ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། མངགས་བཅོལ་ཟབ་མོ་གནང་བ་ལས་གངས་ལྗོངས་ས་མཐོ་འདི་ཉིད་རྒྱང་ལམ་གསར་པར་བསྐྱོད་ཡོད། ཉིན་ཤས་གོང་། ལྷ་ས་གྲོང་ཁྱེར་ཞིང་ལས་གྲོང་གསེབ་ཅུས་ཀྱིས་ཆེད་དོན་སློབ་སྦྱོང་ཚོགས་འདུ་འཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་ཀ་ལ་གྲོང་ཚོའི་ཡུལ་མི་ཡོངས་ལ་སྤྲིངས་གནང་བའི་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་རེད། ཚོགས་ཞུགས་ལས་བྱེད་པས་གཅིག་རྗེས་གཉིས་མཐུད་ངང་འཕྲིན་ལན་གྱི་སྙིང་སྟོབས་བྱ་སྤྱོད་དུ་བྱས་ཏེ་ཐོན་ལས་དར་རྒྱས་དང་། སྐྱེ་ཁམས་འཚོ་སྡོད་དང་འཚམ་པ། བཅོས་སྐྱོང་ནུས་ལྡན་བཅས་ཀྱི་དམིགས་ཚད་ལ་དམིགས་ནས་ལྷ་སའི་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་གྱི་རྣམ་པ་གསར་པ་ནུས་ཤུགས་ཡོད་རྒུས་གཏོད་དེ་དར་རྒྱས་བརྟན་ལྷིང་གི་མེས་རྒྱལ་མཐའ་མཚམས་འཛུགས་སྐྲུན་ཆེད་སྒུལ་ཤུགས་ཆེན་པོ་བསྣན་ཡོད་ཅེས་བཤད་པ་རེད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་ལྷ་ས་གྲོང་ཁྱེར་ཞིང་ལས་དང་གྲོང་གསེབ་ཁོངས་གཏོགས་ཀྱི་ལས་བྱེད་པའི་ཁྲོད་ཚུར་སྣང་ལན་ཆ་བཟང་པོ་བྱུང་ཞིང་། གྲོང་ཁྱེར་ཞིང་ལས་དང་གྲོང་གསེབ་ཅུས་གྲོང་གསེབ་འཛུགས་སྐྲུན་ཁོའོ་ཡི་ཁོའོ་ཀྲང་བསོད་ནམས་རྡོ་རྗེར་སེམས་འགུལ་ཆེན་པོ་ཐེབས་པ་དང་། ཁོང་གིས་ཕྱོགས་ཡོངས་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་རྒྱང་ལམ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་རེ་ཟབ་མོར་གོ་བ་གཏིང་ཟབ་ལེན་པ་དང་། བྱང་སྐར་སྤུན་བདུན་གྱི་ཁ་ཕྱོགས་སྟོན་པ་བཞིན་བསྐྱོད་ཚེ་ལམ་ནོར་ཐེབས་མི་སྲིད་པ་དང་། གུང་ཁྲན་ཏང་གི་རྗེས་སུ་འབྲངས་ན་བདེ་སྐྱིད་ཐོབ་ངེས་རེད་ཅེས་པ་བློ་ལ་བརྟན་པོར་ངེས་དགོས་པ་དང་། མཐའ་དར་དམངས་ཕྱུག་སྲིད་ཇུས་མཛུབ་ཁྲིད་དུ་བྱེད་པ་དང་། འཚོ་སྡོད་ལ་འཚམ་པ་དང་ལས་ཞུགས་ལ་འཚམ་པ་། མཛེས་མཐུན་གསུམ་ལྡན་གྱི་གྲོང་གསེབ་ལ་དམིགས་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་གི་འཐབ་ཇུས་ཆེན་པོ་ལག་བསྟར་ཤུགས་ཆེན་བྱེད་པ། ས་མཐོའི་མཛེས་མཐུན་གྱི་ཤང་བཅུ་དང་གྲོང་ཚོ་བརྒྱ་ཡི་དཔེ་སྟོན་གཏོད་པའི་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ་དར་རྒྱས་བརྟན་ལྷིང་གི་མེས་རྒྱལ་གྱི་མཐའ་མཚམས་འཛུགས་སྐྲུན་ཆེད་ཞིང་ལས་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད།(པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社