分享按钮

བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོའི་གྲ་སྒྲིག་ལས་དོན་ལྷ་ས་གྲོང་ཁྱེར་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི་ལས་དོན་སྐུལ་སྤེལ་ཚོགས་འདུ་ཐེངས་ལྔ་པ་འཚོཊ་པ།

(པར་ངོས་དང་པོར་མཐུད)དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱེད་དགོས་ཞེས་གསུངས།

ཀྲའོ་ཧུའེ་ཉན་གྱིས་རིམ་པ་ཁག་དང་སྡེ་ཚན་ཁག་གིས་བསམ་ཇུས་གཅིག་གི་བསམ་བློ་འཛུགས་པ་དང་། མཉམ་དུ་དྲི་བར་ལན་འདེབས་པ། མཉམ་དུ་ཤུགས་རྒྱག་པ་བཅས་བྱས་ཏེ་འགན་འཁྲི་ཇི་ཙམ་ནན་དུ་གཏོང་བ་དང་། བྱ་ཐབས་ཇི་ཙམ་ཞིབ་ཚགས་སུ་གཏོང་བ། འགག་སྒྲོལ་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས་པ་སྟེ། ཉེན་ཁ་དང་མངོན་མེད་རྐྱེན་ངན་སྣ་ཚོགས་ཕྱོགས་ཡོངས་ནས་གྲལ་བཤེར་དང་། འགལ་ཟླ་དང་རྩོད་གཞི་དུས་ཐོག་ཏུ་སེལ་བ། ཐོན་སྐྱེད་བདེ་འཇགས་ཀྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་པོ་བཅས་བྱས་ནས་སྤྱི་ཚོགས་སྤྱི་ཡོངས་ཞི་མཐུན་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་དགོས་པ་དང་། ལྟ་སྐུལ་ཞིབ་བཤེར་དང་སྒྲུབ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས་ལས་དོན་སྤེལ་ཤུགས་མི་འདང་བ་དང་འཕེལ་ཚད་དལ་བའི་ཚན་པར་དུས་ཐོག་ཏུ་གནས་ཚུལ་བརྡ་ཁྱབ་བཏང་ནས་བཅོས་སྒྲིག་བྱེད་དགོས་པ། གཙོ་གནད་ས་ཁོངས་དང་། གཙོ་གནད་ལམ་དུམ། གཙོ་གནད་གནད་དོན་བཅས་ལ་དམ་པོར་དམིགས་ཏེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོར་མུ་མཐུད་སྐུལ་སྤེལ་བཏང་ནས་གཙང་ཞིང་གྲལ་འགྲིག་པ་དང་ཚད་ལྡན་དང་གོ་རིམ་ལྡན་པའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཅིག་གཏོད་དགོས། སྤྱོད་ཚུལ་སྔར་བས་འགྱུར་ལྡོག་བཏང་ནས་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཏེ་ཉམས་སད་ཐེག་ཐུབ་པའི་ལས་ཀའི་སྤྱོད་ཚུལ་ཐོག་ནས་ལས་ཕྱོད་ཆེ་བ་དང་། ཚད་གཞི་མཐོ་བ། སྤུས་ཚད་མཐོ་བ་བཅས་ཀྱི་སྒོ་ནས་ལས་འགན་ཁག་ལེགས་སྒྲུབ་བྱེད་དགོས་ཞེས་ནན་གསུངས་གནང་བ་རེད། (པ་ཚེས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-07-31 6 6 拉萨日报藏文 c205172.html 1 བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོའི་གྲ་སྒྲིག་ལས་དོན་ལྷ་ས་གྲོང་ཁྱེར་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི་ལས་དོན་སྐུལ་སྤེལ་ཚོགས་འདུ་ཐེངས་ལྔ་པ་འཚོཊ་པ། /enpproperty-->