ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། སྙེ་མོ་རྫོང་མར་རྐྱང་ཤང་གྱང་ཉེ་གྲོང་ཚོ་ཨུ་ལྷན་གྱི་ཐང་ཆེན་དུ་དོན་སྙིང་ལྡན་པའི་བྱེད་སྒོ་ཞིག་སྤེལ་བ་རེད། གྲོང་ཨུད་དྲིལ་བསྒྲགས་པུའི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་དང་ཡུལ་མི་ཚོ་མཉམ་དུ་འཛོམས་ནས་དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་མཉམ་དུ་བསྒྲེངས་ཏེ་ཏང་དར་ལ་ཕྱོགས་ནས་བརྗིད་ཉམས་ལྡན་པའི་དམ་བཅའ་བཞག་པ་རེད། ཏང་དར་འོག་གི་དམ་བཅའ་ལས་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་ས་མཐོར་གཞི་ཚུགས་པའི་ལྷག་བསམ་རྣམ་དག་གི་ཐོག་མའི་བསམ་འདུན་མངོན་པར་མ་ཟད། དམངས་ལ་ཞབས་འདེགས་ཞུ་བའི་ལེའུ་མུ་མཐུད་རྩོམ་པའི་འགོ་འཛུགས་ས་བརྟན་པོར་གྱུར་ཡོད།
རྒྱལ་གླུ་དཀྲོལ་གཏོང་དང་རྒྱལ་དར་ལྷབ་ལྷུབ་ཏུ་གཡོ་ཞིང་མཆིས། རྔམ་བརྗིད་ལྡན་པའི་རྒྱལ་གླུ་ལེན་པ་དང་ཆབས་ཅིག་སྐར་ལྔའི་དར་དམར་ས་མཐོའི་ཉི་འོད་འོག་དལ་བུར་བསྒྲེངས་པ་དང་བསྟུན་ནས་གྲོང་ཚོར་བཅའ་སྡོད་རུ་མི་དང་ཡུལ་མི་ཚོ་མཉམ་དུ་མགོ་བོ་གྱེན་དུ་བཏེགས་ཤིང་མིག་ནང་དུ་གུས་བཀུར་དང་རེ་སྒུག་གིས་ཁེངས། རྒྱལ་དར་སྒྲེང་བའི་མཛད་སྒོ་མཇུག་འགྲིལ་རྗེས་ཚང་མ་མཉམ་དུ་འཛོམས་ནས་ཏང་དར་འོག་གི་དམ་བཅའ་ཞེས་པ་གཙོ་དོན་དུ་བྱས་པའི་བྱེད་སྒོ་ཞིག་སྤེལ་བ་དང་། ཏང་ཞུགས་དམ་བཅའ་བསྐྱར་འཇོག་དང་ཐོག་མའི་བསམ་འདུན་གྱི་སྒྲོག་འགྲེལ་ཉན་ནས་དཔའ་ངར་ཆེར་བསྐྱེད་ཀྱི་དད་སེམས་འདི་ཉིད་སྤེལ་རེས་ཁྲོད་དེ་བས་བརྟན་དུ་ཕྱིན་པ་རེད།
ང་རང་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས་འདོད་པ་དང་། ཏང་གི་རྩ་འཛིན་ལ་བརྩི་བཀུར་ཞུ་བ། ཏང་གི་སྒྲིག་ཡིག་ལ་བརྩི་སྲུང་ཞུ་བ་སོགས་གྱང་ཉེ་གྲོང་ཚོའི་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་སྐལ་བཟང་ཕུན་ཚོགས་ཀྱིས་དམ་བཅའ་ཀློག་པ་དང་། གྲོང་ཚོར་བཅའ་སྡོད་ལས་དོན་རུ་མི་དང་ཏང་ཡོན་རྒན་གྲས་ཚོས་ལག་པ་གཡས་པ་ཡར་བཀྱགས་ནས་བརྗིད་ཉམས་ལྡན་པའི་དམ་བཅའི་ཚིག་ལས་མི་དམངས་ལ་ཞབས་འདེགས་ཞུ་བའི་ཐོག་མའི་བསམ་འདུན་འདུས་ཡོད།
སྒྲོག་འགྲེལ་པས་ལྕགས་ཚ་ཐོག་ལ་རྡུང་བ་དང་བསྟུན་ནས་ཚང་མ་དང་བྱམས་བརྩེའི་ངང་གླེང་མོལ་བྱས་ཤིང་། བབ་ཆགས་པའི་སྐད་ཆའི་ཐོག་ནས་འདི་གར་ཡོད་པའི་མི་ཚང་མར་ཏང་ནང་ཞུགས་སྐབས་ཀྱི་ཐོག་མའི་བསམ་འདུན་དང་ཁས་ལེན་བློ་ལ་བརྟན་པོར་ངེས་དགོས་པའི་སྐུལ་ལྕག་བྱས་ཡོད། འདི་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་104འཁོར་བའི་ལོ་ཞིག་རེད། ང་ཚོ་ཏང་ནང་ཞུགས་སྐབས་མི་དམངས་ལ་ཞབས་འདེགས་ཞུ་བའི་དམ་བཅའ་བཞག་ཡོད། སེམས་ནུས་ཡོད་རྒུ་བཏོན་ནས་དེའི་ནང་ཞུགས་ཏེ་ནམ་ཡང་ཕྲག་ཐོག་གི་འགན་འཁྲི་བརྗེད་མི་རུང་ཞེས་བཤད་པ་རེད།
ཏང་ཡོན་རྒན་གྲས་ཀྱི་བསམ་འདུན་ལྟར་དམ་བཅའ་བརྟན་སྲུང་བྱས་ཡོད། གྱང་ཉེ་གྲོང་ཚོའི་ཚོགས་ཆུང་གཉིས་པའི་ཏང་ཡོན་རྒན་གྲས་ཤིག་གིས་ང་རང་2001ལོར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས་པ་ཡིན། ཏང་ནང་ཞུགས་དོན་ནི་མི་དམངས་ལ་ཞབས་འདེགས་ཞུ་ཆེད་ཡིན་ལ་གདམ་ག་འདིར་ང་རང་འགྱོད་པ་སྐྱེ་མྱོང་མེད། ཏང་ཞུགས་དམ་བཅའ་སྔ་ས་ནས་སེམས་ནང་ངེས་ཡོད་ཅེས་བཤད།
གྲོང་ཚོར་བཅའ་སྡོད་རུ་མིའི་མྱོང་ཚོར་ལས་དམ་བཅའ་ལག་ལེན་ཏན་ཏིག་བསྟར་བ་མཚོན་ཡོད། གྲོང་ཨུད་དྲིལ་བསྒྲགས་པུའི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་དཔོན་གཞོན་པ་བསོད་ནམས་རྡོ་རྗེས་དེ་རིང་ཏང་དར་འོག་དམ་བཅའ་འཇོག་པའི་དམིགས་ཡུལ་ནི་ཡུལ་མི་ཚོར་ང་ཚོས་འདི་གར་མུ་མཐུད་སྲུང་སྐྱོང་བྱས་ནས་དཀའ་གནད་དེ་བས་མང་བ་སེལ་རྒྱུ་ཡིན་ཞེས་བཤད།
ཉི་འོད་འོག་ཏུ་གྱང་ཉེ་གྲོང་ཚོས་ཏང་དར་འོག་གི་དམ་བཅའ་ཞེས་པའི་གཙོ་དོན་བྱེད་སྒོ་སྤེལ་ཞིང་། སྦྱར་ཡིག་ཀྱང་མངོན་གསལ་དོད་པོ་ཡོད། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་ད་ཐེངས་ཀྱི་བྱེད་སྒོ་འགོ་འཛུགས་ས་གསར་པར་བརྩིས་ནས་འབྲོག་པ་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ལ་མུ་མཐུད་དམིགས་ཏེ་ཏང་དར་འོག་གི་དམ་བཅའ་དེ་དམངས་ཆེད་བྱ་བ་དངོས་སྒྲུབ་པའི་ཞིབ་ཕྲའི་བྱ་སྤྱོད་ཅིག་ཏུ་འགྱུར་བ་དང་།ས་མཐོའི་ཐོག་གི་ཐོག་མའི་བསམ་འདུན་ནམ་ཡང་གནས་ཐུབ་པར་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社