分享按钮

དམངས་ཡོངས་ཀྱི་དུག་འགོག་རྣམ་པ་ཟབ་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། 2025ལོའི་རྒྱལ་ཡོངས་ཀྱི་ཏ་ཡུན་ཧའོ་རུ་སྐྱོད་ཅེས་པའི་དམངས་ཡོངས་ཀྱི་ལུས་སྦྱོང་རིམ་སྤེལ་བྱེད་སྒོ་དང་བོད་རང་སྐྱོང་ལྗོངས་ཀྱི་དམངས་ཡོངས་ཀྱི་ལུས་སྦྱོང་གི་གཙོ་དོན་བྱེད་སྒོ(རྐང་ཐང་མར་བསྐྱོད་པ)དེ་ལྷ་ས་གྲོང་ཁྱེར་ཀྲུང་ཧྭ་རིག་གནས་སྤྱི་གླིང་དུ་སྤེལ་ཡོད།

ད་ཐེངས་ཀྱི་བྱེད་སྒོར་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣ་400ལྷག་ཙམ་ཞུགས་ཡོད། ཡུལ་དངོས་སུ་སྨན་རྫས་གང་བྱུང་དུ་སྤྱོད་རྒྱུར་དོགས་ཟོན་བྱས་ནས་བདེ་ཐང་གི་མི་ཚེར་སྲུང་སྐྱོབ་བྱེད་ཅེས་པ་སོགས་གཙོ་དོན་དུ་བྱས་པའི་འཕྲེད་འགེལ་སྦྱར་ཡིག་བཀལ་ཡོད་ཅིང་།དུག་རྫས་ཀྱི་འདྲ་བཟོའི་དངོས་དཔེ་100ལྷག་ཙམ་གཅིག་སྡུད་ཐོག་འགྲེམས་སྟོན་བྱས་པ་དང་འབྲེལ་དྲིལ་བསྒྲགས་ལག་དེབ་འབོར་ཆེན་ཡང་སྤྲད་ཡོད།

མེ་མདའི་སྒྲ་གྲཊ་པ་དང་བསྟུན་ནས་རྐང་ཐང་མར་སྐྱོད་མཁན་སྤྱི་གླིང་བརྒྱུད་དེ་རྐང་ཐང་ལམ་དུ་བསྐྱོད་ཡོད། ལམ་ཐག་སྤྱི་ལེ་3ཟིན་པའི་ནང་བྱེད་སྒོར་ཞུགས་མཁན་ཚོས་ལུས་རྩལ་གྱི་སྤྲོ་སྣང་ལོངས་སུ་སྤྱོད་པ་དང་ཆབས་ཅིག་དུག་རྫས་འགྲེམས་ཁུལ་གྱི་ནང་དོན་ལ་གྲོས་བསྡུར་ཡང་ཡང་བྱས་ཡོད། ཚང་མས་འགྲེམས་སྟོན་དང་འགྲེལ་བཤད་དེ་རིགས་ལ་ལྟ་ཉན་བྱས་པ་དེ་དཔེ་དེབ་བལྟས་པ་ལས་གོ་བདེ་བ་དང་དྲན་ཤེས་ཟབ་པ་ཡོང་གི་འདུག་ཅེས་བཤད།

བྱེད་སྒོ་སྤེལ་རིང་། མི་དམངས་ཉེན་རྟོག་པ་དང་དང་བླངས་པས་དུག་རྫས་ཀྱི་འདྲ་བཟོའི་དངོས་དཔེ་100ལྷག་ཙམ་ལ་དམིགས་ནས་དུག་རྫས་རིགས་ཀྱི་ཕྱི་ཚུལ་ཁྱད་ཆོས་དང་། གནོད་འཚེ། དེ་བཞིན་རྫུན་བཟོ་བྱ་ཐབས་བཅས་འགྲེལ་བཤད་ཞིབ་ཕྲ་བརྒྱབ་པ་དང་། ལྷག་པར་དུ་དུག་རྫས་གསར་པ་དེ་དག་རྟག་ཏུ་ཞོར་ཟས་དང་བཏུང་བཅའ་སོགས་ཀྱི་རིགས་ནས་ཐོན་གྱི་ཡོད་པས། དོགས་ཟོན་ཆེན་པོ་བྱེད་དགོས་པའི་དྲན་སྐུལ་བྱས་ཡོད།

ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་དུག་འགོག་ཉིང་ལག་རུ་ཁག་གི་ཉེན་རྟོག་དཔོན་ཧོང་ལཊ་ཀྱིས་མང་ཚོཊ་ཚོས་ལྟ་འདོད་ཅིང་ཉན་སྤྲོ་བའི་རྣམ་པ་བརྒྱུད་དུག་འགོག་གི་ཤེས་བྱ་ཁྱབ་གདལ་ཐུབ་རྒྱུའི་རེ་བ་ཡོད། ཡུལ་དངོས་སུ་དུག་རྫས་ཀྱི་འདྲ་བཟོའི་དངོས་དཔེ་100ལྷག་ཙམ་འགྲེམས་སྟོན་བྱས་པ་དེ་ཚང་མས་དུག་རྫས་ཀྱི་རྫུན་བཟོའི་རང་བཞིན་དང་གནོད་འཚེའི་རང་བཞིན་ཐད་ཀར་མཐོང་ཐུབ་པ་བྱ་ཆེད་ཡིན། མི་ཚང་མས་དོཊ་ཟོན་ཆེར་སྐྱེད་བྱས་ན་ད་གཟོད་དུག་འགོག་གི་འགོག་སྲུང་འཛིང་རགས་བརྟན་དུ་གཏོང་ཐུབ་ཅེས་བཤད།(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-07-31 6 6 拉萨日报藏文 c205162.html 1 དམངས་ཡོངས་ཀྱི་དུག་འགོག་རྣམ་པ་ཟབ་པ། /enpproperty-->