分享按钮

ཨོ་རྩལ་འགྲན་ཚོགས་ཀྱི་ཨང་དང་པོ་ལེན་མཁན་གྱི་སྐོར་སྐྱོད་སྒྲོག་འགྲེལ་ཚོགས་པ་དང་པེ་ཅིང་གི་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་པའི་ངོ་འཕྲད་ཚོགས་འདུ་འཚོགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་7ཚེས་21ཉིན། འགན་འཁྲི་བློ་ལ་བརྟན་པོར་ངེས་ནས་ཐུན་མོང་ཐོག་གངས་ལྗོངས་ཀྱི་ལེའུ་རྩོམ་ཞེས་པའི་ཨོ་རྩལ་འགྲན་ཚོཊ་ཀྱི་ཨང་དང་པོ་ལེན་མཁན་གྱི་སྐོར་སྐྱོད་སྒྲོག་འགྲེལ་ཚོཊ་པ་དང་པེ་ཅིང་གི་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་པའི་ངོ་འཕྲད་ཚོགས་འདུ་འཚོགས་ཤིང་། ངོ་འཕྲད་ཚོགས་འདུའི་ཐོག་ཨོ་རྩལ་འགྲན་ཚོགས་ཀྱི་ཨང་དང་པོ་ལེན་མཁན་མཱ་ལུང་དང་། ཧོང་ཡུས་ཐིང་། ཁྲེན་ཆིང་ཁྲེན ལུང་ཏའོ་དབྱི། ཀུའོ་ཆི་ཆི། ལི་ཆན་བཅས་དང་པེ་ཅིང་གི་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་པས་འགན་འཁྲི་དང་ལས་འགན་སྒྲུབ་སེམས་དང་དད་སེམས་དང་ཕུགས་འདུན་བཅས་ལ་དམིཊ་ནས་སྤེལ་རེས་བྱས་པ་རེད།

ཧོང་ཡུས་ཐིང་དང་ལུང་ཏའོ་དབྱིས་སྒྲོག་འགྲེལ་བྱེད་སྐབས་རང་ཉིད་ཀྱིས་ཨོ་རྩལ་འགྲན་ཚོགས་ཐོག་གསེར་གྱི་རྟགས་མ་བླངས་པའི་བརྒྱུད་རིམ་མཉམ་སྤྱོད་བྱས་ཤིང་། ཧོང་ཡུས་ཐིང་གིས་ད་ཐེངས་བོད་དུ་སླེབས་སྐབས་ས་མཐོའི་ཡངས་ཤིང་རྒྱ་ཆེ་བ་དང་དྭངས་གཙང་ཚོར་བྱུང་ལ་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་པས་ས་མཐོར་གཞི་ཚུགས་པ་དང་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བའི་སྙིང་སྟོབས་ལའང་ཡིད་སྨོན་ཆེན་པོ་བྱེད་ཀྱི་ཡོད། ང་ཚོས་ཐུན་མོང་ཐོག་འབད་བརྩོན་བྱས་ནས་དགའ་ཞེན་དང་འགན་འཁྲི་གཉིས་མེས་རྒྱལ་གྱི་དགོས་མཁོ་ཆེ་ཤོས་སུ་གཞི་ཚུགས་རྒྱུའི་རེ་བ་ཡོད་ཅེས་བཤད། པེ་ཅིང་གྲོང་ཁྱེར་གྱི་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་པ་ཁག་བཅུ་གཅིག་པའི་འཐུས་མི་དང་། ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རྒྱུན་ལས་ཡོན་ཀྲང་གཞོན་པ་བཅས་ཡིན་པའི་ཀྲང་ཉིང་གིས་གཏམ་བཤད་ཁྲོད་གོས་དཀར་སྨན་པས་ས་མཐོར་བརྟན་སྲུང་བྱེད་ཅེས་པའི་མི་སེམས་འགུལ་བའི་གཏམ་རྒྱུད་བཤད་ནས་པེ་ཅིང་གི་བོད་སྐྱོར་བའི་ལྷག་བསམ་ཟོལ་མེད་ཀྱི་བརྩེ་སེམས་མངོན་པར་བྱས་ཡོད། ཁོང་གིས་ང་ཚོས་ཨོ་རྩལ་འགྲན་ཚོགས་ཀྱི་ཨང་དང་པོ་ལེན་མཁན་མིག་དཔེར་བྱེད་པ་དང་། འབད་འཐབ་སྒུལ་ཤུགས་སུ་བྱེད་པ། དམ་པ་དོན་གཉེར་ཚད་གཞིར་བྱེད་པ་བཅས་ཀྱི་ཐོག་ནས་མུ་མཐུད་རྒྱལ་སའི་བློ་གྲོས་ལ་བརྟེན་ནས་གངས་ལྗོངས་ཀྱི་ས་རྒྱུ་གཤིན་པོ་བསྐྱངས་ཏེ། རྒྱལ་སའི་ལེགས་ཆའི་ཐོན་ཁུངས་དང་། སྔོན་ཐོན་ལག་རྩལ། བདེ་ཐང་གི་འདུ་ཤེས་བཅས་མཁའ་དབྱིངས་དང་ཐག་ཉེ་ཤོས་ཀྱི་ས་ཆར་རྩ་བ་ཚུགས་པ་དང་མེ་ཏོག་བཞད་དུ་འཇུག་པ་དང་། པེ་ཅིང་དང་བོད་ཀྱི་བརྩེ་སེམས་སྐལ་བཟང་མེ་ཏོག་ལྟར་བཞད་པ། བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་འདིའི་ཐོག་གི་ཚེ་སྲོག་ཚང་མར་ཐུན་མོང་ཐོག་སྲུང་སྐྱོང་ཡག་པོ་བཅས་བྱས་ནས་ས་མཐོའི་བུ་ཕྲུག་གི་བདེ་ཐང་གི་འདུན་པ་མངོན་འགྱུར་ཡོང་བར་བྱ་རྒྱུ་ཡིན་ཞེས་བཤད།

བྱེད་སྒོའི་ཁྲོད་ཨོ་རྩལ་འགྲན་ཚོགས་ཀྱི་ཨང་དང་པོ་ལེན་མཁན་6གིས་པེ་ཅིང་གི་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་པའི་འཐུས་མིར་ཕི་ཁེ་སྤོ་ལོ་རྒྱག་ཆས་སྤྲད་པ་རེད། མཱ་ལུང་གིས་སྤེལ་རེས་བྱེད་རིང་པེ་ཅིང་གྲོང་ཁྱེར་གྱི་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་པས་ས་མཐོར་གཞི་ཚུགས་ནས་སྒེར་སེམས་མེད་པར་ལེགས་སྐྱེས་ཕུལ་བ་ཤེས་རྟོགས་བྱུང་བས་སེམས་འགུལ་ཆེན་པོ་ཐེབས་བྱུང་ལ་ཡིད་སྨོན་ཡང་ཆེན་པོ་བྱུང་། པེ་ཅིང་ནི་ངའི་ཕ་ཡུལ་གཉིས་པ་ཡིན་ལ་ང་འཚར་ལོངས་ཡོང་བ་དང་ལེགས་གྲུབ་ཡོང་བའི་ས་ཆ་ཞིག་ཀྱང་ཡིན་པས་ངས་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་པ་མིག་དཔེར་བཟུང་ནས་པེ་ཅིང་གི་ལུས་རྩལ་བྱ་གཞག་གོང་འཕེལ་གཏོང་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད།

ད་ཐེངས་ཀྱི་ངོ་འཕྲད་ཚོགས་འདུ་ནི་ཕ་རི་སིར་རྒྱལ་ཁ་ཕུ་ཐག་གཅོད། ཨོ་རྩལ་འགྲན་ཚོགས་ཀྱི་ཉམས་འགྱུར་མངོན་ཞེས་པའི་སྐོར་སྐྱོད་སྒྲོག་འགྲེལ་བྱེད་སྒོའི་བོད་ལྗོངས་ས་ཚིགས་ཀྱི་གྲས་ཤིག་ཡིན་ཞིང་། ད་ཐེངས་ཀྱི་སྐོར་སྐྱོད་སྒྲོག་འགྲེལ་བྱེད་སྒོ་དེ་ཟླ་7ཚེས་17ཉིན་ནས་ཚེས་22ཉིན་བར་སྤེལ་བ་དང་། ཨོ་རྩལ་འགྲན་ཚོགས་ཀྱི་ཨང་དང་པོ་ལེན་མཁན་ཉིང་ཁྲི་དང་ལྷ་ས་ས་གནས་གཉིས་དང་། ཁེ་ལས། གྲོང་གསེབ། སློབ་གྲྭ། དམག་སྒར་སོགས་སུ་བསྐྱོད་དེ་སྒྲོག་འགྲེལ་བྱེད་སྒོ་སྤེལ་ནས་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་དང་ངོ་ཐུག་གདོང་འཕྲད་ཀྱིས་སྤེལ་རེས་གཏིང་ཟབ་དང་མིག་དཔེའི་སྟོབས་ཤུགས་འདོན་སྤེལ་བྱས་པ་རེད། དེ་དང་ཆབས་ཅིག་ཏུ་ད་དུང་ཀྲུང་གོའི་ལུས་རྩལ་སླར་ཡང་ཡང་རྩེར་འཛེག་ཅེས་པའི་གཙོ་དོན་བྱེད་སྒོ་སྤེལ་ནས་ཀྲུང་ཧྭའི་ལུས་རྩལ་གྱི་སྙིང་སྟོབས་དང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དེ་མི་རིགས་ཁག་གི་མི་དམངས་ཀྱི་སེམས་ནང་ཟུག་པར་བྱས་པ་དང་། མི་རིགས་ཁག་དབར་རྒྱ་ཁྱབ་ངང་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་བཏང་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་བཙུགས་ཡོད།(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-07-24 6 6 拉萨日报藏文 c204681.html 1 ཨོ་རྩལ་འགྲན་ཚོགས་ཀྱི་ཨང་དང་པོ་ལེན་མཁན་གྱི་སྐོར་སྐྱོད་སྒྲོག་འགྲེལ་ཚོགས་པ་དང་པེ་ཅིང་གི་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་པའི་ངོ་འཕྲད་ཚོགས་འདུ་འཚོགས་པ། /enpproperty-->