ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་7ཚེས་29ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཀྲའོ་ཧུའེ་ཉན་གྱིས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོའི་གྲ་སྒྲིག་ལས་དོན་ལྷ་ས་གྲོང་ཁྱེར་འགོ་ཁྲིད་ཚོཊ་ཆུང་གཞུང་ལས་ཁང་གི་ལས་དོན་སྐུལ་སྤེལ་ཚོཊ་འདུ་ཐེངས་ལྔ་པ་གཙོ་སྐྱོང་གནང་ནས་འཚོཊ་ཤིང་། དུས་འགོའི་ལས་དོན་སྤྱི་འདོམས་བཀོད་གཏོང་དང་། དཀའ་གནད་དབྱེ་ཞིབ་དང་ཞིབ་འཇུག་བརྡར་གཅོད། རྗེས་མའི་ལས་དོན་ལ་སླར་ཡང་བཀོད་སྒྲིག་བཅས་བྱས་པ་རེད། ཁོང་གིས་འགན་འཁྲི་འཁུར་སེམས་དང་། ལས་འགན་སྒྲུབ་སེམས། དགོས་གཏུག་གི་བསམ་པ་བཅས་ཆེ་རུ་ཏན་ཏིག་བཏང་ནས་འགན་འཁྲི་སྔར་བས་ནན་དུ་གཏོང་བ་དང་ལས་ཡུན་ལྡོག་སྒྲིག་བྱས་ཏེ་རྒྱལ་ཁ་ཕུ་ཐག་གཅོད་པའི་རྣམ་པའི་ཐོག་ནས་ནུས་ཤུཊ་ཡོད་རྒུས་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་དགོས་ཞེས་ནན་གསུངས་གནང་བ་རེད།
ཀྲའོ་ཧུའེ་ཉན་གྱིས་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་རྟེན་འབྲེལ་བྱེད་སྒོ་གྲ་སྒྲིག་ཡག་པོ་བྱེད་པའི་ལས་འགན་དཀའ་ཚེཊ་ཆེ་བ་དང་འགན་འཁྲི་ལྕི་བས་རིམ་ཁག་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་ཚུཊ་གནས་མཐོ་རུ་ཏན་ཏིག་གཏོང་བ་དང་། འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ། ལས་དོན་ཁག་མིག་སྔའི་དོན་ཆེན་ཨང་དང་པོར་བརྩི་བ། ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩི་བ་བཅས་བྱས་ནས་ལས་དོན་ཁག་དོན་འཁྱོལ་ཞིབ་ཚཊ་དང་།(པར་ངོས་གསུམ་པར་གཟིཊ)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社