分享按钮

(པར་ངོས་དང་པོར་མཐུད)སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་ཀ་ལ་གྲོང་ཚོའི་གྲོང་མི་ཡོངས་ལ་སྤྲིངས་གནང་བའི་འཕྲིན་ལན་གལ་ཆེན་གྱི་དགོངས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འབྲས་སྤུངས་དགོན་པར་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བཅས་བརྒྱུད་བསྒྲགས་དང་སློབ་སྦྱོང་གནང་བ་དང་། ལྗོངས་དང་གྲོང་ཁྱེར་གྱི་འགོ་ཁྲིད་ཀྱི་འབྲེལ་ཡོད་མཛུབ་སྟོན་བླང་བྱ་ཡིག་ཐོག་ནས་བརྒྱུད་བསྒྲགས་དང་སློབ་སྦྱོང་གནང་བ་རེད། ངག་དབང་ཆོས་འཕེལ་དང་མཁྱེན་རབ་བློ་གྲོས་སོགས་ཆོས་ལུགས་ལས་རིགས་མི་སྣའི་འཐུས་མི་5ཡིས་སྤེལ་རེས་གཏམ་བཤད་གནང་བ་རེད། ཚོགས་ཞུགས་ཆོས་ལུགས་ལས་རིགས་ཀྱི་མི་སྣས་བྱང་སྐར་སྤུན་བདུན་གྱི་ལམ་སྟོན་བཞིན་བསྐྱོད་ན་ལམ་ནོར་ཐེབས་མི་སྲིད་པ་དང་། གུང་ཁྲན་ཏང་གི་རྗེས་སུ་འབྲངས་ན་བདེ་སྐྱིད་ཡོང་ངེས་ཡིན། རྟེན་འབྲེལ་ཆེ་མོར་བསུ་བ་ཞུ་བ་དང་། ཏང་གི་བཀའ་དྲིན་ལ་བསྟོད་གླུ་འབུལ་བ། མཉམ་དུ་མདུན་སྐྱོད་བྱེད་པ་བཅས་ཀྱི་མིང་རྟགས་འགོད་པའི་བྱེད་སྒོ་སྤེལ་བ་རེད།

ཀྲའོ་ཧུའེ་ཉན་གྱིས་རྒྱ་ཆེའི་ཆོས་ལུགས་ལས་རིགས་ཀྱི་མི་སྣས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ནས་ཏང་ལ་ལྷག་བསམ་རྣམ་དག་ངང་བརྩི་བཀུར་ཞུ་མཁན་དང་། མཐུན་སྒྲིལ་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་མཁན། ཆོས་ལུགས་ཀྲུང་གོ་ཅན་གྱི་ལག་ལེན་པ། ཆོས་ལུགས་ནན་པོ་སྐྱོང་མཁན། སྤྱི་ཡོངས་ལ་ཞབས་འདེགས་ཞུ་མཁན་བཅས་ཀྱི་དཔེ་སྟོན་པ་ཡག་པོ་ཞིག་བྱེད་དགོས། བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ལ་བརྩི་བཀུར་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་བརྩི་བཀུར་ཞུ་དགོས། དར་ཆ་གསལ་སྟོན་གྱིས་ཁ་ཕྲལ་ལ་ངོ་རྒོལ་བྱས་ནས་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་ལག་ལེན་བསྟར་བ་དང་། རྒྱལ་གཅེས་ཀྱི་བྱ་སྤྱོད་མང་ཙམ་སྤེལ་བ། ཀུན་ལ་ཕན་པའི་བྱ་བ་མང་ཙམ་སྒྲུབ་པ་བཅས་བྱས་ཏེ་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བར་ཕྱག་རྟཊ་འབུལ་དགོས་ཞེས་ནན་གསུངས་གནང་བ་རེད། (ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-07-24 6 6 拉萨日报藏文 c204684.html 1 /enpproperty-->