分享按钮

ཐོན་ཕུ་གྲོང་ཚོར་བཅའ་སྡོད་གྲོང་ཨུད་དྲིལ་བསྒྲགས་པུའི་ལས་དོན་རུ་ཁག་གིས་ཏང་དར་འོག་གི་དམ་བཅའ་ཞེས་པའི་གཙོ་དོན་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། ཐོན་ཕུ་གྲོང་ཚོར་བཅའ་སྡོད་གྲོང་ཨུད་དྲིལ་བསྒྲགས་པུའི་ལས་དོན་རུ་ཁག་དང་གྲོང་ཚོའི་ཨུ་ལྷན་གཉིས་དབར་གཞོགས་འདེགས་དམ་ཟབ་བྱས་ཏེ་ཐོན་ཕུ་གྲོང་ཚོའི་ཚོགས་ཆུང་གསུམ་པའི་ཆོས་སྐོར་དུས་ཆེན་གྱི་མཉམ་འཛོམས་གོ་སྐབས་དམ་འཛིན་བྱས་ནས་ཏང་དར་འོག་གི་དམ་བཅའ་ཞེས་པ་གཙོ་དོན་དུ་བྱས་པའི་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་ཀ་ལ་གྲོང་ཚོའི་ཡུལ་མི་ཡོངས་ལ་གནང་བའི་འཕྲིན་ལན་གྱི་དགོངས་དོན་གལ་ཆེན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་ཏང་གི་གསར་གཏོད་གཞུང་ལུགས་ཞིང་ནང་དང་དུས་སྟོན་གྱི་ཡུལ་དངོས་སུ་སྤེལ་བ་རེད།

བྱེད་སྒོའི་ཐོག་གྲོང་ཚོ་ཡོངས་ཀྱི་ཏང་ཡོན་ལས་བྱེད་པས་སྤྱི་ཁྱབ་ཧྲུའུ་ཅིའི་འཕྲིན་ལན་གལ་ཆེན་ནང་གི་མངགས་བཅོལ་ཟབ་མོ་དང་མཛུབ་སྟོན་བླང་བྱར་གོ་བ་གཏིང་ཟབ་ལེན་དགོས་པ་དང་། ཡིག་ལན་གལ་ཆེན་གྱི་དགོངས་དོན་རྩ་བའི་གཞི་འཛིན་ས་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་དུ་བྱས་ཏེ་སློབ་སྦྱོང་གི་གྲུབ་འབྲས་དེ་དངོས་དངོས་རྗེན་རྗེན་གྱི་ལས་ཀའི་ཕན་འབྲས་སུ་འགྱུར་བར་བྱེད་དགོས། མི་རིགས་མཐུན་སྒྲིལ་ཆེན་མོར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང་། དམངས་འཚོའི་བདེ་སྐྱིད་ཆེ་རུ་གཏོང་བ། འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། དམངས་ཕྱུག་ཐོན་ལས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ་བཅས་བྱས་ནས་འཕྲིན་ལན་གྱི་དགོངས་དོན་གལ་ཆེན་ཐོན་ཕུ་གྲོང་ཚོར་དོན་འཁྱོལ་ཐུབ་པར་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

བྱེད་སྒོའི་ནང་ཏང་ཡོན་ལས་བྱེད་པ་དང་། གྲོང་ཚོར་བཅའ་སྡོད་ལས་དོན་རུ་མི་དེ་བཞིན་གྲོང་ཚོའི་ཨུ་ལྷན་གཉིས་ཀྱི་ཁོངས་མི་བཅས་ནི་ངེས་པར་དུ་འཕྲིན་ལན་གྱི་དགོངས་དོན་གལ་ཆེན་བརྒྱུད་བསྒྲགས་བྱེད་མཁན་ཡག་པོ་ཞིག་ཏུ་འགྱུར་བར་བྱེད་དགོས། དུས་ཆེན་དང་། ཞིང་དལ། བཅར་འདྲི་སོགས་རྣམ་པ་སྣ་ཚོགས་སྤྱད་དེ་གོ་བདེ་ཤེས་སླའི་སྐད་ཆ་དང་མང་ཚོགས་ཀྱིས་ལྟ་འདོད་ཅིང་ཉན་སྤྲོ་བའི་རྣམ་པའི་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅིའི་བྱམས་བརྩེའི་ཐུགས་ཁུར་དང་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཡུལ་མི་མི་རེ་ངོ་རེའི་ཁྱིམ་དུ་བརྒྱུད་བསྒྲགས་བྱས་ཏེ་སྒྲོག་འགྲེལ་གྲོང་ཚོ་ཧྲིལ་པོར་ཁྱབ་པའི་འགན་ལེན་བྱས་ནས་ཁྱིམ་ཚང་ཀུན་གྱིས་ཤེས་པ་དང་། སེམས་ལ་ཟུག་པ། མི་ཚང་མས་ཤེས་པ། མི་ཚང་མས་ལག་ལེན་བསྟར་བ་བཅས་བྱེད་དགོས་ཞེས་བསྟན་ཡོད།

ད་ཐེངས་ཀྱི་སྒྲོག་འགྲེལ་དེ་སྲོལ་རྒྱུན་གྱི་དུས་ཆེན་དང་ཟུང་འབྲེལ་བྱས་པས་སྒྲོག་འགྲེལ་གྱི་ཁྱབ་རྒྱ་ཆེ་རུ་ནུས་ལྡན་ཕྱིན་པ་དང་། རིཊ་པའི་གཞུང་ལུཊ་བརྒྱུད་སྤེལ་གྱི་མཉམ་འདྲེས་ནུས་པ་དང་ཡིད་དབང་འཕྲོག་ཤུཊ་ཆེ་རུ་ཕྱིན་པ། གྲོང་མི་ཚོ་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་འཛུཊ་སྐྲུན་དང་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་ནང་གནས་ཀྱི་སྒུལ་ཤུཊ་སྔར་བས་འཕེལ་བ་བཅས་བྱུང་ནས་ཏང་གི་གཞི་རིམ་གྱི་སྲིད་འཛིན་རྨང་གཞི་བརྟན་དུ་གཏོང་བ་དང་།ཐོན་ཕུ་གྲོང་ཚོའི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་ཆེད་གཅིག་མཐུན་ངོས་འཛིན་དང་མཉམ་ཤུཊ་གཅིག་ཏུ་བསྒྲིལ་ཡོད།

(ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-07-24 6 6 拉萨日报藏文 c204680.html 1 ཐོན་ཕུ་གྲོང་ཚོར་བཅའ་སྡོད་གྲོང་ཨུད་དྲིལ་བསྒྲགས་པུའི་ལས་དོན་རུ་ཁག་གིས་ཏང་དར་འོག་གི་དམ་བཅའ་ཞེས་པའི་གཙོ་དོན་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ། /enpproperty-->