ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་7ཚེས་16ཉིན་ནས་ཚེས་18ཉིན་བར། ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུས་སྤེལ་བའི་འོད་སྟོང་འཕྲོ་བའི་ལོ་60ཡི་ཡིད་དབང་འཕྲོག་པའི་བོད་ལྗོངས་གསར་པ་ཞེས་པའི་གཅིག་སྡུད་བཅར་འདྲིའི་བྱེད་སྒོ་ལྷ་སར་སྤེལ་འགོ་ཚུགས་ཤིང་། ཀྲུང་དབྱང་གི་སྨྱན་སྦྱོར་གཙོ་བོ་དང་ཞིང་ཆེན་དང་གྲོང་ཁྱེར་ཁག་གཅིག་གི་སྨྱན་སྦྱོར་གསར་འགྱུར་ཚན་པ་30ཡི་གསར་འགོད་པ་40ཙམ་གྱིས་སྔ་རྗེས་སུ་རང་གྲོང་གི་ཁྲེང་ཀོན་ཆུས་སོགས་རྫོང་དང་ཆུས(བྱེད་ནུས་གླིང་ཁུལ)3གྱི་བཅར་འདྲི་ས་ཚིགས་7ལ་བསྐྱོད་དེ་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60སོང་ཚུན། ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་རྒྱལ་ཡོངས་མི་དམངས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་འོག་ལྷ་སས་དོན་ཆེན་བཞི་ལ་དམ་འཛིན་ཡག་པོ་བྱས་པ་དང་། འཛུགས་གཏོད་བཞི་དང་་མདུན་གྲལ་དུ་སྐྱོད་པ་བཞིའི་འཕེལ་རིམ་ལ་སྐུལ་འདེད་བཏང་ནས་ཕན་འབྲས་ཐོན་པར་དམིགས་ཏེ། (པར་ངོས་གཉིས་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社