分享按钮

(པར་ངོས་གཉིས་པར་མཐུད)

གྲོང་མི་ཞིག་གིས་ཞང་ཞུང་མེ་ཏོག་མཛེས་ལྗོངས་ཁུལ་གྱི་ཁོར་ཡུག་ཡག་པོ་འདུག་ལ་སྒྲིག་བཀོད་ཀྱང་ཆ་ཚང་པོ་འདུག ད་ལྟ་ཕྲུ་གུར་གུང་གསེང་བཞག་ཡོད་པས། རྒན་རྒོན་དང་ཕྲུ་གུ་ཁྲིད་ནས་ལྟ་སྐོར་དུ་ཡོང་བ་ཡིན་ལ་ཞོར་དུ་གླིང་ཁ་ཡང་བཏང་བ་ཡིན་ཞེས་བཤད།

རང་བྱུང་གི་མཛེས་ལྗོངས་དང་རོལ་རྩེད་སྒྲིག་བཀོད་ཕུད། ཞང་ཞུང་མེ་ཏོག་མཛེས་ལྗོངས་ཁུལ་དུ་ད་དུང་རིག་གནས་ཀྱི་རྣམ་པ་ཟབ་མོ་ཡང་ལྡན་ཡོད་པ་སྟེ། བདེ་སྐྱིད་མེ་ཏོག་གླིང་ཁར་གྲོང་མི་དང་ཡུལ་སྐོར་བས་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་སྒྲ་སྙན་ལ་གསན་ཆོག་པར་མ་ཟད། ཡུལ་དངོས་སུ་སྤགས་གཡོ་བའང་མྱོང་རོལ་བྱེད་ཆོག ཞང་ཞུང་གནའ་བོའི་ཟམ་ཆེན་ནི་མཛེས་ལྗོངས་ཁུལ་གྱི་མཚོན་བྱེད་རང་བཞིན་གྱི་འཛུགས་སྐྲུན་ཞིག་ཡིན་པ་དང་། ཟམ་གདན་དང་། བར་ཁྱམས། མཛེས་ལྗོངས་སྟེགས་བུ་བཅས་སུ་གསོན་ཉམས་དོད་པའི་ལྡེབས་རིས་བྲིས་ཡོད། དེས་དེང་རབས་ཟམ་པའི་འཛུགས་སྐྲུན་གྱི་མཛེས་ལྗོངས་མངོན་པར་མ་ཟད། ཞང་ཞུང་རིག་གནས་ཀྱི་ནང་དོན་ཟབ་མོ་ཡང་མངོན་ཡོད། ཚེ་རིང་མེ་ཏོག་ཆུ་ཚན་གསོལ་མགྲོན་ཁང་དུ་ཆུ་ཚན་དང་། གཟུགས་པོ་འཁྲུ་ས། འབྱུང་འཕྲོད་ཡུལ་སྐོར་བཅས་གཞི་གཅིག་ཏུ་འདུས་པས་ནང་མི་ཡོངས་ཀྱི་དགོས་མཁོ་སྐོང་ཐུབ།

དབྱར་གསེང་རིང་། ཞང་ཞུང་མེ་ཏོག་མཛེས་ལྗོངས་ཁུལ་གྱིས་ད་དུང་རྟ་རྒྱུག་སོཊ་ཁྱད་ལྡན་བྱེད་སྒོ་སྣ་ཚོཊ་སྤེལ་ནས་གྲོང་མི་དང་ཡུལ་སྐོར་བར་དེ་བས་ཕུན་སུམ་ཚོགས་པའི་ཡུལ་སྐོར་ཉམས་ལེན་བྱེད་དུ་འཇུག་ཐུབ། ལུས་སེམས་གཉིས་ཀ་སོས་དལ་བག་ཕེབས་བྱེད་པའམ་ཡང་ན་ཕྲུ་གུ་ཚོ་སྤྲོ་སྣང་ལྡན་ལ་དོན་སྙིང་ཡོད་པའི་གུང་གསེང་ཞིག་གཏོང་དུ་འཇུག་འདོད་ཚེ། ཞང་ཞུང་མེ་ཏོག་མཛེས་ལྗོངས་ཁུལ་ནི་གདམ་ག་བྱ་ཡུལ་ཡག་པོ་ཞིག་རེད། དབྱར་གསེང་འདིར་ང་ཚོ་ཞང་ཞུང་མེ་ཏོག་མཛེས་ལྗོངས་ཁུལ་དུ་བསྐྱོད་དེ་བརྗེད་པར་དཀའ་བའི་ཡུལ་སྐོར་ཞིག་བྱ་རྒྱུ་བྱུང་ན་ཅི་མ་རུང་།

(པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-07-24 6 6 拉萨日报藏文 c204677.html 1 /enpproperty-->