ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། དབྱར་གསེང་འགོ་ཚུགས་པ་དང་བསྟུན་ནས་ཕ་མ་དང་བུ་ཕྲུག་མཉམ་འཛོམས་ཐོག་ཡུལ་སྐོར་བྱེད་པ་ནི་ཁྱིམ་ཚང་མང་པོ་ཞིག་གི་བརྩེ་སེམས་ཟབ་ཏུ་གཏོང་བ་དང་ལུས་སེམས་ལྷོད་ལ་བ་པའི་གདམ་ག་ཡག་པོ་ཞིག་ཏུ་གྱུར་ཡོད། རྩེད་མོ་རྩེ་རུ་གང་དུ་འགྲོ་འམ་ཞེ་ན། དོན་དངོས་ཐོག་ཐག་རིང་པོར་འགྲོ་མི་དགོས་ཏེ། སྟོད་ལུང་བདེ་ཆེན་ཆུས་སུ་ཡོད་པའི་ཞང་ཞུང་མེ་ཏོག་མཛེས་ལྗོངས་ཁུལ་ནི་ཕ་མ་དང་བུ་ཕྲུག་མཉམ་དུ་ཡུལ་སྐོར་བྱེད་པར་དང་འཚམ་པའི་གནས་མཆོག་ཅིག་རེད། མུའུ་ཁྲི་ཡི་མེ་ཏོག་གི་ཞིང་ཁམས་དང་།སྤྲོ་སྣང་ལྡན་པའི་གནམ་ས། དེ་ནས་ཆུ་ཚན་གསོལ་མགྲོན་ཁང་བཅས་ཀྱིས་ཕྲུ་གུ་དང་ཁྱིམ་བདག་ཚང་མར་བརྗེད་པར་དཀའ་བའི་དྲན་ཤེས་ཤིག་འཇོག་ཐུབ།
སྟོད་ལུང་བདེ་ཆེན་ཆུས་གནས་ཆུང་ཁྲོམ་གཞུང་འབྲོག་མ་གྲོང་ཚོ་དང་ཡང་ན་རྒྱལ་ལམ་109ཡི་འགྲམ་དུ་ཡོད་པའི་ཞང་ཞུང་མེ་ཏོག་མཛེས་ལྗོངས་ཁུལ་གྱི་རྒྱ་ཁྱོན་ལ་སྨི་ངོས་གྲུ་ཁྲི་180ཟིན་པ་དང་། དེའི་ནང་ཧ་ཅང་ཆེ་བའི་སྤང་ལྗོངས་དང་། བྱིས་པའི་རོལ་རྩེད། ཆུ་ཚན་གསོལ་མགྲོན་ཁང་སོགས་ཡོད་པས། ལོ་ན་མི་འདྲ་བའི་མི་ཚོགས་ཀྱི་དགོས་མཁོ་སྐོང་ཐུབ། མཛེས་ལྗོངས་ཁུལ་དུ་སླེབས་སྐབས། ཐོག་མར་མིག་ལམ་དུ་མངོན་པ་ནི་མུའུ་ཁྲི་ཡི་མེ་ཏོག་གི་ཞིང་ཁམས་རེད། ད་ལྟའི་དུས་ནི་རྒྱ་སེ་མེ་ཏོག་རབ་ཏུ་བཞད་པའི་དུས་ཚིགས་ཡིན་ཞིང་། མེ་གླིང་བྱང་མའི་མངར་འབྲས་མེ་ཏོག་དང་། དྲི་ཞིམ་འཐུལ་བའི་རྒྱ་སེ་མེ་ཏོག་སོགས་གཞི་གཅིག་ཏུ་འདྲེས་ནས་མཛེས་སྡུག་ཡིད་དུ་འོང་བའི་མེ་ཏོག་གི་ཞིང་ཁམས་ཞིག་ཏུ་གྱུར་ཡོད། བསིལ་རླུང་དལ་གྱིས་ལྡང་བ་དང་། མེ་ཏོག་གི་འདབ་མ་ལྡེམ་ལྡེམ་དུ་གཡོ་བ། མེ་ཏོག་གི་དྲི་ཞིམ་འཐུལ་ནས་རང་སེམས་ལ་བདེ་སྣང་བླ་མེད་སྦྱིན་པ་བཅས་ཀྱིས་མི་རྣམས་བྱིས་སྒྲུང་ལྟ་བུའི་རྨི་ལམ་གྱི་ཁྲོད་དུ་ཁྲིད་ཐུབ།
མུའུ་ཁྲིའི་མེ་ཏོག་ཞིང་ཁམས་ཀྱི་འགྲམ་དུ་གྲོགས་པོ་ཆུང་ཆུང་ཚོས་དགའ་པོ་བྱེད་པའི་འཕྲུལ་སྒུལ་མིན་པའི་རོལ་རྩེད་ཁང་དེ་ཡོད་པ་དང་། སྒོར་30ཡི་སྤ་སེ་ཉོས་ཚེ་གྲོགས་པོ་ཆུང་ཆུང་ཚོས་དེ་གར་སྙོམས་ཤིང་དང་། བྲག་འཛེག གཏོར་གཟུགས་དྲ་བར་འཛེགས་པ། ཤུད་སྐས། གྲོག་མའི་རྒྱལ་ཁབ་ཀྱི་འདྲེད་སྐས་སོགས་རོལ་རྩེད་ཀྱི་སྒྲིག་བཀོད་སྣ་ཚོགས་ལོངས་སུ་སྤྱོད་ཆོག་གི་ཡོད། (པར་ངོས་གསུམ་པར་གཟིགས)
① པར་འདི་ནི་ཞང་ཞུང་མེ་ཏོག་མཛེས་ལྗོངས་ཁུལ་གྱི་ཆུ་ཚན་གསོན་མགྲོན་ཁང་ཡིན།
② པར་འདི་ནི་ཞང་ཞུང་མེ་ཏོག་མཛེས་ལྗོངས་ཁུལ་གྱི་མུའུ་ཁྲི་ཡི་མེ་ཏོག་གི་ཞིང་ཁམས་ཡིན།
③ པར་འདི་ནི་ཞང་ཞུང་མེ་ཏོག་མཛེས་ལྗོངས་ཁུལ་གྱི་བདེ་སྐྱིད་མེ་ཏོག་གླིང་ཁ་ཡིན།
④ པར་འདི་ནི་ཞང་ཞུང་མེ་ཏོག་མཛེས་ལྗོངས་ཁུལ་གྱི་འཕྲུལ་སྒུལ་མིན་པའི་རོལ་རྩེད་ཁང་ཡིན།
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社