ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། མལ་གྲོ་གུང་དཀར་རྫོང་བཀྲ་ཤིས་སྒང་ཤང་རྣམ་རྒྱལ་གླིང་གྲོང་ཚོར་བཅའ་སྡོད་གྲོང་ཁྱེར་སྨན་བཅོས་འགན་བཅོལ་ཅུས་ཀྱི་ལས་དོན་རུ་ཁག་གིས་བསྟུད་མར་སྤེལ་བའི་ཉིན་བརྒྱའི་བརྟག་ཞིབ་ཆེན་མོའི་ཁྲོད། ལས་དོན་རུ་ཁག་གི་རུ་མིས་ཕྲུ་གུ་དམར་འབྱར་ཁག་ཅིག་ལ་འཚོ་བཅུད་མི་འདང་བ་སྟེ། ཨ་མའི་འོ་མ་མི་འདང་བ། ཨ་མ་ཕྱིར་ཞོར་ལས་ལ་འགྲོ་དགོས་པ་སོགས་ཀྱི་དངོས་ཡོད་ཀྱི་དཀའ་ངལ་ཡོད་པའི་རྐྱེན་གྱིས་ཕྲུ་གུ་དམར་འབྱར་དེ་དག་འཚར་ལོངས་ཡོང་བར་འཚོ་བཅུད་ཀྱི་རྒྱབ་སྐྱོར་བྱེད་དགོས་པ་ཤེས་རྟོགས་བྱུང་།
གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་འོ་རྩམ་གྱི་རོགས་སྐྱོར་དེ་ཏང་དར་འོག་གི་དམ་བཅའ་ཞེས་པའི་གཙོ་དོན་བྱེད་སྒོའི་ནང་མཉམ་འདྲེས་ཐུབ་པར་བྱས་ཏེ་འདི་ཉིད་བསམ་འདུན་ཆུང་ངུའི་ལག་ལེན་རྣམ་གྲངས་ཀྱི་གསོན་ཉམས་དོད་པའི་དཔེ་མཚོན་དུ་འགྱུར་བར་བྱས་པ་རེད། ཚལ་མངགས་རྣམ་པའི་ཞབས་ཞུའི་ལམ་སྲོལ་བཙུགས་པ་བརྒྱུད། དུས་འགོར་དུད་ཚང་དུ་བསྐྱོད་དེ་ཡུལ་མིའི་བསམ་འདུན་ཆུང་ངུ་དང་རེ་ཞུ་ཆུང་ངུར་མཐིལ་རྟོགས་བྱས་ནས་མང་ཚོགས་ལ་དགོས་མཁོ་ཁ་གསལ་ངང་ཤོད་དུ་བཅུག་པ་དང་། ལས་དོན་རུ་ཁག་གིས་རང་འགུལ་ངང་འགན་ཁུར་ནས་ཁོང་ཚོའི་དཀའ་ངལ་ཐག་གཅོད་གང་ལེགས་བྱས་པ་རེད།
དེ་དང་ཆབས་ཅིག་ཏུ་ལྷ་ས་གྲོང་ཁྱེར་རྒྱ་གྲམ་དམར་པོ་ཚོགས་པ་དང་འབྲེལ་གཏུགས་མཐུན་སྦྱོར་ཡང་ཡང་བྱས་ཏེ་གྲོང་ཚོའི་ཕྲུ་གུ་དམར་འབྱར་དང་བྱིས་པར་འོ་རྩམ་མཁོ་བའི་གནས་ཚུལ་གསལ་བཤད་ཞིབ་ཕྲ་བྱས་ནས་ཕྲུ་གུ་དམར་འབྱར་དང་བྱིས་པར་ནང་འདྲེན་བྱས་པའི་འོ་རྩམ་སྒམ་20དང་ལྕགས་ཀྲིན་120བརྩོན་ལེན་བྱས་པ་དང་། དེར་སྤྱིའི་རིན་ཐང་སྒོར་48000ལྷག་ཙམ་ཟིན་ཡོད། འོ་རྩམ་ཚང་མ་མཁོ་གལ་ཆེ་སར་སྤྲོད་ཐུབ་པའི་འགན་ལེན་བྱ་ཆེད། འོ་རྩམ་དེ་དག་འཚོ་བཅུད་མི་འདང་བའི་ཕྲུ་གུ་དམར་འབྱར་དང་བྱིས་པར་སྤྲད་པ་རེད།
ལས་དོན་རུ་ཁག་གིས་སྤྱོད་ཚུལ་ཏན་ཏིག་ལ་བརྟེན་ནས་བསམ་འདུན་ཆུང་ངུ་ཞེས་པའི་བྱེད་སྒོ་དེ་མང་ཚོགས་ཀྱི་སེམས་ནང་ཟུག་པར་བྱས་པ་དང་། མང་ཚོཊ་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་བྱ་སྤྱོད་ཁྲོད་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་རོགས་སྐྱོར་བྱེད་པའི་ཐོག་མའི་བསམ་འདུན་དང་འགན་འཁྲི་མུ་མཐུད་ནས་གསལ་དུ་བཏང་སྟེ་ཏང་དར་འོག་གི་རྔམ་བརྗིད་ལྡན་པའི་དམ་བཅའ་དེ་མང་ཚོཊ་ལ་ཞབས་འདེགས་ཞུ་བའི་ལག་ལེན་གྱི་ཕྱོགས་སུ་བསྒྱུར་བ་རེད།(པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社