ཉེ་ཆར་འཚོགས་པའི་ཀྲུང་དབྱང་གི་གྲོང་ཁྱེར་ལས་དོན་ཚོགས་འདུའི་ཐོག་སླད་ཕྱིན་དུས་སྐབས་ཤིག་རིང་གི་གྲོང་ཁྱེར་ལས་དོན་གྱི་ཕྱོགས་བདུན་ཐད་ཀྱི་གཙོ་གནད་ལས་འགན་བཀོད་སྒྲིག་བྱས་པ་དང་།གསོན་ཤུགས་ལྡན་པའི་གསར་གཏོད་གྲོང་ཁྱེར་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་རྒྱུ་དེའི་ནང་ཚུད་ཡོད།
ཚོགས་འདུའི་ཐོག་བཏོན་པའི་དེང་རབས་ཅན་གྱི་མི་དམངས་ཀྱི་གྲོང་ཁྱེར་འཛུགས་སྐྲུན་བྱེད་པའི་དམིགས་ཚད་ཁྲོད་གསར་གཏོད་ཨང་དང་པོར་འཇོག་དགོས་པ་དེས་གྲོང་ཁྱེར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་དེའི་ནུས་པ་གལ་ཆེན་སྔར་བས་མངོན་གསལ་དོད་པོ་ཡོང་བར་བྱས་ཡོད།
དུས་མཚམས་གསར་པར་སླེབས་པས།གྲོང་ཁྱེར་འཕེལ་རྒྱས་ཀྱི་སྒུལ་ཤུགས་དང་གསོན་ཤུགས་ཆེ་རུ་གཏོང་བའི་ནང་གནས་ཀྱི་བླང་བྱ་ཁོང་དུ་གཏིང་ཟབ་ཆུད་པར་བྱས་ཏེ་སྒྱུར་བཅོས་གསར་གཏོད་ཀྱི་ལས་དོན་ཆེན་པོ་ཡག་པོ་བསྒྲུབ་རྒྱུ་དེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་གྲོང་ཁྱེར་དེང་རབས་ཅན་གྱི་ལམ་བུ་གསར་པར་བསྐྱོད་རྒྱུར་གལ་འགངས་ཆེན་པོ་ལྡན་ཡོད།
སྐྱེ་ཁམས་གསར་གཏོད་བྱས་ཏེ་གྲོང་ཁྱེར་གྱི་སྒུལ་ཤུགས་ཆེ་རུ་གཏོང་དགོས།
གལ་ཏེ་འཕྲུལ་མིའི་ཐོན་ལས་ཀྱི་གསར་གཏོད་འདུས་ཚད་མྱོང་རོལ་བྱེད་འདོད་ན།ཧྲེན་ཀྲེན་ལྷོ་རིའི་འཕྲུལ་མིའི་ལུང་ཤུར་དུ་སྐྱོད་ཆོག་པ་སྟེ།དེ་གར་ཕ་ཤིས་ཉིའི་རེག་ཚོར་བརྒྱུད་སྤྲོད་འཕྲུལ་ཆས་ཁྲོམ་གཞུང་གཅིག་གིས་བར་བཅད་པའི་ཡའུ་པི་ཤོན་ཚན་རྩལ་དངོས་ལས་ཚད་ཡོད་ཀུང་སིར་ཐད་ཀར་མཁོ་འདོན་བྱེད་ཐུབ་པ་དང་།ཁྭ་ཝེ་རིག་ནུས་གྲངས་འཛིན་ཚན་རྩལ་ཚད་ཡོད་ཀུང་སིའི་འདྲ་བཟོའི་གྲངས་གཞི་ངོ་མ་དུས་ཐོག་ཏུ་ཀྲེ་ཕིང་ཧྥང་ཚན་རྩལ་ཚད་ཡོད་ཀུང་སིའི་སྦྱོང་བརྡར་མ་ལག་ནང་འཇུག་ཐུབ་ཀྱི་ཡོད།སྔ་དྲོར་ཞིབ་འཇུག་གསར་སྤེལ་དང་།ཕྱི་དྲོར་ཚོད་ལྟ།དགོང་མོར་རིམ་འཇུག་བཅས་ཀྱི་མཐུན་སྦྱོར་ནུས་པ་རགས་ཙམ་ཐོན་ཡོད།
ནུས་ཆེའི་གསར་གཏོད་ཀྱིས་ཐོན་ལས་འཕེལ་རྒྱས་ཀྱི་མྱུར་ཚད་མགྱོགས་སུ་གཏོང་ཐུབ།2024ལོར་ཧྲེན་ཀྲེན་འཕྲུལ་མིའི་ཁེ་ལས་ཀྱི་ཐོན་ལས་འཁོར་སྦྲེལ་གྱི་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་2000ལྷག་ཙམ་ཟིན་ནས་གསར་གཏོད་གྲོང་གི་སྒུལ་ནུས་གསར་པ་རབ་ཏུ་འཕེལ་ཡོད།
གྲོང་ཁྱེར་ནི་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བའི་གཡུལ་ས་གལ་ཆེན་ཞིག་ཡིན།ཚོགས་འདུའི་ཐོག་གསོན་ཤུགས་ལྡན་པའི་གསར་གཏོད་གྲོང་ཁྱེར་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་དགོས་པའི་བཀོད་སྒྲིག་བྱས་པ་དང་།གསར་གཏོད་ཀྱི་འབྱུང་ཁམས་སྐྱེད་སྲིང་ཞིབ་ཚགས་བྱས་ཏེ་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བའི་ཐད་རྒྱུན་ཆད་མེད་པར་ཚད་བརྒལ་ཡོང་བར་བྱེད་དགོས་པ་ཁ་གསལ་བཏོན་ཡོད།
ཀྲུང་གོའི་གྲོང་ཁྱེར་འཆར་འགོད་སློབ་ཚོགས་ཀྱི་རྒྱུན་ལས་ལས་འཛིན་མེ་ཡའོ་ལིན་གྱིས་བལྟས་ན་དེའི་ཐོག་ནས་གྲོང་ཁྱེར་གྱིས་རྒྱུ་རྐྱེན་གཙོ་བོ་ནུས་ཆེ་མཉམ་འདུས་དང་།ལམ་ལུགས་གནད་སྨིན་འཚམ་སྦྱོར།བྱེད་པོ་མཐུན་སྦྱོར་གཏིང་ཟབ་བཅས་ཡོང་བར་བྱེད་དགོས་པར་མ་ཟད།ད་དུང་སྲོལ་རྒྱུན་གྱི་བར་མཐོངས་ཐོན་ཁུངས་བཀོད་སྒྲིག་ལས་བརྒལ་ནས་གསར་གཏོད་སྐྱེད་སྲིང་དང་སྒུལ་ནུས་བརྗེ་སྒྱུར་ལ་སྐུལ་འདེད་གཏོང་དགོས་པ་མཚོན་ཡོད།(པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社