分享按钮

སློབ་གྲྭ་འགྲིམ་རྒྱུ་ཡོད་པ་ནས་སློབ་གྲྭ་ཡག་པོ་འགྲིམ་རྒྱུ་ཡོད་པའི་བར་གྱི་འཕོ་འགྱུར་ཆེན་མོ།

ལྷ་ས་གྲོང་ཁྱེར་གྱི་སློབ་གསོའི་བྱ་གཞག་འཕེལ་རྒྱས་སྐོར་གྱི་སྒྲིལ་གླེང་།

སློབ་གསོ་ནི་རྒྱལ་ཁབ་འཕེལ་རྒྱས་གཏོང་བའི་རྩ་བའི་ཇུས་ཆེན་དང་།ཏང་གི་བྱ་གཞག་གི་རྨང་གཞི་གལ་ཆེན།མི་རིགས་དར་རྒྱས་དང་སྤྱི་ཚོགས་ཡར་ཐོན་ཡོང་བའི་སྒུལ་ཤུགས་ཆེན་པོ་བཅས་ཡིན།

འདི་ལོ་ནི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་ལོ་ཞིག་ཡིན་ལ་ལྷ་སའི་སློབ་གསོའི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བའི་ལོ་ཞིག་ཀྱང་ཡིན།ལོ་ངོ་60ཡི་རིང་།ལྷ་སའི་སློབ་གསོ་མེད་པ་ནས་ཡོད་པའི་བར་དང་ཉམས་ཞན་ནས་སྟོབས་ཆེར་སོང་བའི་བར་གྱི་འོད་སྟོང་འཕྲོ་བའི་ལེའུ་བརྩམས་ཡོད།

ལྷ་ས་གྲོང་ཁྱེར་སློབ་གསོ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཏུའུ་ཧྥེང་གིས་1952ལོར་ལྷ་ས་གྲོང་ཁྱེར་སློབ་ཆུང་དང་པོ་དབུ་བརྙེས་པ་ལས་ལྷ་སའི་དེང་རབས་སློབ་གསོ་འགོ་ཚུགས་པ་མཚོན་ཡོད།ལོ་ངོ་60ཡི་རིང་།ལྷ་སའི་སློབ་གསོ་ནི་སྐུ་དྲག་དང་དགོན་སྡེས་སྒེར་སྡེམ་བྱས་པ་ནས་མི་དམངས་བློ་མགུ་བའི་སློབ་གསོ་གཉེར་པའི་བར་གྱི་རླབས་ཆེན་འཕོ་འགྱུར་དང་།རྟ་ཐོག་སློབ་གྲྭ་དང་སྦྲ་གུར་སློབ་ཁང་ནས་ད་ཆའི་རིག་ལྡན་སློབ་གྲྭ་དང་གྲངས་འཛིན་ཅན་གྱི་སློབ་ཁྲིད་བར་འཕེལ་རྒྱས་བྱུང་ཡོད་ཅེས་བཤད།ཁོང་གིས་མིག་སྔར་ལྷ་སར་དེང་རབས་སློབ་གསོའི་མ་ལག་ཆ་ཚང་ཞིག་བསྐྲུན་ཟིན་པ་དང་།རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭ་377དང་།སློབ་གྲྭར་འགྲོ་མུས་ཀྱི་སློབ་མ་ཁྲི་16.35ཡོད་པས།མི་རིགས་ཁག་གི་མི་དམངས་ཀྱི་སློབ་གསོ་ཐོབ་དབང་འགན་ལེན་གང་ལེགས་ཐུབ་ཡོད་ཅེས་བཤད།

ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་དེ་སློབ་གསོ་འཕེལ་རྒྱས་བརྟན་པོ་ཡོང་བར་བྱས་པ།

ལྷ་སའི་སློབ་གསོའི་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ་དེ་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་ཁ་འབྲལ་ཐབས་མེད།དུས་ཡུན་རིང་པོའི་ནང་།ལྷ་ས་གྲོང་ཁྱེར་གྱི་སློབ་གསོའི་ཁོངས་གཏོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཏང་གིས་སློབ་གསོའི་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ་དེ་ལས་འགན་ཨང་དང་པོར་བརྩིས་ནས་བློ་བརྟན་འགྱུར་མེད་ངང་སྤྱི་ཚོགས་རིང་ལུགས་ཀྱི་སློབ་གཉེར་ཁ་ཕྱོགས་སྟངས་འཛིན་བྱེད་ཀྱི་ཡོད།

ལྷ་ས་པེ་ཅིང་ཚོད་ལྟའི་སློབ་འབྲིང་གི་ཚོགས་ཁང་ནང་ཏང་གི་སློབ་གསོའི་སྲིད་ཇུས་གསར་ཤོས་སློབ་སྦྱོང་བྱེད་པའི་སྐོར་གྱི་ཏང་ཡོན་དགེ་རྒན་གྱི་བགྲོ་གླེང་ཚོགས་འདུ་ཚ་ཚ་འུར་འུར་ངང་འཚོགས་ཤིང་།ཏང་ཡོན་དགེ་རྒན་ཁྲང་ཅིས་ཏང་གི་འགོ་ཁྲིད་ནི་ལྷ་སའི་སློབ་གསོ་འཕེལ་རྒྱས་ཀྱི་གཙོ་ཤུགས་དམག་ལྟ་བུ་ཡིན།སློབ་གྲྭའི་ཏང་རྩ་འཛུགས་ཀྱིས་འགོ་ཁྲིད་བྱས་པའི་སློབ་སྤྱིའི་འགན་འཁྲིའི་ལམ་ལུགས་དེས་ང་ཚོའི་ལས་ཀའི་ཁ་ཕྱོགས་སྔར་བས་ཁ་གསལ་དུ་སོང་བ་དང་།ཏང་གི་སློབ་གསོའི་མཛད་ཕྱོགས་སློབ་ཚན་མི་རེ་ངོ་རེའི་ནང་དོན་འཁྱོལ་སྔར་ལས་ལེགས་པར་བྱེད་བཞིན་ཡོད་ཅེས་བཤད།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན།ལྷ་ས་གྲོང་ཁྱེར་གྱི་སློབ་གསོའི་ཁོངས་གཏོགས་ཀྱིས་གྲོང་ཁྱེར་དང་རྫོང་རིམ་པ་གཉིས་སུ་ཏང་ཨུད་ཀྱི་སློབ་གསོའི་ལས་དོན་འགོ་ཁྲིད་ཚོགས་ཆུང་དང་སློབ་གསོའི་ལས་དོན་ཨུ་ལྷན་འཛུགས་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ནས་ཏང་ཨུད་ཀྱིས་གཅིག་གྱུར་འགོ་ཁྲིད་དང་།ཏང་སྲིད་ཀྱིས་ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ།སྡེ་ཚན་ཁག་གིས་རང་འགན་རང་འཁུར་བཅས་ཀྱི་སློབ་གསོའི་ལས་དོན་གྱི་འགོ་ཁྲིད་སྒྲིག་སྲོལ་བཙུགས་ཡོད།དེ་དང་ཆབས་ཅིག་སློབ་གྲྭ་འབྲིང་ཆུང་གི་ཏང་རྩ་འཛུགས་ཀྱིས་འགོ་ཁྲིད་བྱེད་པའི་སློབ་སྤྱིའི་འགན་འཁྲིའི་ལམ་ལུགས་ཀྱི“2+2”ཀྱི་བྱེད་ཐབས་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་གྲོང་ཁྱེར་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་ཧྲུའུ་ཅི་དང་སློབ་སྤྱི་གཉིས་བཀོད་སྒྲིག་བྱས་ཏེ་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་སྲོག་ཤིང་དང་།སློབ་སྤྱིའི་འགན་འཁྲིའི་ལམ་ལུགས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཡོད།རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭ་ཚང་མར་ཏང་གི་གཞི་རིམ་རྩ་འཛུགས་བཙུགས་ནས་ཏང་གི་གཞི་རིམ་རྩ་འཛུགས་དང་།(པར་ངོས་བཞི་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-07-31 ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་གྱི་གསར་འགོད་པ།ཚེ་རིང་སྒྲོལ་མ། ལྷ་ས་གྲོང་ཁྱེར་གྱི་སློབ་གསོའི་བྱ་གཞག་འཕེལ་རྒྱས་སྐོར་གྱི་སྒྲིལ་གླེང་། 6 6 拉萨日报藏文 c205166.html 1 སློབ་གྲྭ་འགྲིམ་རྒྱུ་ཡོད་པ་ནས་སློབ་གྲྭ་ཡག་པོ་འགྲིམ་རྒྱུ་ཡོད་པའི་བར་གྱི་འཕོ་འགྱུར་ཆེན་མོ། /enpproperty-->