ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཆོས་ལུགས་ཁྱབ་ཁོངས་ཀྱི་རྒྱུན་གཏན་གྱི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་བ་དང་། དུས་རབས་གསར་པའི་དགེ་འདུན་པའི་ཏང་གཅེས་དང་རྒྱལ་གཅེས་ཆོས་གཅེས་ཀྱི་བསམ་པའི་ཉམས་འགྱུར་བཟང་པོ་གང་ལེགས་མངོན་པར་བྱེད་པ། རྣམ་པ་གསར་རྐྱང་གི་ཐོག་ནས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བར་བསུ་བ་ཞུ་བ་བཅས་ཀྱི་ཆེད་དུ། ཉེ་ཆར། གཙུག་ལག་ཁང་དོ་དམ་ཨུ་ལྷན་གྱིས་ལས་བྱེད་པ་དང་། དགེ་འདུན་པ། དེ་བཞིན་དགོན་སྡེར་བཅའ་སྡོད་མེ་ཟོན་རུ་མི་བཅས་སྒྲིག་འཛུགས་བྱས་ཏེ།རྟེན་འབྲེལ་ཆེན་མོར་བསུ་བ་ཞུ་བ་དང་། ཏང་གི་བཀའ་དྲིན་ལ་བསྔགས་པ། མཉམ་དུ་ཡར་བརྩོན་བྱེད་པ་བཅས་གཙོ་དོན་དུ་བྱས་པའི་རིག་གནས་བྱེད་སྒོ་ཞིག་སྤེལ་བ་རེད།
ཡིག་གཟུགས་འགྲན་བསྡུར་བྱ་ཡུལ་དུ། འགྲན་བསྡུར་ནང་ཞུགས་མཁན་དགེ་འདུན་པ་ཚོས་བློ་རྩེ་གཅིག་སྒྲིམ་གྱིས་ཆུ་ཚད་ཡོད་ཚད་མངོན་ཡོད་པ་དང་། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་གཏམ་བཤད་འགྲན་བསྡུར་ནང་ཞུགས་མཁན་གྱི་དགེ་འདུན་པ་ཚོས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་ཞེས་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་གཏོང་བ་དང་།མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ།དགའ་སྤྲོའི་ངང་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བར་བསུ་བ་ཞུ་ཞེས་པ་སོགས་གཙོ་དོན་ལ་དམིགས་ནས་ཀྲུང་གོ་གུང་ཁྲན་ཏང་གི་མཁས་མཛངས་ལྡན་པའི་འགོ་ཁྲིད་འོག་བོད་ལ་ལོ་60ཡི་རིང་ཐོབ་པའི་འོད་སྟོང་འཕྲོ་བའི་གྲུབ་འབྲས་དང་དགེ་འདུན་པའི་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་བ་མངོན་པ་དང་། ཀེ་རམ་དང་ཤོ་རྒྱག་པའི་རྩལ་འགྲན་གྱིས་ད་ཐེངས་ཀྱི་བྱེད་སྒོའི་རྣམ་པ་འཁྲུག་ཆ་དོད་དུ་བཏང་ཡོད།
གཙུག་ལག་ཁང་དོ་དམ་ཨུ་ལྷན་གྱིས་སྒྲིག་འཛུགས་བྱས་ནས་སྤེལ་བའི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བར་བསུ་བ་ཞུ་བའི་རིག་གནས་བྱེད་སྒོ་རབ་དང་རིམ་པའི་གཙོ་དོན་ཁ་གསལ་བ་དང་། ནང་དོན་ཕུན་སུམ་ཚོགས་པ། རྣམ་པ་སྣ་ཚོགས་བཅས་ཡོད་པས་རྒྱ་ཆེའི་དགེ་འདུན་པས་དང་ལེན་ཧུར་ཐག་དང་སྤྲོ་སེམས་ཆེན་པོས་ཞུགས་ཡོད། ཡིག་གཟུགས་དང་གཏམ་བཤད་འགྲན་བསྡུར་དང་། རྩལ་འགྲན་དང་རོལ་རྩེད་བཅས་གཞི་གཅིག་ཏུ་འདུས་པའི་ཀེ་རམ་དང་ཤོ་རྒྱག་པའི་འགྲན་བསྡུར་བརྒྱུད་དགེ་འདུན་པ་ཚོས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལ་མོས་སེམས་བྱེད་ཤུགས་ཆེ་རུ་ཕྱིན་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྔར་བས་བརྟན་དུ་ཕྱིན་ཡོད། བྱེད་སྒོའི་ཐོག་ནས་ར་ས་འཕྲུལ་སྣང་གཙུག་ལག་ཁང་གི་དགེ་འདུན་པ་ཚོས་ཏང་གི་འགོ་ཁྲིད་འོག་རྒྱལ་གཅེས་ཆོས་གཅེས་དང་། སྒྲིག་བཀུར་ཁྲིམས་སྲུང་། ཟབ་སྦྱོང་བཅས་བྱས་པར་མ་ཟད། བྱ་སྤྱོད་དངོས་ལ་བརྟེན་ནས་འཛུགས་གཏོད་བཞིའི་གཟུགས་བརྙན་བཟང་པོ་བཏོད་པ་དང་། དགེ་འདུན་པ་ཡོངས་ཀྱིས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བའི་སྨོན་འདུན་བཟང་པོ་ཞུས་པ་དང་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་གཏོད་པའི་ཡིད་ཆེས་བརྟན་པོའང་མཚོན་ཡོད།
(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社