(པར་ངོས་དང་པོར་མཐུད)སྐྱེ་ཁམས་གསར་གཏོད་བྱ་རྒྱུ་དེ་ཐོན་སྐྱེད་ནུས་ཤུགས་གསར་མར་འགྱུར་བར་བྱེད་དགོས།
ཧང་ཀྲོའུ་ལ་ཅིའི་ཕྱིར་ཚན་རྩལ་གྱི་གྲགས་ཅན་ཁེ་ལས་དྲུག་ཐོན་པ་ཡིན།ཡུས་ཧྲུའུ་ཚན་རྩལ་སོགས་ཁེ་ལས་དྲུག་འཁོར་རྒྱ་ལས་ཐོན་པ་དང་བསྟུན་ནས་གྲོང་ཁྱེར་དེའི་འཚོལ་ཞིབ་ལ་དོ་ཁུར་ཆེན་པོ་ཐོབ་ཡོད།
ནུས་ཆེའི་ཚན་རྩལ་གསར་གཏོད་ཀྱི་ལས་སྟེགས་གཏོད་པ་ནས་ཚན་རྩལ་གསར་གཏོད་ཀྱི་ཐེབས་རྩ་དང་གསར་གཏོད་ཀྱི་ཐེབས་རྩ་བཙུགས་པའི་བར་ཁེ་ལས་ཆུང་ཆུང་ནས་སྟོབས་ཆེར་གྱུར་པའི་བར་གསར་གཏོད་ཀྱི་སྙིང་སྟོབས་ལྡན་ཡོད།
ཀྲུང་གོ་ཆ་འཕྲིན་འཕྲིན་གཏོང་ཞིབ་འཇུག་ཁང་སྲིད་ཇུས་དང་དཔལ་འབྱོར་ཞིབ་འཇུག་སོའུ་ཡི་སོའུ་ཀྲང་ཤིན་ཡུང་ཧྥེས་གསར་གཏོད་སྐྱེ་ཁམས་གསོ་སྐྱོང་བྱེད་པ་ནི་གྲོང་ཁྱེར་གྱི་གཉེན་ཤུགས་ལ་བརྟེན་ནས་ཐོན་ལས་འགྲན་རྩོད་གོང་འཕེལ་གཏོང་བའི་འགག་རྩ་ཡིན་ཞིང་།ཁོང་གིས་གྲོང་ཁྱེར་འཕེལ་རྒྱས་གཏོང་བར་ཐོན་ཁུངས་ཀྱི་རྒྱུ་རྐྱེན་མཉམ་སྤྱོད་དང་།གསར་གཏོད་འཁོར་སྦྲེལ་དང་ཐོན་ལས་འཁོར་སྦྲེལ་མཉམ་འདྲེས།རྨང་གཞིའི་སྒྲིག་བཀོད་མཉམ་འབྲེལ་སོགས་ཀྱི་ཐད་ཤུགས་རྒྱག་པ་དང་།ཐོནསྐྱེད་ནུས་ཤུགས་གསར་མར་མཁོ་བའི་སྐྱེ་ཁམས་མ་ལག་གྲུབ་པར་བྱེད་དགོས་ཞེས་བཤད།
གྲོང་ཁྱེར་སྟོང་ལ་རྣམ་པ་གཅིག་མི་ཡོང་བར་བྱས་ནས་ཡུལ་བབ་དང་བསྟུན་རྒྱུ་མཐའ་འཁྱོངས་བྱེད་དགོས།
གྲོང་ཁྱེར་མི་འདྲ་བའི་ཐོན་ཁུངས་དང་ཐོན་ལས་ཀྱི་རྨང་གཞིའང་མི་འདྲ་བ་རེད།གལ་ཏེ་ཚང་མ་གཅིག་མཚུངས་ཀྱི་ལམ་བུའི་ཐོག་བསྐྱོད་ན།ས་གནས་སོ་སོས་རང་གི་ཁྱད་ཆོས་འདོན་དཀའ་བར་མ་ཟད།ད་དུང་ཐོན་ཁུངས་ཆུད་ཟོས་སུ་འགྲོ་རྒྱུ་རེད།
ཤིན་ཡུང་ཧྥེས་སྐྱེ་ཁམས་གསར་གཏོད་སྐྱེད་སྲིང་བྱེད་པ་དེ་གྲོང་ཁྱེར་གྱི་ངེས་གནས་ལ་གནད་སྨིན་སྟངས་འཛིན་བྱེད་པ་ལས་མངོན་གྱི་ཡོད།མིག་སྔར་ཁྱབ་ཁོངས་ཁག་གཅིག་ཏུ་ཐོན་པའི་བསྐྱར་ཟློས་འཛུགས་སྐྲུན་སོགས་ཀྱི་གནད་དོན་ལས་ཡུལ་བབ་དང་བསྟུན་པའི་གལ་ཆེའི་རང་བཞིན་མངོན་ཡོད།དོན་དངོས་ལ་གཞི་ཚུགས་པ་དང་།རྗེས་དཔག་གི་འཆར་འགོད།སྔོན་དཔག་གི་བཀོད་སྒྲིག་བཅས་བྱས་ནས་གྲོང་ཁྱེར་ཚང་མའི་ཁྱད་ཆོས་འདོན་སྤེལ་གང་ལེགས་བྱས་ཚེ།གཞི་ནས་སྒུལ་ནུས་སླར་ཡང་རིམ་སྤོར་དང་གསོན་ཤུགས་སླར་ཡང་ཆེ་རུ་འགྲོ་ཐུབ་ཅེས་བཤད།
སྒྱུར་བཅོས་སྒོ་དབྱེར་བརྟེན་ནས་གྲོང་ཁྱེར་གྱི་གསོན་ཤུགས་འདོན་སྤེལ་བྱེད་དགོས།
ཚོགས་འདུའི་ཐོག་སྒྱུར་བཅོས་སྒོ་དབྱེར་བརྟེན་ནས་གྲོང་ཁྱེར་གྱི་སྒུལ་ནུས་ཆེ་རུ་གཏོང་དགོས་ཞེས་བཏོན་ཡོད།ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི་ཤར་ལྷོ་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཏོན་ཅིན་གྱིས་ལམ་ལུཊ་གསར་གཏོད་བྱས་པ་བརྒྱུད།གྲོང་ཁྱེར་གྱི་གསར་གཏོད་ནུས་པ་དང་གསོན་ཤུཊ་འཕེལ་བར་བྱེད་པའི་འགག་རྩའི་ནུས་པ་མངོན་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད།
སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ཏུ་བཏང་ནས་གསར་གཏོད་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་གཏིང་ཟབ་པའི་གནད་དོན་ཐག་གཅོད་བྱེད་དགོས།
ཅང་སུའུ་ཡི་ཁེ་ལས་སི་པི་ཁྲེ་ཚན་རྩལ་མ་རྐང་ཚད་ཡོད་ཀུང་སིས་ཧྲང་ཧའེ་འགྲིམ་འགྲུལ་སློབ་ཆེན་སོགས་དང་མཉམ་དུ་ལག་རྩལ་འགག་སྒྲོལ་བྱས་པ་དང་།མཉམ་ལས་ཀྱི་གྲུབ་འབྲས་ཨན་ཧུའེ་ཡི་ཆི་རུའེ་རླངས་འཁོར་དང་ཀྲེ་ཅང་གི་ཅི་ལི་རླངས་འཁོར་སོགས་སུ་སྤྱད་པ་སོགས་ཉེ་ཆར་འཚོགས་པའི་འབྲི་ཆུའི་ཟུར་གསུམ་ཁུལ་གཞི་གཅིག་ཅན་འཕེལ་རྒྱས་ཀྱི་མཐོ་རིམ་གླེང་སྟེགས་ཐོག་གྱོད་དཔེ་གཅིག་ལ་མི་རྣམས་ཀྱིས་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད་པ་རེད།
ས་ཁོངས་ཀྱི་བཀག་རྒྱ་ལས་བརྒལ་བ་དང་རྒྱུ་རྐྱེན་གཙོ་བོའི་འཁོར་རྒྱུག་ཤར་གཏོང་བྱས་ཏེ་གྲོང་ཁྱེར་ཚོཊ་པ་དང་ཐོན་ལས་ཚོ་འདུས་སྔར་ལས་མཉམ་འདྲེས་ཡོང་བར་སྐུལ་འདེད་གཏོང་བ་དང་གསར་གཏོད་ཀྱི་ཕན་ནུས་ཆེ་རུ་གཏོང་དགོས།
རྒྱལ་ཡོངས་ལ་ཕྱོགས་ནས་ཅང་སུའུ་ཡིས་རྩེར་སོན་གཏོད་པ་དང་སྦྲེལ་ཐག་སྟོབས་ཆེར་གཏོང་བའི་གཙོ་གནད་དམངས་གཉེར་ཁེ་ལས་61ལ་མཐོ་རིམ་གོ་མིང་དཔྱད་ཞིབ་དབང་ཆ་སྤྲད་དེ་ཤེས་ལྡན་པའི་གསར་གཏོད་གསོན་ཤུགས་འཕེལ་བར་བྱས་ཡོད། ཐེན་ཅིན་གྱིས་མྱུར་བགྲོད་ལྕགས་ལམ་ས་ཚིགས་དང་། ཐོན་ལས། གྲོང་ཁྱེར་བཅས་མཉམ་འདྲེས་གཏིང་ཟབ་བྱས་ཏེ་འགྲིམ་འགྲུལ་འདུ་འགག་དང་། ཐོན་ལས་ཚོ་འདུས། གྲོང་ཁྱེར་གྱི་ནུས་པ་བཅས་སྦྲེལ་མཐུད་ནུས་ལྡན་ཐུབ་པར་བྱས་ཡོད་པ་དང་།ཚོང་གཉེར་གྱི་ཁོར་ཡུག་ལེགས་སུ་གཏོང་བ་ནས་གནས་ཐང་འཕར་བའི་གློག་འཕྲིན་སོགས་ཁྱབ་ཁོངས་ཀྱི་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བའི་བར་སྒྱུར་བཅོས་བྱེད་ཐབས་རེ་རེ་བཞིན་གྱིས་གསར་གཏོད་ལྡན་པའི་གྲོང་ཁྱེར་འཛུགས་སྐྲུན་ལ་སྐུལ་འདེད་ནུས་ལྡན་བཏང་ནས་གྲོང་ཁྱེར་གྱི་སྒུལ་ནུས་རྒྱུན་མཐུད་ངང་ཆེ་རུ་གཏོང་དགོས།
གྲོང་ཁྱེར་གསར་བརྗེས་བྱས་ནས་གསར་གཏོད་འཕེལ་རྒྱས་ལ་བར་མཐོངས་ཀྱི་གཞི་རྟེན་དང་སྒུལ་ཤུགས་མཁོ་འདོན་བྱས་པ་སྟེ།
པེ་ཅིང་གི་ཀྲུང་ཧའེ་ཏ་ཅིའི་སྲང་ལམ་དང་ཀུའེ་དབྱང་གི་ཤིན་དབྱིང་1950ནི་མིག་སྔར་ཚོང་ལས་ཀྱི་ས་གཤིས་མཚོན་རྟགས་གསར་པ་ཡིན་ཞིང་། མི་དང་། གྲོང་ཁྱེར། ཐོན་ལས་བཅས་མཉམ་འདྲེས་ཀྱི་རྟེན་གཞིར་གྱུར་ནས་འཛད་སྤྱོད་དང་གསར་གཏོད་ལ་སྐུལ་འདེད་གཏོང་བཞིན་ཡོད།
གྲོང་ཁྱེར་འཕེལ་རྒྱས་གཏོང་བའི་ཁྲོད་ནས་དགོས་མཁོ་གསར་པ་སྔོག་འདོན་བྱས་ཏེ་གསར་གཏོད་དང་གསར་སྐྲུན་བྱེད་པར་འདེགས་སྐྱོར་ནུས་ལྡན་བྱ་དགོས། ཚོགས་འདུའི་ཐོག་གྲོང་ཁྱེར་གསར་པ་འཛུགས་སྐྲུན་གྱི་བཀོད་སྒྲིག་ནང་སྤུས་ཚད་མཐོ་བའི་སྒོ་ནས་གྲོང་ཁྱེར་གསར་བརྗེས་བྱེད་དགོས་ཞེས་ཁ་གསལ་བཏོན་ཡོད།
རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གཏན་འཇགས་རྒྱུ་ནོར་མ་འཇོག་སིའི་འབྲེལ་ཡོད་འགན་འཁུར་བས་གྲོང་ཁྱེར་གསར་བརྗེས་བྱ་རྒྱུ་འདི་ཉིད་དམ་འཛིན་བྱ་གཞིར་བྱས་ཏེ་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་དེ་བས་ལེགས་པའི་སྒོ་ནས་སྐོང་བའི་ཁྲོད་མ་འཇོག་དང་འཛད་སྤྱོད་ལ་སྐུལ་ཁྲིད་ནུས་ལྡན་བྱས་ནས་དཔལ་འབྱོར་འཕར་རྒྱུར་སྐུལ་འདེད་དང་སྒུལ་ནུས་གསར་པ་སྐྱེད་སྲིང་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།
འཁོར་རྒྱུག་གཉིས་ཀྱི་ལྟེ་བའི་ནུས་པ་འདོན་སྤེལ་བྱས་ཏེ་གྲོང་ཁྱེར་གྱི་མི་མངོན་པའི་སྟོབས་ཤུགས་སྐུལ་སློང་བྱེད་དགོས།
གྲོང་ཁྱེར་ལ་ཁྲོམ་ར་དང་ཐོན་ལས་ཡོད་པ་ནི་འགྲིམ་འགྲུལ་སྐྱེལ་འདྲེན་དང་རྒྱུ་རྐྱེན་གཙོ་བོ་བཀོད་སྒྲིག་སོཊ་ཀྱི་ལྷུ་ཚིཊ་གལ་ཆེན་ཞིག་ཡིན་པས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་རིང་གྲོང་ཁྱེར་གྱི་གནས་བབ་དང་གྲོང་ཁྱེར་ལས་དོན་གྱི་གལ་ཆེའི་རང་བཞིན་དེ་བས་མངོན་གསལ་དོད་པོ་ཡོད།
ཚོགས་འདུའི་ཐོག་བསྟན་དོན། གྲོང་ཁྱེར་གྱིས་རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་རྒྱུག་གཉིས་ཀྱི་ལྟེ་བའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས།ལས་རིགས་ནང་ཁུལ་གྱི་རིགས་གཅིག་མཁས་ཅན་གྱིས་འཕེལ་རྒྱས་བརྟན་པོ་དང་འཁོར་རྒྱུག་ལ་སྐུལ་འདེད་གཏོང་བའི་གྲོང་ཁྱེར་གྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱེད་པ་དང་འབྲེལ་གསར་གཏོད་ལ་བརྟེན་ནས་སྐུལ་འདེད་གཏོང་བ་དང་། རྒྱུ་རྐྱེན་གཙོ་བོ་དང་ཐོན་ལས་གཅིག་སྡུད། རྒྱ་སྐྱེད་དང་འཛད་སྤྱོད་རིམ་སྤོར་སོགས་བརྒྱུད་འཕེལ་རྒྱས་གསར་པར་ཞབས་འདེགས་ཞུ་བའི་རྣམ་པའི་ཁྲོད་གྲོང་ཁྱེར་གྱི་མི་མངོན་པའི་སྟོབས་ཤུགས་འཕེལ་བ་དང་འཕེལ་རྒྱས་ཀྱི་སྒུལ་ཤུགས་འགྱུར་ལྡོག་གཏོང་དགོས་པའི་ངོས་འཛིན་བྱེད་བཞིན་ཡོད།
སྦྲེལ་ལམ་ཤར་གཏོང་བྱས་ཏེ་ཐོན་ལས་ཀྱི་ལས་བགོས་དང་མཉམ་ལས་གཏིང་ཟབ་བྱེད་དགོས་པ་སྟེ། པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་སུ་གསོག་འཇོག་གློག་རྫས་དང་རྡོག་ཁྲེས་འཇོག་སྒྲོམ་ནི་ཧོ་པེ་ནས་ཐོན་པ་དང་། རླངས་འཁོར་གྱི་གློག་བཞུ་དང་མྱུར་ཚད་སྒྱུར་སྒམ་ནི་ཐེན་ཅིན་ནས་ཐོན་པ།ཤེལ་སྒོ་འདེགས་འབེབས་ཡོ་བྱད་དང་མཁའ་རླུང་དྭངས་འཚག་ཡོ་བྱད་ནི་པེ་ཅིང་ནས་ཐོན་པ་བཅས་ཡིན་ཞིང་། ལྷུ་ལག་ཁྲི་ཕྲག་མང་པོ་རླངས་འཁོར་གྱི་ཐོན་ལས་སྦྲེལ་ཐག་ཐོག་མཐུན་སྦྱོར་ལེགས་པོ་བྱུང་ནས་ས་ཁོངས་འཕེལ་རྒྱས་ལ་འཕར་སྣེ་དེ་བས་མང་བ་བཏོད་ཡོད།
ཐབས་ལམ་ཤར་གཏོང་དང་། ཁྲོམ་ར་དང་བཟོ་གྲྭའི་སྦྲེལ་མཐུད་ལ་ཤུགས་སྣོན་རྒྱག་དགོས་པ་སྟེ། ཀྲེ་ཅང་གི་དབྱི་ཝུའུ་རུ་ཁྲོམ་རའི་ལེགས་ཆར་བརྟེན་ནས་བཟོ་ལས་དང་ཚོང་དོན་མཉམ་འགུལ་བྱེད་ཤུགས་ཆེ་རུ་བཏང་ནས་ཆ་འཕྲིན་འོད་གློག་དང་། ནུས་རྒྱུ་གསར་པའི་རླངས་འཁོར། ལྷུ་ལག་ཆེ་ཆུང་སོགས་གསར་དར་གྱི་ཐོན་ལས་ཚོ་འདུས་བཅས་དར་རྒྱས་འགྲོ་བཞིན་ཡོད་པ་རེད།
ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར་ལ་བརྟེན་ནས་རི་གྲོང་ཞེས་གྲགས་པའི་ཁྲུང་ཆིང་གིས་ཕྱི་ཕྱོགས་རྣམ་པའི་དཔལ་འབྱོར་འཕེལ་རྒྱས་མགྱོགས་སུ་བཏང་སྟེ།ཆུ་ཚད་མཐོ་བའི་ཐོག་ནས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པ་དང་།ཧའེ་ནན་ཏན་ཀྲོའུ་ཡིས་གོ་ལ་ཧྲིལ་པོའི་སྤུས་ལེགས་དང་རྒྱུ་རྐྱེན་གཙོ་བོའི་ཐོན་ཁུངས་གཅིག་སྡུད་བྱས་ཏེ་འཁོར་རྒྱུག་གཉིས་ལྡན་ཁྲོད་ལྟེ་བའི་བྱེད་ནུས་ཆེ་རུ་གཏོང་བ་དང་། གྲོང་ཁྱེར་ཚང་མས་རྒྱུན་མཐུད་ངང་འཕེལ་རྒྱས་གཏོང་བའི་མི་མངོན་པའི་ནུས་པ་ཆེ་རུ་གཏོང་དགོས།
གསར་གཏོད་ལྡན་པའི་གྲོང་ཁྱེར་གྱི་གཞི་ཚུགས་ས་ནི་གསར་གཏོད་དེ་རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཀྱི་ལྟེ་བའི་གནས་བབ་ཐོག་འཇོག་པའི་གསོན་ཉམས་དོད་པའི་འགྲེལ་བཤད་ཅིག་རེད། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གི་གྲོང་ཁྱེར་དང་འགྲན་རྩོད་ནུས་པ་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ཉི་ཕུང་ཧྥེ་ཡིས་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། གྲོང་ཁྱེར་གྱིས་གསར་གཏོད་པ་གསོ་སྐྱོང་བྱེད་པ། གྲོང་ཁྱེར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྒུལ་ནུས་དང་གསོན་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས་ཞེས་བཤད།
(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་20ཉིན་འབྱོར་བའི་གློག་འཕྲིན)(བུ་ཆུང་དང་ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社