分享按钮

དོག་སྡེ་ཁྲོམ་གཞུང་པ་གཟིམ་སྡེ་ཁུལ་གྱིས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྲུན་ནས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉིན་ཤས་བསྟུད་མར། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུ་བ་དང་། སྡེ་ཁུལ་གྱི་རྣམ་པ་གསར་པ་མངོན་ཆེད། ཁྲེང་ཀོན་ཆུས་དོག་སྡེ་ཁྲོམ་གཞུང་པ་གཟིམ་སྡེ་ཁུལ་གྱིས་ཁྲོམ་གཞུང་མཛེས་བཟོའི་ལས་དོན་ཧུར་ཐག་སྤེལ་ནས་སྡེ་ཁུལ་གྱི་རྣམ་པ་གསར་དུ་གྱུར་པ་དང་དུས་ཆེན་གྱི་རྣམ་པ་ཟབ་མོ་ཞིག་བཏོད་ཡོད།

ཟླ་7ཚེས་25ཉིན། གསར་འགོད་པ་པ་གཟིམ་སྡེ་ཁུལ་དུ་སྐྱོད་སྐབས། མིག་ལམ་དུ་འཆར་བ་ནི་མ་ལམ་གྱི་གཞོགས་གཉིས་ཀྱི་གྱང་ངོས་སུ་ཚོན་ཁྲ་ཅན་གྱི་མཛེས་རྒྱན་དང་། ཁྲིམས་སྐྱོང་གི་ལེགས་བཤད། ཤེས་དཔལ་གྱི་སྤྱི་ཆིངས། ལུས་རྩལ་འགུལ་རིས་བཅས་པར་རིས་དང་ཡི་གེ་མཐོང་རྒྱུ་ཡོད་ལ། མཛེས་སྡུག་དང་སློབ་གསོའི་དོན་སྙིང་ཡང་ལྡན་ཡོད། ལམ་འགྲམ་དུ་གྲལ་སྟར་འགྲིག་པའི་མེ་ཏོག་རྫིང་བུའི་བཀོད་པ་ལེགས་པ་དང་། རྩི་ཤིང་སྣ་ཚོགས་བསྒྲིགས་ནས་སྐྱེ་སྟོབས་ཀྱི་དཔལ་འབར་བ་བཅས་ཡོད། རིམ་སྤོར་བྱས་པའི་ལམ་སྒྲོན་སྡེ་ཁུལ་གྱི་མ་ལམ་གྱི་གཞོགས་གཉིས་སུ་གྲལ་སྟར་འགྲིག་པོས་བསྒྲིགས་པ་དང་། ཤིང་སྡོང་གི་སྟེང་དུའང་གློག་སྒྲོན་ཐག་པས་མཛེས་རྒྱན་སྤྲས་པ། ས་སྲོས་ཀྱི་མཚམས་སུ་དཀར་ཆ་དོད་པའི་གློག་སྒྲོན་གྱིས་མཚན་མོའི་མཛེས་ལྗོངས་ལེགས་སུ་ཕྱིན་པར་མ་ཟད། ད་དུང་གྲོང་མི་ཁྱིམ་དུ་ལོག་པའི་ལམ་ཡང་གསལ་དུ་ཕྱིན་ཡོད། སྒྱུར་བཀོད་བྱས་རྗེས་ཀྱི་སྡེ་ཁུལ་ཁྲོམ་གཞུང་གི་རྣམ་པ་བཀྲག་མདངས་འཚེར་བར་གྱུར་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཁྲོམ་གཞུང་བརྒྱུད་དུ་མཛེས་བཟོ་བྱས་པའི་སྤྱིའི་རིང་ཚད་ལ་སྨི་3000ལྷག་ཙམ་ཟིན་པ་དང་། བསྡོམས་ཤིང་རྐང་200ཙམ་སྤོས་འཛུགས་དང་བརྗེས་པ་དང་། གཏོར་སྐྱོན་ཤོར་བའི་གྱང་སྨི་1000ལྷག་ཙམ་ལ་ཉམས་གསོ་བྱས་པ། མེ་ཏོག་གི་གཞོང་པ་ཆ་30ལྷག་ཙམ་ལ་སླར་ཡང་3Dབཀྲག་རྩི་གཏོར་བ་སོགས་བྱས་ཡོད།

དོག་སྡེ་ཁྲོམ་གཞུང་པ་གཟིམ་སྡེ་ཁུལ་གྱིས་ད་ཐེངས་སྤེལ་བའི་མཛེས་བཟོའི་ལས་དོན་གྱིས་སྡེ་ཁུལ་གྱི་རྣམ་པ་ལེགས་སུ་ཕྱིན་པ་དང་།གྲོང་མིའི་འཚོ་བའི་ཁོར་ཡུག་ཀྱང་ལེགས་སུ་ཕྱིན་པར་མ་ཟད། རྣམ་པ་གསར་རྐྱང་གི་ཐོག་ནས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་ཕྱག་རྟགས་ཕུལ་བ་རེད།

པ་གཟིམ་སྡེ་ཁུལ་གྱི་ཧྲུའུ་ཅི་དང་པོ་རྡོ་རྗེས་རྗེས་མར་པ་གཟིམ་སྡེ་ཁུལ་གྱིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མུ་མཐུད་རྒྱུན་འཁྱོངས་བྱས་ཏེ་སྡེ་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ་དང་སྡེ་ཁུལ་བཅོས་སྐྱོང་གི་ཆུ་ཚད་མཐོ་རུ་བཏང་ནས་གྲོང་མི་ཚོའི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་དེ་བས་ཕུན་སུམ་ཚོགས་སུ་དང་། དེ་བས་འགན་ལེན། དེ་བས་རྒྱུན་མཐུད་བཅས་ཡོང་བར་བྱ་རྒྱུ་ཡིན་ཞེས་བཤད་པ་རེད། (པ་ཚེས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-07-31 6 6 拉萨日报藏文 c205175.html 1 དོག་སྡེ་ཁྲོམ་གཞུང་པ་གཟིམ་སྡེ་ཁུལ་གྱིས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྲུན་ནས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུས་པ། /enpproperty-->