分享按钮

རང་གྲོང་གི་ཆོས་ལུགས་ལས་རིགས་ཀྱིས་རྟེན་འབྲེལ་ཆེན་མོར་བསུ་བ་ཞུ་བའི་ བཞུགས་མོལ་ཚོགས་འདུ་འཚོགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་7ཚེས་22ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འབྲས་སྤུངས་དགོན་པར་གཟིགས་ཞིབ་གནང་ནས་ལོ་བཞི་འཁོར་བའི་མཚམས་སུ། རང་གྲོང་གི་ཆོས་ལུགས་ལས་རིགས་ཀྱིས་མངགས་བཅོལ་བློ་ལ་བརྟན་པོར་ངེས་ནས་བློ་ཁ་ཏང་ལ་ཕྱོགས། སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཆེན་མོ་བསུས་ནས་ཞི་མཐུན་གཏོད་ཅེས་པའི་བཞུགས་མོལ་ཚོགས་འདུ་འཚོགས་པ་རེད།

གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཀྲའོ་ཧུའེ་ཉན་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། གྲོང་ཨུད་ཀྱི་རྒྱུན་ཨུ་དང་། འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་། གྲོང་ཁྱེར་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་གཞོན་པ་བཅས་ཡིན་པའི་སྐལ་བཟང་ཚེ་བརྟན་དང་། གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཕེང་ཧྥེ་ཡུའེ། གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཟླ་བ་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།

ཚོགས་འདུའི་ཐོག་སྐལ་བཟང་ཚེ་བརྟན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོར་མཇལ་འཕྲད་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་།(པར་ངོས་བཞི་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-07-24 6 6 拉萨日报藏文 c204668.html 1 རང་གྲོང་གི་ཆོས་ལུགས་ལས་རིགས་ཀྱིས་རྟེན་འབྲེལ་ཆེན་མོར་བསུ་བ་ཞུ་བའི་ བཞུགས་མོལ་ཚོགས་འདུ་འཚོགས་པ། /enpproperty-->