分享按钮

གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་གཅིག་སྡུད་སློབ་སྦྱོང་གི་བགྲོ་གླེང(རྒྱ་ཆེ)ཚོགས་འདུ་ཐེངས་བདུན་པ་འཚོགས་པ།

(པར་ངོས་དང་པོར་མཐུད)སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད། ཏང་ཙུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་ཁོངས་མི་4ཡིས་སྤེལ་རེས་དང་བགྲོ་གླེང་བྱས་པ་རེད།

ཧོ་ཕུང་གིས་བླང་བྱ་བཏོན་དོན།རང་རྟོགས་ངང་མི་དམངས་འཐུས་ཚོགས་ཀྱི་ལས་དོན་དེ་ཏང་གི་འགོ་ཁྲིད་འོག་སྤེལ་བ་དང་མང་ཚོགས་ཀྱི་རེ་སྒུག་ནང་མཉམ་འདྲེས་བྱས་ཏེ།ཨུ་ལྷན་གྱི་ལས་དོན་སྤྱི་འདོམས་ངང་འཆར་འགོད་དང་ཚན་རིག་དང་མཐུན་པའི་སྒོ་ནས་མི་སྒེར་གྱི་འགན་འཁྲི་གཏན་འཁེལ་བྱེད་དགོས་པ་དང་། འགལ་བ་གཙོ་བོར་དམ་འཛིན་བྱས་ནས་ཁྲིམས་འཛུགས་དང་ལྟ་སྐུལ་ལས་དོན་གྱིས་ལྟེ་བའི་ལས་འགན་ལ་དམིགས་པ་དང་། འཐུས་མིའི་ལས་དོན་གྱིས་འགན་སྒྲུབ་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ལས་ཁུངས་འཛུགས་སྐྱོང་གིས་སྤྱོད་ཚུལ་གྱི་གནད་དོན་གཙོ་གནད་ཐོག་ཐག་གཅོད་བཅས་བྱེད་དགོས་པ། སྤྱི་ཡོངས་ཀྱི་ཁེ་ཕན་དང་ཆ་ཤས་ཀྱི་ཁེ་ཕན་གཅིག་གྱུར་འཆར་འགོད་བྱས་ཏེ།དོན་དག་གལ་ཆེན་ཐག་གཅོད་སྐབས་མི་དམངས་ཀྱི་ལངས་ཕྱོགས་སུ་བརྟན་པོར་ལངས་དགོས་པ། གྲོང་ཁྱེར་མི་དམངས་འཐུས་ཚོགས་ལས་ཁུངས་འཛུགས་སྐྱོང་གིས་ལས་བྱེད་པའི་སློབ་གསོ་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་གཙོ་གནད་དུ་བརྩིས་ནས་ཡང་དག་པའི་རིན་ཐང་ལྟ་བ་ལག་ལེན་དུ་བསྟར་ཏེ། སློབ་སྦྱོང་གི་གྲུབ་འབྲས་དེ་འགག་སྒྲོལ་དཀའ་སེལ་དང་ལས་སྒྲུབ་ལས་གཏོད་ཀྱི་སྒུལ་ཤུགས་ཆེན་པོར་འགྱུར་བར་བྱེད་དགོས།

གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཁོངས་མི་ཀྲང་ཡུང་ལིན་དང་། ཀྲེང་ཝུའེ་གོ། ཟླ་བ། ཚེ་རིང་དོན་གྲུབ། ཚེ་རིང་སྒྲོལ་དཀར། ཧོའུ་ཅིང་ཧྭ་བཅས་ཚོགས་འདུར་ཞུགས་པ་རེད།(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-07-31 6 6 拉萨日报藏文 c205171.html 1 གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་གཅིག་སྡུད་སློབ་སྦྱོང་གི་བགྲོ་གླེང(རྒྱ་ཆེ)ཚོགས་འདུ་ཐེངས་བདུན་པ་འཚོགས་པ། /enpproperty-->