ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་29ཉིན་གློག་འཕྲིན་འབྱོར་གསལ།ཟླ་7ཚེས་29ཉིན།རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཛམ་གླིང་གཞོན་ནུའི་ཞི་བདེའི་ཚོགས་ཆེན་ལ་འཕྲིན་ཡིག་སྤྲིངས་གནང་བ་རེད།
ཞི་ཅིན་ཕིང་གིས། ད་ལོ་ནི་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གིས་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བའི་ལོ་ཞིག་རེད། ལོ་ངོ་80ཡི་གོང་། ཀྲུང་གོའི་མི་དམངས་ཀྱིས་འཛམ་གླིང་མི་དམངས་དང་མཉམ་དུ། དཀའ་སྤྱད་འབད་འབུངས་ཀྱིས་ཁྲག་བཏོན་དམར་འཛིང་བྱས་པ་བརྒྱུད། ཧྥ་ཤི་སི་རིང་ལུགས་ཕམ་ཉེས་མཐར་ཕྱིན་པར་བཏང་བ་དང་། ཐོབ་པར་དཀའ་བའི་ཞི་བདེ་ཐོབ་ཡོད་ཅེས་བསྟན་ཡོད།
ཞི་ཅིན་ཕིང་གིས། ཞི་བདེའི་མ་འོངས་པའི་རེ་བ་དེ་གཞོན་ནུ་རྣམས་ལ་བཅོལ་ཡོད། རྒྱལ་ཁབ་ཁག་གི་གྲོགས་པོ་གཞོན་ནུ་རྣམས་ནས་ཐེངས་འདིའི་ཚོགས་ཆེན་གོ་སྐབས་ཤིག་ལ་བརྩིས་ཏེ། བསམ་ཚུལ་གླེང་རེས་དང་། རྒྱུས་ལོན་ཟབ་གཏོང་། མཛའ་བཤེས་ཆཊ་པར་བྱས་ཐོག མཉམ་དུ་ཞི་བདེའི་འདུ་ཤེས་ཀྱི་ཁྲིད་སྟོན་པ་དང་ཞི་བས་གོང་སྤེལ་གྱི་ལག་ལེན་བསྟར་མཁན་བྱས་ནས། མིའི་རིཊ་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུཊ་ཆེད་བློ་གྲོས་དང་སྟོབས་ཤུཊ་ལེཊ་སྐྱེས་སུ་འབུལ་རྒྱུའི་རེ་བ་ཡོད་ཅེས་ནན་གསུངས་གནང་ཡོད།
འཛམ་གླིང་གཞོན་ནུའི་ཞི་བདེའི་ཚོགས་ཆེན་དེ་ཉིན་དེར་པེ་ཅིང་དུ་འཚོགས་པ་དང་།གཙོ་དོན་ནི་མཉམ་དུ་ཞི་བདེའི་ཆེད་དུ་ཞེས་པ་དེ་ཡིན་པ་དང་། ཀྲུང་གོ་མི་དམངས་ཕྱི་ཕྱོགས་མཛའ་གྲོགས་མཐུན་ཚོགས་དང་ཀྲུང་ཧྭ་རྒྱལ་ཡོངས་གཞོན་ནུ་མཉམ་འབྲེལ་ཚོགས་པས་མཉམ་དུ་གཉེར་བ་ཞིག་རེད།(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社