分享按钮

བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུ་བ་དང་ངས་མི་རིགས་མཐུན་སྒྲིལ་གྱི་ལས་དོན་ལག་ལེན་དུ་བསྟར་ཞེས་པའི་རང་གྲོང་གི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོས།

མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ ལེའུ་གསར་པ་བརྩམས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་7ཚེས་21ཉིན། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུ་བ་དང་ངས་མི་རིགས་མཐུན་སྒྲིལ་གྱི་ལས་དོན་ལག་ལེན་དུ་བསྟར་ཞེས་པའི་རང་གྲོང་གི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོའི་འགོ་ཚུགས་མཛད་སྒོ་རྫོང་རྒྱབ་ཀླུ་ཁང་དུ་འཚོགས་ཤིང་། འགོ་ཚུགས་མཛད་སྒོའི་ཐོག་ཆེད་དོན་འཆད་ཁྲིད་དང་། རིག་རྩལ་འཁྲབ་སྟོན། དྲིལ་བསྒྲགས་དངོས་པོ་དང་དཔྱད་ཡིག་སྤྲོད་པ་སོགས་ཀྱི་རྣམ་པ་བརྒྱུད་སྤྱི་ཚོགས་ལས་རིགས་ཁག་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལས་དོན་ནང་ཧུར་ཐག་ཞུགས་ནས་ཉེ་འགྲམ་གྱི་བྱ་བ་ཆུང་ཙག་ནས་འགོ་བཙུགས་ཏེ་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་འདུ་ཤེས་ལག་ལེན་དུ་བསྟར་རྒྱུའི་འབོད་སྐུལ་བྱས་པ་རེད།

ད་ཐེངས་ཀྱི་བྱེད་སྒོར་གྲོང་ཨུད་ཏང་གི་སློབ་གྲྭའི་མི་རིགས་ཆོས་ལུགས་སློབ་དཔྱོད་ཁང་གི་འཆད་ཁྲིད་དགེ་རྒན་སྐལ་བཟང་ཚེ་རིང་གིས་གདན་ཞུས་ལྟར་བྱང་སྐར་སྤུན་བདུན་གྱི་ལམ་སྟོན་བཞིན་བསྐྱོད་ན་ལམ་ནོར་ཐེབས་མི་སྲིད་པ་དང་།གུང་ཁྲན་ཏང་གི་རྗེས་སུ་འབྲངས་ན་བདེ་སྐྱིད་ཡོང་ངེས་ཡིན་ཞེས་པའི་ཆེད་དོན་འཆད་ཁྲིད་གནང་བ་རེད། སྐལ་བཟང་ཚེ་རིང་གིས་གོ་བདེ་ལ་ཤེས་སླའི་སྐད་ཆའི་ཐོག་ནས་རང་སྐྱོང་ལྗོངས་དབུ་བརྙེས་པའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱི་ལམ་བུ་དང་། ལོ་60ཡི་རིང་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས། དེ་བཞིན་དེ་བས་འོད་སྟོང་འཕྲོ་བའི་འཕེལ་རྒྱས་ཀྱི་མདུན་ལམ་བཅས་ལ་རྒྱས་བཤད་གསལ་པོ་གནང་བས་དེ་གར་ཡོད་པའི་ལས་བྱེད་པ་དང་མང་ཚོགས་ཚོའི་སྤྲོ་སེམས་འཁོལ་བའི་དགའ་བསུ་ཐོབ་པ་རེད།

བྱེད་སྒོ་སྤེལ་ཡུལ་དུ་ཁྲེང་ཀོན་ཆུས་ཉང་བྲན་དམངས་ཁྲོད་སྒྱུ་རྩལ་ཚོགས་པས《གནའ་བོའི་དབྱངས་སྙན》དང《རྔ་དྲིལ་གྱི་སེམས་སྒྲ》སོགས་ངོ་མཚར་ཆེ་བའི་རིག་རྩལ་ལེ་ཚན་འཁྲབ་སྟོན་བྱས་ནས་ཀྲུང་ཧྭའི་རིག་གནས་ཀྱི་བཀྲག་མདངས་འཚེར་ས་དང་མི་རིགས་སྒྱུ་རྩལ་གྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་མངོན་པར་མ་ཟད། ད་ཐེངས་ཀྱི་དྲིལ་བསྒྲགས་བྱེད་སྒོར་རིག་རྩལ་གྱི་རྣམ་པ་ཞིག་ཀྱང་བསྣན་ཡོད།

ཡུལ་དངོས་སུ་ད་དུང་ལས་བྱེད་པ་དང་མང་ཚོགས་སྒྲིག་འཛུགས་བྱས་ནས་མིང་རྟགས་འགོད་སའི་གྱང་ངོས་སུ་མིང་རྟགས་བཀོད་པ་རེད། ལྷ་ས་གྲོང་ཁྱེར་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་གཏོད་པའི་ཡར་ཐོན་བཅུའི་སྣེ་ཁྲིད་ཚན་པས་དྲིལ་བསྒྲགས་བྱེད་སྒོ་སྤེལ་ནས་དྲིལ་བསྒྲཊ་དཔྱད་ཡིག་དང་དྲིལ་བསྒྲགས་དངོས་རྫས་5000ལྷག་ཙམ་སྤྲད་པར་མི་རིགས་ཁག་གི་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ་ཡོད། སླད་ཕྱིན།རང་གྲོང་གིས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུ་བ་དང་མི་རིགས་མཐུན་སྒྲིལ་གྱི་ལས་དོན་ངས་ལག་ལེན་དུ་བསྟར་ཞེས་པའི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་སྤྲོ་སེམས་འཁོལ་བའི་དགའ་སྤྲོའི་རྣམ་པ་ཞིག་གཏོད་རྒྱུ་རེད། (ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-07-24 བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུ་བ་དང་ངས་མི་རིགས་མཐུན་སྒྲིལ་གྱི་ལས་དོན་ལག་ལེན་དུ་བསྟར་ཞེས་པའི་རང་གྲོང་གི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོས། 6 6 拉萨日报藏文 c204674.html 1 མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ ལེའུ་གསར་པ་བརྩམས་པ། /enpproperty-->