分享按钮

རིན་མེད་ངང་རླངས་འཁོར་འཇོག་ས་2590དང་གསང་སྤྱོད་54སྤྱོད་ཆོག་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།སྤྱི་པའི་ཐོན་ཁུངས་བསྡུ་སྒྲིལ་བྱས་ནས་གྲོང་མི་དང་ཡུལ་སྐོར་བར་ཕྱིར་སྐྱོད་སྟབས་བདེ་ཡོང་བར་བྱ་ཆེད། ཉིན་ཤས་གོང་། ལྷ་སས་རིན་མེད་རླངས་འཁོར་འཇོག་ས་2590དང་། གསང་སྤྱོད་54ཚང་མ་བཀོད་སྒྲིག་བྱས་ཟིན་པ་རེད།

སྟབས་བདེའི་བྱེད་ཐབས་འདི་ཉིད་ཇི་ལྟར་དོན་འཁྱོལ་བྱུང་ངམ་ཞེ་ན། གསར་འགོད་པས་བཅར་འདྲི་བྱེད་རིང་ཤེས་རྟོགས་བྱུང་བར་གཞིགས་ན། སྐད་འཕྲིན་གྱི་གོ་རིམ་ཆུང་ངུ་སྤྱད་དེ་དམངས་ཕན་ས་ཚིགས་ཤེས་རྟོགས་ཐུབ་ཅེས་པ་འཚོལ་བཤེར་བྱས་རྗེས་ལྷ་ས་གྲོང་ཁྱེར་གྱི་དྲ་ངོས་སུ་ཞུགས་ནས་ལྷ་ས་གྲོང་ཁྱེར་གྱི་རིན་མེད་རླངས་འཁོར་འཇོག་སའི་ས་བཀྲ་དེ་མནན་ཚེ། མ་ལག་དེས་ཉེ་འཁོར་གྱི་རིན་མེད་རླངས་འཁོར་འཇོག་ས་རང་འགུལ་ངང་འོས་སྦྱོར་བྱེད་པར་མ་ཟད། ས་བཀྲའི་ཐོག་གསང་སྤྱོད་ཀྱང་མཉམ་དུ་ཡོད་པ་མངོན་གྱི་ཡོད་པས། ཕྱོགས་སྟོན་སྤྱད་ཚེ་ཐད་དཀར་འདིར་ཁྲིད་ཀྱི་ཡོད་པ་རེད།

ལྷ་ས་གྲོང་ཁྱེར་རྩིས་བཤེར་ཅུས་ཀྱི་སྒོ་རའི་ནང་གསར་འགོད་པས་གྲོང་མི་མི་ཉུང་བ་ཞིག་གིས་དེ་གར་རིན་མེད་ངང་རླངས་འཁོར་འཇོག་གི་ཡོད་པ་མཐོང་བྱུང་། རླངས་འཁོར་བཞག་མ་ཐག་པའི་གྲོང་མི་ཞིག་གིས་རིན་མེད་ངང་རླངས་འཁོར་འཇོག་ཆོག་པ་མ་ཟད་སྒོ་རའི་ནང་གི་གསང་སྤྱོད་ཀྱང་སྤྱི་དམངས་ལ་སྒོ་ཕྱེ་འདུག་པས་ཧ་ཅང་སྟབས་བདེ་པོ་འདུག་ཅེས་བཤད། འདི་ལྟ་བུའི་རིན་མེད་རླངས་འཁོར་འཇོག་ས་གྲོང་ཁྱེར་ཡོངས་སུ་ཁྱོན་2590ཡོད་པ་དང་། ལེ་ལག་ཚང་བའི་རིན་མེད་གསང་སྤྱོད་54ཚང་མ་སྤྱི་དམངས་ལ་སྒོ་ཕྱེ་ཡོད། རླངས་འཁོར་འཇོག་ས་དང་གསང་སྤྱོད་ནི་དྲ་ཐོག་ནས་བཙལ་འཚོལ་བྱས་པ་ནས་བེད་སྤྱོད་བྱེད་པའི་བར་སྦྲེལ་མཐུད་ལེགས་པོ་བྱུང་ཐོག་ད་ཡོད་ཀྱི་ཐོན་ཁུངས་ཕན་སྒྱུར་ཐུབ་པར་མ་ཟད། གྲོང་ཁྱེར་གྱི་ཞབས་ཞུའི་ཕན་འབྲས་ཀྱང་མངོན་ནས་གྲོང་མིའི་གདེང་འཇོག་བཟང་པོ་རྒྱ་ཁྱབ་ངང་ཐོབ་ཡོད། (ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-07-24 6 6 拉萨日报藏文 c204679.html 1 རིན་མེད་ངང་རླངས་འཁོར་འཇོག་ས་2590དང་གསང་སྤྱོད་54སྤྱོད་ཆོག་པ། /enpproperty-->