ཟླ་7པར་སྙེ་མོར་རྩི་ཤིང་སྔོ་ཞིང་ཉི་འོད་རབ་ཏུ་འཚེར། སྙེ་མོ་རྫོང་གནས་ཡུལ་གྲོང་ཚོར་གནས་པའི་ཐོན་མིའི་དེང་རབས་ཞིང་ལས་ཐོན་ལས་གླིང་དུ་དྲོད་ཁང་མང་དག་ཅིག་གོ་རིམ་ལྡན་པའི་ངང་སྟར་པ་བསྒྲིགས་ཡོད། དྲོད་ཁང་གི་སྒོ་ཡོལ་ཕྱེ་བ་དང་དམར་མདངས་བཀྲ་བའི་སེའུས་ཁེངས་ཤིང་། ལོ་མའི་འོག་ནས་ཡིད་དབང་འཕྲོག་པའི་བཀྲག་མདངས་འཚེར།
ཤེས་རྟོགས་བྱུང་བར་གཞིགས་ན། 2024ལོར་ཐོན་ལས་གླིང་གི་སེའུ་ཐོན་ཚད་རྒྱ་མ་5200ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་བརྒྱ་ཆ་40འཕར་བ་དང་ཕྱིར་ཚོང་གི་ཡོང་འབབ་སྒོར་ཁྲི་40ཟིན་ཡོད། འདི་ལོ་འདེབས་འཛུགས་ཀྱི་གཞི་ཁྱོན་ཆེ་རུ་བཏང་ནས་དྲོད་ཁང་ཆེན་མོ་10བར་བསྐྲུན་པ་དང་ལོ་སྟོད་དུ་རྒྱ་མ་ཁྲི་1.7འཐུས་པ་རེད།
པར་འདི་ནི་ལས་དོན་མི་སྣས་སེའུ་འཐུ་བཞིན་པའི་རྣམ་པ་ཡིན།(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社