分享按钮

གདོང་དཀར་སྡེ་ཁུལ་དུ་འོང་སྐོར་གྱི་ རིག་རྩལ་འཁྲབ་སྟོན་བྱས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ནས་འབྲུ་རིམ་བཞིན་སྨིན་པ་དང་བསྟུན་ནས་བོད་ཀྱི་ཞིང་འབྲོག་མང་ཚོགས་ལ་ལོ་གཅིག་དུས་གཅིག་གི་འོང་སྐོར་གཏོང་བའི་དུས་བཟང་སླེབས་ཡོད། སྟོད་ལུང་བདེ་ཆེན་ཆུས་གདོང་དཀར་སྡེ་ཁུལ་དུ་ངོ་མཚར་ཆེ་བའི་རིག་རྩལ་འཁྲབ་སྟོན་རེ་རེ་བཞིན་བྱེད་པ་དང་མི་རྣམས་ཀྱིས་གླུ་སྒྲར་བརྟེན་ནས་ལོ་ལེགས་ཡོང་བའི་སྨོན་འདུན་ཞུས་ནས་མིག་སྔའི་མཛེས་སྡུག་ལྡན་པའི་འཚོ་བ་ལོངས་སུ་སྤྱོད་བཞིན་ཡོད་པ་རེད།

ཟླ་8ཚེས་4ཉིན་གྱི་སྔ་དྲོ།གདོང་དཀར་སྡེ་ཁུལ་གྲོང་ལྷན་གྱི་སྒོ་རའི་ནང་འཁྲུག་ཆ་དོད་པ་སྟེ། གྲོང་མི་ཚོས་ཞིམ་ཟས་དང་ཇ་བསྲུབས་མ་ཁྱེར་ནས་སྔ་ས་ནས་མཉམ་དུ་འཛོམས་ཡོད། རིག་རྩལ་འཁྲབ་སྟོན་དེ་ལྷ་མོ《བཀྲ་ཤིས་ཞོལ་པ》ཞེས་པའི་ཁྲོད་འགོ་ཚུགས་ཡོད། དེ་རྗེས《གླུ་ཞིག་བླངས་ནས་ཏང་ལ་འབུལ》དང《མོན་པའི་ཆང་གཞས》སོགས་ངོ་མཚར་ཆེ་བའི་ལེ་ཚན་རེས་མོས་ངང་འཁྲབ་སྟོན་བྱས་པར་མང་ཚོགས་ཀྱི་དགའ་བསུ་ཡང་ཡང་ཐོབ་པ་རེད།

གདོང་དཀར་སྡེ་ཁུལ་གྱི་གྲོང་མི་པ་སངས་ཀྱིས་ལྟད་མོ་ཧ་ཅང་འཁྲུག་ཆ་དོད་པོ་འདུག ང་ཚོ་མཉམ་དུ་ཞིམ་ཟས་ཟ་བ་དང་། གླེང་མོལ་བྱེད་པ། གླུ་གར་འཁྲབ་སྟོན་ལ་ལྟ་བ་བཅས་བྱས་པས་ཧ་ཅང་དགའ་པོ་བྱུང་ཞེས་བཤད།

ད་ཐེངས་ཀྱི་རིག་རྩལ་འཁྲབ་སྟོན་འདི་ཉིད་བློ་སེམས་གཅིག་མཐུན་གྱིས་ལོ་ངོ་དྲུག་ཅུའི་རིང་མི་རིགས་མཐུན་སྒྲིལ་གྱི་ལོ་ལེགས་ལ་རྟེན་འབྲེལ་ཞུ་ཞེས་པ་གཙོ་དོན་དུ་བྱས་ཤིང་། གདོང་དཀར་སྡེ་ཁུལ་གྱི་རིག་རྩལ་རུ་ཁག་4ཡིས་རིག་རྩལ་ལེ་ཚན་48གྲ་སྒྲིག་ཞིབ་ཚགས་བྱས་ཡོད་པ་རེད། ལེ་ཚན་གྱི་ནང་དོན་ཕུན་སུམ་ཚོགས་པ་སྟེ། སྲོལ་རྒྱུན་གྱི་གླུ་གར་འཁྲབ་སྟོན་ཡོད་ལ། དུས་རབས་ཀྱི་འཕོ་འགྱུར་མངོན་པ་དང་མིག་སྔའི་བདེ་སྐྱིད་འཚོ་བར་བསྟོད་གླུ་འབུལ་བའི་འཁྲབ་ཚན་ཐུང་གྲས་སོགས་ཀྱང་ཡོད། བྱེད་སྒོའི་ནང་མི་རིགས་མི་འདྲ་བའི་མང་ཚོགས་གདན་དྲངས་ནས་མཉམ་དུ་ཞུགས་ཏེ་དགའ་སྤྲོའི་ངང་དུས་ཆེན་གཏོང་བ་དང་ཆབས་ཅིག་ཏུ་སྡེ་ཁུལ་འཕེལ་རྒྱས་ཀྱི་མཉམ་ཤུགས་གཅིག་ཏུ་བསྒྲིལ་ཡོད།

གདོང་དཀར་སྡེ་ཁུལ་ཏང་ཨུད་ཀྱི་ཧྲུའུ་ཅི་འཇམ་དཔལ་གྱིས་ད་ཆའི་འཚོ་བ་དེ་སྔ་ལས་ཀྱང་མཛེས་སྡུག་ལྡན་པ་དང་འོང་སྐོར་དུས་ཆེན་ཡང་དེ་བས་གྲ་རྒྱས་སུ་འགྲོ་བཞིན་ཡོད། ཐེངས་འདིའི་ང་ཚོའི་འོང་སྐོར་གྱི་གཞི་ཁྱོན་དེ་བས་ཆེ་བས་མི་རིགས་མི་འདྲ་བའི་མང་ཚོགས་མཉམ་དུ་འཛོམས་ནས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་དང་ཐུན་མོང་ཐོག་ཏང་གི་བཀའ་དྲིན་ཚོར་བར་བྱས་ཡོད་ཅེས་བཤད། (ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-08-07 6 6 拉萨日报藏文 c205596.html 1 གདོང་དཀར་སྡེ་ཁུལ་དུ་འོང་སྐོར་གྱི་ རིག་རྩལ་འཁྲབ་སྟོན་བྱས་པ། /enpproperty-->