(པར་ངོས་དང་པོར་མཐུད)པར་ཤེལ་དང་སྨྱུ་གུར་བརྟེན་ནས་ལོ་60རིང་གི་ལྷ་སའི་དཔལ་འབྱོར་དང་། རིག་གནས། སྤྱི་ཚོགས། སྐྱེ་ཁམས་སོགས་ཁྱབ་ཁོངས་ཁག་གི་འཕེལ་རྒྱས་ཀྱི་གཏམ་རྒྱུད་ཟིན་ཐོར་བཀོད་ཡོད།གླིང་ཕྲན་གཉིས་ཀྱི་སྐྱིད་ཆུའི་སྐྱེ་ཁམས་བར་ཁྱམས་དང་གླིང་ཕྲན་གཉིས་ཀྱི་སྐྱེ་ཁམས་སྤྱི་གླིང་དུ་སྐྱོད་སྐབས། བཅར་འདྲི་ཚོགས་པས་ཉན་ཞོར་དང་འདྲི་ཞོར་དུ་ཟིན་ཐོ་བཀོད་དེ་གླིང་ཕྲན་གཉིས་ཀྱི་སྐྱིད་ཆུའི་ལྗང་མདོག་སྐྱེ་ཁམས་བར་ཁྱམས་ལེགས་གཏོང་ལས་གྲྭ་དང་སྐྱེ་ཁམས་སྤྱི་གླིང་འཛུགས་སྐྲུན་གྱི་གྲུབ་འབྲས་ལ་མྱོང་རོལ་བྱས་པ་དང་། ལྷ་སའི་གྲོང་ཁྱེར་གྱི་རྣམ་པའི་འགྱུར་ལྡོག་དང་དེང་རབས་ཅན་གྱི་འགྱུར་ལྡོག་ལ་བཅར་འདྲི་དང་ཤེས་རྟོགས་བྱས་པ། མི་དམངས་ཀྱི་གྲོང་ཁྱེར་མི་དམངས་ཀྱིས་འཛུགས་སྐྲུན་དང་། མི་དམངས་ཀྱི་གྲོང་ཁྱེར་མི་དམངས་ཀྱི་ཆེད་དུ་ཡིན་པའི་འདུ་ཤེས་ལྷ་སར་གསོན་ཉམས་དོད་པོས་ལག་བསྟར་བྱས་པར་བདེན་དཔང་གནང་ཡོད།
ཉང་བྲན་ལུང་ཤུར་གྱི་ཡུག་ཁུལ་2པ་དང་། བྱང་རི། ལྷ་ཀླུ་འདམ་རའི་སྐྱེ་ཁམས་སླར་གསོའི་ཡུག་ཁུལ་བཅས་སུ་བཅར་འདྲི་ཚོགས་པས་རྒྱང་རིང་ནས་ལྷ་སའི་མཛེས་ལྗོངས་ལ་ལྟ་སྐབས་སྔོ་ལྗང་གི་ནགས་ཚལ་ཞིག་མིག་ལམ་དུ་འཆར་ཡོད། སྔོ་འགྱུར་བདག་སྐྱོང་བ་དང་གླེང་མོལ་བྱས་པ་དང་།རྣམ་གྲངས་ཀྱི་འགན་འཁུར་བ་དང་ལག་རྩལ་པ་སོགས་ལ་བཅར་འདྲ་བྱས་པ་བརྒྱུད།ལྷ་སའི་ལྷོ་རི་དང་བྱང་རིའི་འདས་ཟིན་པ་དང་། ད་ལྟའི་གནས་ཚུལ། འབྱུང་འགྱུར་གྱི་འཕེལ་ཕྱོགས་བཅས་ལ་ཤེས་རྟོགས་གཏིང་ཟབ་བྱས་པ་དང་། ལྷ་སའི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་གསར་གཏོད་ཀྱི་བསམ་གཞིགས་དང་དངོས་སྒྲུབ་ཀྱི་སྙིང་སྟོབས་ལ་བརྟེན་ནས་མཚོ་བོད་ས་མཐོར་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་གསོན་ཉམས་དོད་པའི་ལག་ལེན་ཟིན་ཐོར་བཀོད་པ། སྔོ་ཞིང་དྭངས་བའི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་ཚན་རིག་དང་མཐུན་པའི་ཆོད་གཏམ་ལྷ་སར་མངོན་པའི་བདེན་དཔང་བཅས་བྱས་པ་རེད།
ཅང་སུའུ་ཞིང་ཆེན་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་གསར་འགོད་པ་ཀུའོ་ཧྥེང་མིང་གིས་ལོ་གཉིས་གོང་ང་ལྷ་སར་བཅར་འདྲི་ཞུ་བར་ཡོང་མྱོང་ཡོད། ད་ཆ་སླར་ཡང་བཅར་འདྲི་ཞུ་བར་ཡོང་སྐབས་འདི་གར་འགྱུར་ལྡོག་ཆེན་པོ་བྱུང་བ་ཤེས་བྱུང་། ལྷག་པར་དུ་གནམ་ཐང་ནས་གྲོང་ཁུལ་དུ་སྐྱོད་པའི་ལམ་བར་དུ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ནམ་ཡང་ན་སྐྱེ་ཁམས་ཁོར་ཡུག་གང་ཞིག་ཡིན་རུང་རྣམ་པ་གསར་རྐྱང་དུ་གྱུར་ནས་ལྷ་སར་ཉིན་རེ་བཞིན་རྣམ་པ་གསར་པ་ཐོན་པའི་མྱོང་ཚོར་ཟབ་མོ་བྱུང་། ད་ཆ་ལྷ་ས་འདི་ཉིད་དེང་རབས་ཅན་དང་མཛེས་སྡུག་ལྡན་པར་གྱུར་བ་དང་མིའི་འཚོ་སྡོད་ལ་འཚམ་པ་བཅས་སུ་འགྱུར་བཞིན་འདུག་ཅེས་བཤད།
ཆུ་ཤུར་རྫོང་རྟ་དཀར་གྲོང་རྡལ་གྱི་གསུམ་ལྡན་གྲོང་ཚོར་བཅར་འདྲི་ཚོགས་པ་དང་བཅས་པ་2023ལོར་བོད་སྐྱོར་བརྒྱུད་བསྐྱར་སྐྲུན་དང་རྒྱ་སྐྱེད་དུ་བཏང་བའི་བདེ་སྐྱིད་ས་ཚིགས་སུ་བསྐྱོད་དེ་དེ་གའི་རྒན་གསོ་དང་བྱིས་སྐྱོང་གི་རྣམ་པ་དང་སྤྱི་ཚོགས་བཅོས་སྐྱོང་བྱེད་སྟངས་གསར་པར་བཅར་འདྲི་བྱས་པ་རེད། ཁྲེང་ཀོན་ཆུས་བརྒྱད་གཅིག་སྡེ་ཁུལ་དུ་བཅར་འདྲི་ཚོགས་པ་རང་སྐྱོང་ལྗོངས་སྡེ་ཁུལ་གྱི་ཁྱིམ་ཚང་ལོ་རྒྱུས་ཁང་ཐོག་མ་དེར་བསྐྱོད་པ་དང་། ཀྲུང་ཧྭ་མི་རིཊ་ཀྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་དཔེ་མཚོན་ལ་ཉན་པ་བརྒྱུད་ལྷ་སས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བའི་ཐད་ཀྱི་གཏམ་རྒྱུད་ལ་ཤེས་རྟོགས་དང་དེའི་གནས་ཚུལ་ཟིན་ཐོར་བཀོད་པ་རེད།
དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱི་བོད་ལྗོངས་དར་སྲོལ་ཐབ་ཆས་ཚན་རྩལ་ཚད་ཡོད་ཀུང་སིར་བཅར་འདྲི་ཚོགས་པས་ས་མཐོའི་ཐབ་ཆས་ཐོན་རྫས་བཤམས་སྟོན་ཁང་དང་དེ་བཞིན་ཐོན་སྐྱེད་སྒྲུབ་རིམ་ལ་ལྟ་སྐོར་བྱས་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་ནི་ས་མཐོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ནང་གནས་ཀྱི་བླང་བྱ་དང་ཤུགས་རྒྱག་ས་གལ་ཆེན་ཞིག་ཡིན་པའི་གལ་ཆེའི་ཆོད་གཏམ་ལྷ་སར་གང་ལེགས་མངོན་ཡོད་པ་མཐོང་བ་རེད།
ཀྲུང་དབྱང་དྲིལ་བསྒྲགས་པུའི་སློབ་བརྩོན་རྒྱལ་ཁབ་སྟོབས་ཆེན་གྱི་གསར་འགོད་པ་ཧོ་ཡན་ཧྭས་ང་ལོ་དྲུག་གི་གོང་ལྷ་སར་ཡོང་མྱོང་ཡོད། ད་ཐེངས་བཅར་འདྲི་ཚོགས་པ་དང་མཉམ་དུ་སླར་ཡང་ལྷ་སར་ཡོང་ནས་ལྷ་སའི་དམངས་འཚོ་དང་གྲོང་ཁྱེར་སྔོ་འགྱུར་སོགས་ཕྱོགས་ཁག་གི་འཛུགས་སྐྲུན་ལ་འགྱུར་ལྡོག་མངོན་གསལ་དོད་པོ་བྱུང་བ་ཚོར་བྱུང་། ང་ཚོས་གསར་འགྱུར་སྤེལ་བ་བརྒྱུད་མི་དེ་བས་མང་བས་ལྷ་སའི་འགྱུར་ལྡོག་མཐོང་ཐུབ་པ་དང་མི་དེ་བས་མང་བར་ལྷ་ས་དྲིལ་བསྒྲགས་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་ཅེས་བཤད།
ད་ཐེངས་ཀྱི་གཅིག་སྡུད་བཅར་འདྲིའི་བྱེད་སྒོ་སྟེ་ལྷ་སར་བསྐྱོད་པ་ཞེས་པ་བདེ་བླག་ངང་མཇུག་འགྲིལ་བ་དང་། ཟླ་7ཚེས་21ཉིན་བར། ཀྲུང་དབྱང་གི་སྨྱན་སྦྱོར་ཚན་པ་གཙོ་བོ་དང་། ཞིང་ཆེན་དང་གྲོང་ཁྱེར་གྱི་སྨྱན་སྦྱོར་ཚན་པ་མང་པོས་ཚཊ་པར་དང་། དྲ་བ། རླུང་འཕྲིན། བརྙན་འཕྲིན། དཔོད་ཆུང་། མཐའ་སྣེ་བཅས་སྤྱད་དེ་འབྲེལ་ཡོད་གནས་ཚུལ་81སྤེལ་བ་དང་། ས་མཐོའི་བདེ་སྐྱིད་ལྡན་པའི་འཚོ་བ་དང་། ལྷ་སའི་ལྷོ་རི་དང་བྱང་རིའི་ལྡེབས་སུ་སྔོ་ལྗང་འཛུགས་སྐྲུན་བྱས་པ་སོགས་གཞུང་ཕྱོགས་ཀྱི་དཔོད་ཆུང་ཐོག་ལྟ་མཁན་ཧ་ཅང་མང་པོ་ཡོད། 《སྐྱེ་ཁམས་སླར་གསོའི་ལས་གྲྭར་སྐུལ་འདེད་ཤུགས་ཆེན་བཏང་ནས་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སུ་བཏང་སྟེ་ལྷ་སའི་ལྷོ་རི་དང་བྱང་རིར་སྔོ་ལྗང་གིས་ཁྱབ་པ》དང་།《རྒས་ན་གསོ་མཁན་ཡོད་པ་དང་བྱིས་པར་སྐྱོང་མཁན་ཡོད་པའི་ལྷ་སའི་གསུམ་ལྡན་བདེ་སྐྱིད་ས་ཚིགས་ལ་བཅར་འདྲི་ཞུས་པ》སོགས《མི་དམངས་ཉིན་རེའི་ཚགས་པར》དང《ཁྲིམས་ལུགས་ཉིན་རེའི་ཚགས་པར》གྱི་པར་ངོས་དང་པོའི་ཐོག་མར་བཏོན་ཡོད། (བསྟན་རྡོར་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社