分享按钮

བོད་ལྗོངས་ཀྱི་2025ལོའི་G349གསར་བརྗེའི་ཡུལ་སྐོར་ཞེས་པའི་བྱེད་སྒོ་སྤེལ་འགོ་ཚུགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། བོད་ལྗོངས་ཀྱི་2025ལོའི་G349གསར་བརྗེའི་ཡུལ་སྐོར་ཉམས་ལེན་ཚོགས་པའི་བྱེད་སྒོ་དེ་རང་སྐྱོང་ལྗོངས་རྟེན་རྫས་བཤམས་མཛོད་ཁང་དུ་དངོས་སུ་སྤེལ་འགོ་ཚུགས་པ་རེད། རང་སྐྱོང་ལྗོངས་རིག་གནས་ཡུལ་སྐོར་ཐིང་གི་སྤུས་ལེགས་ཡུལ་སྐོར་ཐོན་རྫས་བཅུ་གཏོད་པའི་ལྟེ་བའི་ལས་འགན་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ངོས་ནས་བྱེད་སྒོས་ཡུལ་དངོས་སུ་ཉམས་ལེན་དང་། མཉམ་སྤྱོད་འདུ་ཚོགས། དྲིལ་བསྒྲགས་ཁྱབ་གདལ་བཅས་ལྷུ་ཚིགས་ཆེན་པོ་གསུམ་བརྒྱུད་G349ལམ་རྒྱུད་ཀྱི་གསར་བརྗེའི་ཡུལ་སྐོར་ཐོན་ཁུངས་ཕྱོགས་ཡོངས་ནས་འགྲེམས་སྟོན་བྱས་ཏེ་གྲགས་ཅན་གྱི་གསར་བརྗེའི་ཡུལ་སྐོར་ལམ་ཐིག་གཏོད་རྒྱུར་རམ་འདེགས་བྱ་རྒྱུ་རེད།

བྱེད་སྒོའི་ཉིན་དང་པོར་ལྗོངས་ཕྱི་ནང་གི་རིགས་གཅིག་མཁས་ཅན་དང་མཁས་དབང་། ཡུལ་སྐོར་ལས་དོན་པ། སྨྱན་སྦྱོར་ཚན་པ་བཅས་ཀྱི་འཐུས་མི་21ལྷ་སར་འཛོམས་ཤིང་། དེར་ཞུགས་མཁན་ཚོས་བོད་རང་སྐྱོང་ལྗོངས་རྟེན་རྫས་བཤམས་མཛོད་ཁང་དང་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོ་ཁང་ལ་ལྟ་སྐོར་བྱས་པ་དང་འབྲེལ《གསར་བརྗེའི་རྒྱ་མདའ》ཞེས་པའི་དཔེ་དེབ་སྤྲད་དེ་སློབ་སྦྱོང་གི་དཔྱད་གཞིར་བྱས་པ་རེད། ད་ཐེངས་ཀྱི་འགྲུལ་བཞུད་ཇུས་འགོད་ཞིབ་ཚགས་བྱས་ནས་དམག་སྡེ་18པའི་བོད་སྐྱོད་རྗེས་ཤུལ་དང་ཇ་དྲེལ་གནའ་ལམ་གནའ་ཤུལ་སོགས་རིག་དངོས་སྲུང་སྐྱོབ་ཚན་པ་6དང་འབྲེལ་བ་བྱ་རྒྱུ་དང་ཆབས་ཅིག་གསའ་ཕུ་གནས་རི་སོགས་རང་བྱུང་མཛེས་ལྗོངས་ཀྱང་མཉམ་འདྲེས་ཐུབ་པ་བྱ་རྒྱུ་རེད། དེའི་ནང་ཞུགས་མཁན་ཚོས་གྲོང་ཚོའི་དམངས་ཁྱིམ་མགྲོན་ཁང་དུ་སྡོད་པ་དང་ཁྱད་ལྡན་ཞིམ་ཟས་མྱོང་རོལ་བྱས་ཏེ་བོད་ཀྱི་གསར་བརྗེའི་རིག་གནས་དང་རང་བྱུང་མཛེས་ལྗོངས་ཉམས་སུ་མྱོང་རྒྱུ་རེད།

བྱེད་སྒོ་སྤེལ་རིང་།ད་དུང་གསར་བརྗེའི་བོད་ལྗོངས་ཀྱི་ཡིད་དབང་འཕྲོག་ཤུགས་ཞེས་པའི་ཆེད་དོན་མཉམ་སྤྱོད་འདུ་ཚོགས་འཚོགས་ནས་ལས་རིགས་ཀྱི་འཐུས་མི་150ཁྲུང་ཆིང་འགག་གསུམ་རྟེན་རྫས་བཤམས་མཛོད་ཁང་དུ་གདན་དྲངས་ནས་བསམ་ཚུལ་སྤེལ་རེས་བྱས་པ་རེད། གཙོ་གཉེར་ཕྱོགས་ཀྱིས་ད་ཐེངས་ཀྱི་བྱེད་སྒོ་ནི་གསར་བརྗེའི་ཡུལ་སྐོར་ཐོན་ཁུངས་ཀྱི་ཡུལ་དངོས་སུ་རྟོག་ཞིབ་བྱས་པ་ཞིག་ཡིན་པར་མ་ཟད། དེ་བས་རྗེས་མཐུད་དྲིལ་བསྒྲགས་ཁྱབ་གདལ་ཐད་རྩ་ཆེའི་དཔྱད་གཞི་གསོག་འཇོག་བྱས་ཡོད།

ད་ཐེངས་G349གསར་བརྗེའི་ཡུལ་སྐོར་གྱི་བྱེད་སྒོ་འགོ་ཚུགས་པ་དེའི་ཐོག་ནས་བོད་ཀྱི་གསར་བརྗེའི་ཡུལ་སྐོར་འཕེལ་རྒྱས་དུས་མཚམས་གསར་པར་སླེབས་ནས་ས་ཁོངས་རིག་གནས་ཡུལ་སྐོར་ཐོན་ལས་ལ་གསོན་ཤུགས་གསར་པ་བསྣན་པ་མཚོན་ཡོད། (པ་ཚེས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-07-31 6 6 拉萨日报藏文 c205173.html 1 བོད་ལྗོངས་ཀྱི་2025ལོའི་G349གསར་བརྗེའི་ཡུལ་སྐོར་ཞེས་པའི་བྱེད་སྒོ་སྤེལ་འགོ་ཚུགས་པ། /enpproperty-->