ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་7ཚེས་17ཉིན་གྱི་ཕྱི་དྲོ་དང་ཚེས་21ཉིན་གྱི་སྔ་དྲོར། པེ་ཅིང་གྲོང་ཁྱེར་གྱི་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་པ་ཁག་བཅུ་པའི་དུས་ཡུན་ལོ་3གྱི་བོད་སྐྱོར་ལས་དོན་བདེ་བླག་ངང་མཇུག་འགྲིལ་ཞིང་། དུང་སེམས་ཟབ་མོ་བཅངས་བཞིན་དུ་ཁག་བགོས་བྱས་ནས་ཕྱིར་ལོག་པ་རེད།
བོད་སྐྱོར་བྱེད་རིང་། པེ་ཅིང་གྲོང་ཁྱེར་གྱི་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་པ་ཁག་བཅུ་པས་རྒྱལ་ཡོངས་ཀྱིས་བོད་ལ་རོགས་སྐྱོར་བྱ་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་མཐའ་གཅིག་ཏུ་བྱས་པ་དང་། བོད་སྐྱོར་ལ་མཁས་པ་དང་། ཚན་རིག་དང་མཐུན་པའི་ངང་བོད་སྐྱོར། ཕྱོགས་ཡོངས་ནས་བོད་སྐྱོར། ཟོལ་མེད་ངང་བོད་སྐྱོར་བཅས་མཐའ་འཁྱོངས་བྱས་པ། འཕེལ་རྒྱས་ཀྱི་འགན་འཁྲི་ལྕི་པོ་ཕྲག་ཏུ་ཁུར་བ་དང་ཕན་སེམས་ཀྱི་སྙིང་སྟོབས་ལ་བརྟེན་ནས་དམངས་འཚོའི་བདེ་རྩ་གཏོད་པ། བརྩེ་སེམས་ཟབ་མོར་བརྟེན་ནས་མཐུན་སྒྲིལ་གྱི་མེ་ཏོག་གསོ་བ་བཅས་བྱས་ཏེ། རྨང་གཞི་འདིང་བ་དང་། ཕུགས་ལ་ཕན་པ། དམངས་འཚོར་ཕན་བདེ་བསྐྲུན་པ་བཅས་ཀྱི་བོད་སྐྱོར་གྱི་རྣམ་གྲངས་ཁག་ཅིག་ལག་བསྟར་ཤུགས་ཆེན་བྱས་ཡོད། པེ་ཅིང་ལམ་གྱིས་ཉི་འོད་གྲོང་གི་འཕོ་འགྱུར་ལ་བདེན་དཔང་བྱས་པ་དང་། སེམས་སྦྲེལ་ཟམ་པས་ས་གནས་གཉིས་པོའི་མི་དམངས་དབར་གྱི་མཛའ་གྲོགས་ཟབ་ཏུ་བཏང་བ། སྒྲིག་གཞི་ཚང་བའི་དགེ་རྒན་མངགས་ནས་ཚོགས་སྒྲིག་རྣམ་པའི་སློབ་གསོའི་བོད་སྐྱོར་བྱེད་སྟངས་གསར་གཏོད་བྱས་པ། མང་ཚོགས་ཀྱི་རིག་གནས་དང་ལུས་རྩལ་ལྟེ་གནས་དེ་ལྷ་སའི་མཚོན་རྟགས་གསར་པར་གྱུར་ནས་པེ་ཅིང་དང་ལྷ་སའི་མི་དམངས་ཀྱི་སེམས་པ་གཅིག་ཏུ་སྦྲེལ་བའི་ལོ་རྒྱུས་ཀྱི་དཔང་པོར་གྱུར་ཡོད། བོད་དུ་སྡོད་རིང་། པེ་ཅིང་གྲོང་ཁྱེར་གྱི་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་པ་ཁག་བཅུ་པས་བོད་སྐྱོར་ལས་བྱེད་པའི་གཏན་འབེབས་ཁག་ལ་བརྩི་སྲུང་ནན་པོ་ཞུས་པ་དང་། (པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社