཏུ་གཏོང་བའི་སྣང་ཚུལ་བཀག་འགོག་ནུས་ལྡན་ཐུབ་ཡོད་ཅིང་། གནས་སྐབས་ཆུ་ལེན་ས་ཚིགས་མང་དུ་བཏང་བ་དེས་གྲོང་མིའི་འཚོ་བར་དེ་བས་སྟབས་བདེ་བསྐྲུན་ཡོད། ཆུའི་གཱ་འདིས་གྲོང་ཁྱེར་རང་འབབ་ཆུ་ཀ་ལ་ཀུང་སིས་དྲ་མིག་རྨང་གཞིར་བྱས་ཏེ་དོ་དམ་ཞིབ་ཚགས་དང་དྲོ་སྐྱིད་ལྡན་པའི་ཞབས་ཞུ་མང་ཚོགས་ཀྱི་གམ་དུ་བསྒྲུབས་ནས་ཆུ་གྲོན་ཆུང་གི་འདུ་ཤེས་དེ་སྡེ་ཁུལ་གྱི་རྒྱུན་གཏན་འཚོ་བའི་ཁྲོད་འཇགས་པར་བྱས་ཡོད།
བསྟན་རྒྱས་གླིང་སྡེ་ཁུལ་གྱི་ཤེས་དཔལ་སྒོ་ར་ཆེན་མོར་སྐྱོད་སྐབས།རིག་ནུས་ཅན་གྱི་ཆུའི་ཆུ་ཚོད་འདི་ཉིད་གོ་རིམ་ལྡན་པའི་ངང་སྤྱོད་བཞིན་ཡོད། སྲོལ་རྒྱུན་གྱི་འཕྲུལ་ཆས་ཆུ་ཚོད་དང་མི་འདྲ་བར་རིག་ནུས་ཅན་གྱི་ཆུ་ཚོད་འདིས་དུས་ཐོག་ཏུ་ཆུ་སྤྱོད་ཚད་ཟིན་ཐོ་འགོད་ཐུབ་པར་མ་ཟད། གྲངས་གཞི་ཧ་ཅང་གནད་ལ་འཁེལ་བའི་སྒོ་ནས་ཟིན་ཐོར་འགོད་ཐུབ། གྲོང་མིས་གཱ་སྤྱད་ཚེ་ཆུ་སྤྱོད་ཚད་ལ་ལྟ་ཞིབ་བྱེད་པ་དང་། གྲོན་དངུལ་འཕྲལ་དུ་རྩིས་ཁྲར་འབྱོར་ཐུབ། སྔོན་ཆད་མི་ཐབས་ལ་བརྟེན་ནས་རེའུ་མིག་བཤུ་སྐབས་ཐོན་སྲིད་པའི་ཚོད་རྩིས་ཀྱི་ཧེ་བག་རྦད་དེ་མཇུག་འགྲིལ་བ་བཅས་བྱས་ནས་ཚད་འཇལ་དེ་བས་ཁ་གསལ་ཡོང་བར་བྱས་ཡོད། བསྟན་རྒྱས་གླིང་སྡེ་ཁུལ་གྱི་གྲོང་མི་འཆི་མེད་གཡུ་སྒྲོན་གྱིས་རིག་ནུས་ཆུ་ཚོད་འདི་ག་ཚོད་བེད་སྤྱོད་བཏང་ཚེ་དངུལ་ཡང་ག་ཚོད་འགྲོ་བ་སོགས་ཧ་ཅང་གསལ་པོ་འདུག་པས། ང་ཚོ་མང་ཚོགས་ཚོའི་སེམས་ནང་བློ་བདེ་པོ་འདུག་ཅེས་བཤད།
ཚད་འཇལ་ཧེ་བག་ཆུང་དུ་ཕྱིན་པ་དང་རིག་ནུས་ཆུ་ཚོད་ཀྱིས་སྔོན་ལ་དངུལ་བླུགས་པ་དང་རྗེས་སུ་ཆུ་སྤྱོད་པའི་རྣམ་པ་སྤྱད་པར་མ་ཟད། ད་དུང་གྲོང་མིར་ཆུ་ལ་གྲོན་ཆུང་བྱེད་པའི་གོམས་གཤིས་བཟང་པོའང་འཇགས་རྒྱུར་སྐུལ་འདེད་བཏང་ཡོད། སྒོ་རའི་ཟུར་དུ་ཡོད་པའི་གནས་སྐབས་ཆུ་ལེན་ས་ནི་དེ་བས་ཀྱང་དྲ་མིག་གི་སྙིང་ཉེ་བའི་ཞབས་ཞུ་སྣུར་སྲིང་བྱས་པ་ཞིག་ཡིན་ཞིང་། ཆུའི་གནོན་ཤུགས་མི་འདང་བའམ་ཡང་ན་ཆུ་ཆད་པའི་སྐབས་སུ་གྲོང་མིའི་ཆུ་སྤྱོད་དཀའ་བའི་གནད་དོན་ཐག་གཅོད་ཐུབ་པར་མ་ཟད།ཁྱིམ་ནང་དངོས་པོ་ཆེ་རིགས་གཅིག་སྡུད་ཐོག་བཀྲུ་བར་ཆུ་འཕྲོ་བརླག་མི་འགྲོ་བའང་བྱེད་ཐུབ།
གྲོང་ཁྱེར་རང་འབབ་ཆུ་ཀ་ལ་ཀུང་སིའི་ལས་གཉེར་གྲོན་དངུལ་བསྡུ་བའི་ལྟེ་གནས་ཀྱི་དྲ་མིག་པ་བདེ་སྐྱིད་གཡང་འཛོམས་ཀྱིས་ང་ཚོས་གྲོང་ཁུལ་རྙིང་པ་དང་ཤེས་དཔལ་སྒོ་ར་ཆེན་མོ་ལྟ་བུའི་ས་ཆར་སྐབས་རེ་ཆུའི་གནོན་ཤུགས་མི་འདང་བར་གནས་སྐབས་ཆུ་ལེན་ས་བཀོད་སྒྲིག་བྱས་ཡོད། འདི་ལྟར་བྱས་ཚེ་ཚང་མར་སྟབས་བདེ་བསྐྲུན་པ་དང་ཕན་ཚུན་ཆུར་གྲོན་ཆུང་བྱེད་པའི་དྲན་སྐུལ་བྱེད་ཐུབ་ཅེས་བཤད། རིག་ནུས་གཱ་ཡིས་ཚད་འཇལ་གནད་སྨིན་ཐུབ་པ་ནས་གནས་སྐབས་ཆུ་ལེན་སའི་བར་དམངས་འཚོའི་དྲོ་སྐྱིད་བརྒྱུད་སྤྲོད་ཐུབ་པར་བྱས་ཤིང་། གྲོང་ཁྱེར་རང་འབབ་ཆུ་ཀ་ལ་ཀུང་སིས་དྲ་མིག་ཅན་གྱི་དོ་དམ་དམ་འཛིན་བྱ་གཞིར་བྱས་ཏེ་ཆུ་ལ་གྲོན་ཆུང་བྱེད་པའི་འདུ་ཤེས་དེ་ཞིབ་ཕྲའི་ཞབས་ཞུ་དང་མཉམ་འདྲེས་བྱས་ཡོད། དེས་ཆུ་གྲོན་ཆུང་བྱ་རྒྱུ་དེ་འབོད་ཚིག་ཙམ་ནས་གྲོང་མིའི་རང་རྟོགས་ཀྱི་བྱ་སྤྱོད་དུ་བསྒྱུར་བར་མ་ཟད། སྡེ་ཁུལ་གྱི་ཞབས་ཞུ་དེ་བས་མང་ཚོགས་ཀྱི་དགོས་མཁོ་དང་འཚམ་ཐུབ་པར་བྱུང་ཡོད།(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社