ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། གཞི་རིམ་གྱི་སྒྲོག་འགྲེལ་པའི་ཆབ་སྲིད་བྱང་ཚད་དང་ལས་སྒོའི་འཇོན་ཐང་སྔར་བས་ཆེ་རུ་གཏོང་ཆེད། སྟག་རྩེ་ཆུས་ཨུད་དྲིལ་བསྒྲགས་པུས་ཉེ་ཆར་དུས་ཡུན་ཉིན་4ཡི་2025ལོའི་གཞི་རིམ་གྱི་སྒྲོག་འགྲེལ་པའི་ཆེད་དོན་གསོ་སྦྱོང་བྱས་པ་དང་།སྒྲོག་འགྲེལ་པ་40ལྷག་ཙམ་གསོ་སྦྱོང་ནང་ཞུགས་པ་རེད།
གསོ་སྦྱོང་ནང་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་དང་སྲིད་ཇུས་ཁྲིམས་སྲོལ་ལ་དམིགས་ནས་རིགས་པའི་གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་གྱི་རྣམ་པ་སྤྱད་པ་དང་ཆེད་དོན་ཟུར་ཁྲིད་དང་ཡུལ་དངོས་སུ་སློབ་ཁྲིད་བྱེད་པ་སོགས་ཀྱི་ཐོག་ནས་སློབ་སྦྱོང་གི་དངོས་ཕན་རང་བཞིན་ཆེ་རུ་བཏང་ཡོད། སློབ་ཚན་ཐོག་ཆབ་སྲིད་ཀྱི་ཁྲིད་སྟོན་དང་སྲིད་ཇུས་ཀྱི་གསལ་འགྲེལ་ནུས་པ་སྐྱེད་སྲིང་བྱ་རྒྱུར་སྣང་ཆེན་བྱེད་པ་དང་། དཔེ་མཚོན་དབྱེ་ཞིབ་དང་མཉམ་འགུལ་བགྲོ་གླེང་སོགས་ཀྱི་སློབ་ཁྲིད་བྱེད་ཐབས་དང་ཟུང་འབྲེལ་བྱས་ཏེ་སློབ་མར་རིགས་པའི་གཞུང་ལུགས་གཞན་སྒྱུར་གྱི་ཐབས་རྩལ་ཁོང་དུ་ཆུད་རོགས་བྱས་ནས་སྒྲོག་འགྲེལ་གྱི་ཡིད་དབང་འཕྲོག་ཤུགས་ཆེ་རུ་བཏང་ཡོད།
གསོ་སྦྱོང་ནང་ཞུགས་མཁན་སློབ་མ་བདེ་ཆེན་གྲོང་ཚོའི་ཀྲུའུ་རེན་བློ་བཟང་ཉི་མས་གསོ་སྦྱོང་གི་ནང་དོན་དོན་དངོས་དང་མཐུན་པས་སྒྲོག་འགྲེལ་བྱེད་རིང་།ཡིག་ཆའི་སྐད་ཆ་རྒྱུན་གཏན་གྱི་སྐད་ཆར་འགྱུར་བའི་དཀའ་གནད་བསལ་ཡོད། སླད་ཕྱིན་སྲིད་ཇུས་སྒྲོག་འགྲེལ་བྱ་རྒྱུ་དེ་མང་ཚོགས་ཀྱི་སེམས་ནང་དངོས་གནས་འཇགས་ཐུབ་པར་བྱ་རྒྱུ་ཡིན་ཞེས་བཤད།
སྟག་རྩེ་ཆུས་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་སུན་པང་ཡན་གྱིས་ད་ཐེངས་ཀྱི་གསོ་སྦྱོང་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་དོན་འཁྱོལ་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཡིན་པ་དང་།དེའི་དམིགས་ཡུལ་ནི་སྒྲོག་འགྲེལ་པའི་སྦྲེལ་ཟམ་ནུས་པ་ཆེ་རུ་བཏང་ནས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་མི་སེར་དཀྱུས་མའི་ཁྱིམ་དུ་ཁྱབ་རྒྱུར་སྐུལ་སྤེལ་བཏང་སྟེ་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྣམ་པ་བཟང་པོ་ཞིག་གཏོད་རྒྱུ་དེ་རེད་ཅེས་ངོ་སྤྲོད་བྱས་པ་རེད།
རྗེས་མར་སྟག་རྩེ་ཆུས་ཨུད་དྲིལ་བསྒྲགས་པུས་སློབ་མ་སྒྲིག་འཛུགས་བྱས་ཏེ་གཞི་རིམ་དུ་སྒྲོག་འགྲེལ་ལག་ལེན་བྱས་ནས་སློབ་སྦྱོང་གི་གྲུབ་འབྲས་གཞན་སྒྱུར་ལ་སྐུལ་སྤེལ་གཏོང་བ་དང་ཏང་གི་སྲིད་ཇུས་གཞི་རིམ་དུ་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད། (པ་ཚེས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社