(པར་ངོས་དང་པོར་མཐུད)གྲོང་གསེབ་ཐོན་ལས་འཕེལ་རྒྱས་ཁོའོ་ཡི་ཁོའོ་ཀྲང་ཀྲང་ཅིན་ཧུའེ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་ནི་ཀ་ལ་གྲོང་ཚོའི་ཡུལ་མིར་ཐུཊ་རེ་ཟབ་མོ་གནང་བ་ཞིག་རེད་ལ་ཁོང་ཚོར་ལྕག་སྐུལ་གནང་བ་ཞིག་ཀྱང་རེད། སླད་ཕྱིན་འཕྲིན་ལན་གྱི་དགོངས་དོན་མཛུབ་ཁྲིད་དུ་བྱེད་པ་དང་། གྲོང་གསེབ་ཀྱི་ཐོན་ལས་དར་རྒྱས་ལ་དམིཊ་པ། ཐོན་ཁུངས་ཀྱི་ལེཊ་ཆ་དང་ཐོན་ལས་ཀྱི་རྨང་གཞིར་གཞི་ཚུཊ་པ། ཡུལ་ཐོན་ཁྱད་ཐོན་གྱི་ལས་དོན་ཡག་པོ་སྒྲུབ་པ། ཡུལ་བབ་དང་བསྟུན་ནས་ས་མཐོའི་ཞིང་འབྲོག་ལས་ཀྱི་ཁྱད་ལྡན་ཐོན་ལས་སྐྱེད་སྲིང་བཅས་བྱ་རྒྱུ་རེད། དེ་དང་ཆབས་ཅིག་ཞིང་འབྲེལ་གྱིས་ཞིང་ལས་ལ་སྣེ་ཁྲིད་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ་དེ་ལྟེ་བར་བརྩིས་ནས་རྣམ་གྲངས་རོཊ་སྐྱོར་དང་། བྱེད་པོ་སྐྱེད་སྲིང་། སྦྲེལ་ཐག་སྣུར་སྲིང་བཅས་བྱས་ཏེ་ཞིང་པ་ཐོན་ལས་འཕེལ་རྒྱས་ནང་གཏིང་ཟབ་ཞུཊ་པ་དང་། གནས་ཐང་འཕར་བའི་ཁེ་བཟང་དེ་བས་མང་བ་ལོངས་སུ་སྤྱོད་པ། གནས་འཕྲོད་ལས་འཚམ་མཛེས་མཐུན་གསུམ་ལྡན་གྱི་གྲོང་གསེབ་བསྐྲུན་རྒྱུར་ཐོན་ལས་ཀྱི་རྨང་གཞི་བརྟན་པོ་ཞིག་མཁོ་འདོན་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅིའི་མངཊ་བཅོལ་དོན་ཐོག་ཏུ་འཁྱོལ་བ་དང་གྲུབ་འབྲས་ཐོབ་པ་བཅས་བྱེད་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད།
གྲོང་ཁྱེར་ཞིང་ལས་གྲོང་གསེབ་ཅུས་ཀྱི་ཁོངས་མི་དང་ཅུས་ཀྲང་གཞོན་པ་ཀའོ་ཡན་ཧྥེ་ཡིས་ཕྱིས་འབྱུང་གྲོང་ཁྱེར་ཞིང་ལས་གྲོང་གསེབ་ཅུས་ཀྱིས་ཁྱད་ལྡན་ཐོན་ཁུངས་ལ་གཞི་ཚུཊ་ནས་ཞིང་ལས་གྲོང་གསེབ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་ཡིན། ཕྱོགས་གཅིག་ནས་ནས་དང་འབྲི་གཡག་སོགས་སྲོལ་རྒྱུན་གྱི་ལེགས་ཆ་ལྡན་པའི་ཐོན་ལས་རྒྱུན་མཐུད་སྟོབས་ཆེར་གཏོང་བ་དང་ཚན་རྩལ་ཐད་མ་དངུལ་གཏོང་ཤུཊ་ཆེ་རུ་གཏོང་བ། དཔེར་ན་ལྷུན་གྲུབ་རྫོང་སྐལ་བཟང་ཐང་གི་དེང་རབས་ཞིང་འབྲོག་ལས་ཐོན་ལས་དཔེ་སྟོན་གླིང་དུ་གདུབ་ཟུམ་ཐོན་ལས་ཀྱི་འབྲེལ་ཐག་ཆཊ་ནས་ཐོན་ལས་ཀྱི་ཕན་འབྲས་ཆེ་རུ་ཕྱིན་པ་དང་། ཕྱོཊ་གཞན་ཞིག་ནས་སྣེ་འདྲེན་སྐྱོང་བ་དང་། རྟེན་གཞི་སྐྲུན་པ། ལས་སྣོན་བྱེད་པ། སྤུས་རྟཊ་གཏོད་པ། བྲིན་འཚོང་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་བསམ་ཕྱོཊ་མཐའ་འཁྱོངས་ཀྱིས་ཁྱད་ལྡན་ཞིང་ལས་ཐོན་རྫས་ལས་སྣོན་ཞིབ་ཚགས་བྱས་ནས་2025ལོའི་ཞིང་འབྲོག་ཐོན་རྫས་ལས་སྣོན་གྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་44ཡན་ཟིན་པའི་བརྩོན་ལེན་བྱ་རྒྱུ་རེད། གཞན་ཡང་གྲོང་ཁྱེར་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་འཐབ་ཇུས་བཅས་ལག་བསྟར་གཏིང་ཟབ་བྱས་ཏེ་མི་ཕྱུཊ་ལོཊ་དབྱེ་དང་། གསང་སྤྱོད་གསར་བརྗེ། མིའི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་སོཊ་ཀྱི་གཙོ་གནད་ལས་དོན་ལ་དམིཊ་ནས་གྲོང་གསེབ་འཛུཊ་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་ཐོག་ཟླ་10པའི་ཟླ་མཇུག་གོང་2025ལོའི་ལོ་འཁོར་གྱི་གསང་སྤྱོད་གསར་བརྗེའི་འཛུགས་སྐྲུན་གྱི་ལས་འགན་ལེཊ་གྲུབ་ཡོང་བའི་འགན་ལེན་བྱེད་པ་དང་ལོ་འདིའི་ནང་གནས་འཕྲོད་ལས་འཚམ་མཛེས་མཐུན་གསུམ་ལྡན་གྱི་གྲོང་ཚོ་20བསྐྲུན་རྒྱུ་རེད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་དེ་སྒུལ་ཤུགས་སུ་བྱས་ཏེ་དམ་འཛིན་དངོས་སྒྲུབ་དང་ཞིང་ལས་གྲོང་གསེབ་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་བཏང་ནས་དར་རྒྱས་བརྟན་ལྷིང་གི་མེས་རྒྱལ་གྱི་མཐའ་མཚམས་འཛུགས་སྐྲུན་དང་དེ་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད།(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社