分享按钮

《ཕོ་བྲང་པོ་ཏ་ལ་དང་ཅང་ཧྲི་གནའ་ཇ》ཞེས་པའི་དཔེ་དེབ་གསར་པ་འགྲེམས་སྤེལ་བྱས་པ།

པར་འདི་ནི་སྐུ་མགྲོན་དང་ཡུལ་སྐོར་བས་མངོན་མིན་རིག་གནས་ཤུལ་བཞག་གི་བོད་ཇ་ཉམས་ལེན་ཁང་དུ་ཐུམ་སྒྲིལ་གྱི་བཟོ་རྩལ་ལ་ཉམས་ལེན་བྱེད་བཞིན་པའི་རྣམ་པ་ཡིན།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་7ཚེས་20ཉིན། ཕོ་བྲང་པོ་ཏ་ལ་དོ་དམ་ཁྲུའུ་ཡིས་གཙོ་གཉེར་བྱས་པ་དང་། བོད་ལྗོངས་ཕོ་བྲང་པོ་ཏ་ལའི་རིག་གནས་གསར་གཏོད་ཐོན་ལས་ཚད་ཡོད་ཀུང་སི་དང་སི་ཁྲོན་ཅང་ཧྲི་ཇ་ལས་ཚད་ཡོད་ཀུང་སིས་གཉེར་རོཊ་བྱས་པའི《ཕོ་བྲང་པོ་ཏ་ལ་དང་ཅང་ཧྲི་གནའ་ཇ》ཞེས་པའི་དཔེ་དེབ་གསར་པའི་འགྲེམས་སྤེལ་ཚོཊ་འདུ་དང་མངོན་མིན་རིག་གནས་ཤུལ་བཞག་གི་བོད་ཇའི་མྱོང་རོལ་ཁང་གི་འགོ་ཚུཊ་མཛད་སྒོ་ཕོ་བྲང་པོ་ཏ་ལའི་རྩ་ཆེའི་ནོར་མཛོད་ཁང་དུ་འཚོཊ་པ་རེད།

《ཕོ་བྲང་པོ་ཏ་ལ་དང་ཅང་ཧྲི་གནའ་ཇ》ནི་དུས་ཡུན་ལོ་གསུམ་སྤྱད་ནས་ལེགས་གྲུབ་བྱུང་བ་ཞིག་ཡིན་ཞིང་། བོད་ཇ་དང་ཕོ་བྲང་པོ་ཏ་ལའི་དབར་གྱི་འབྲེལ་བ་རྩ་བ་ནས་གསེད་བཀྲོལ་བྱས་ཡོད། བྱེད་སྒོའི་ཁྲོད་ཅང་ཧྲི་གནའ་ཇའི་མི་རབས་བཅོ་ལྔ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་དབན་ཅང་ཧུང་གིས་ཅང་ཧྲི་གནའ་ཇའི་ལོ་རྒྱུས་ཡུན་རིང་བརྗོད་ཡོད། 《ཕོ་བྲང་པོ་ཏ་ལ་དང་ཅང་ཧྲི་གནའ་ཇ》དཔྱད་གཞི་ཚོགས་ཆུང་གི་ཁོངས་མི་ཁྲེན་ཧྲུའུ་ཆན་དང་རྡོ་རྗེ་ཕུན་ཚོགས་ཀྱིས་ཇ་རྟའི་གནའ་ལམ་སྙིང་སྟོབས་ཀྱི་ལོ་རྒྱུས་དོན་སྙིང་ངོ་སྤྲོད་བྱས་པ་རེད།

ཕོ་བྲང་པོ་ཏ་ལ་དོ་དམ་ཁྲུའུ་དང་སི་ཁྲོན་ཞིང་ཆེན་གཡག་རྔ་གྲོང་ཁྱེར་དབྱི་ཅིང་རྫོང་སྲིད་གཞུང་དང་དེ་བཞིན་ཅང་ཧྲི་གནའ་ཇའི་འཐུས་མིས་མཉམ་དུ་མངོན་མིན་རིག་གནས་ཤུལ་བཞག་གི་བོད་ཇ་མྱོང་རོལ་ཁང་བཙུགས་པ་རེད། འགྲེམས་ཁང་དེ་རྒྱུན་རྣམ་ཅན་གྱི་རིག་གནས་འགྲེམས་སྟོན་གྱི་བར་མཐོངས་སུ་བརྩིས་ནས་འགྲེམས་ཁང་ནང་ད་དུང་རིག་གཞུང་བགྲོ་གླེང་དང་། ལག་རྩལ་འགྲེམས་འཁྲབ། གྲངས་འཛིན་འགྲེམས་སྟོན་སོགས་ཀྱི་རྣམ་པ་བརྒྱུད་བོད་ཇའི་རིག་གནས་ཁྲོད་ཀྱི་མི་རིགས་མཉམ་འདྲེས་ཀྱི་ལོ་རྒྱུས་ཀྱི་ནང་དོན་མུ་མཐུད་སྔོག་འདོན་བྱས་ཏེ་ཡུལ་སྐོར་བས་ཇ་རྟའི་གནའ་ལམ་གྱི་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་ཚོར་ཐུབ་པར་བྱ་རྒྱུ་རེད།(ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-07-24 6 6 拉萨日报藏文 c204678.html 1 《ཕོ་བྲང་པོ་ཏ་ལ་དང་ཅང་ཧྲི་གནའ་ཇ》ཞེས་པའི་དཔེ་དེབ་གསར་པ་འགྲེམས་སྤེལ་བྱས་པ། /enpproperty-->