分享按钮

གླིང་ཕྲན་གཉིས་ཀྱི་ཆུ་ངོགས་ཀྱི་རྣམ་པ་གསར་པར་གྱུར་བ།

← པར་འདི་ནི་ཟླ་7ཚེས་16ཉིན།ཁྲེང་ཀོན་ཆུས་གླིང་ཕྲན་གཉིས་ཀྱི་ཆུ་ངོགས་ཀྱི་ལྗང་མདོག་སྐྱེ་ཁམས་བར་ཁྱམས་ལེགས་གཏོང་ལས་གྲྭར་པར་ལེན་བྱས་པའི་ལྷ་ཞབས་གླིང་ཕྲན་གྱི་ཟམ་པ་ཡིན།

↑ པར་འདི་ནི་ཟླ་7ཚེས་16ཉིན།ཁྲེང་ཀོན་ཆུས་གླིང་ཕྲན་གཉིས་ཀྱི་ཆུ་ངོགས་ཀྱི་ལྗང་མདོག་སྐྱེ་ཁམས་ཀྱི་བར་ཁྱམས་ལེགས་གཏོང་ལས་གྲྭར་པར་ལེན་བྱས་པའི་ཆུ་བོ་ལོགས་དབྱེའི་ཆུ་རགས་ཀྱི་རྣམ་པ་ཡིན།

ཉེ་ཆར། ལྷ་ས་གྲོང་ཁྱེར་ལྟེ་བའི་གྲོང་ཁུལ་གྱི་ཆུ་རྒྱུད་སྐྱེ་ཁམས་བཅོས་སྐྱོང་ལས་གྲྭའི(དུས་ཐེངས་གཉིས་པ)གླིང་ཕྲན་གཉིས་ཀྱི་ཆུ་ངོགས་ཀྱི་ལྗང་མདོག་སྐྱེ་ཁམས་བར་ཁྱམས་ལེགས་གཏོང་ལས་གྲྭ་གཞི་རྩའི་ཐོག་ལེགས་གྲུབ་ཟིན་ཡོད། ལས་གྲྭ་དེ་ཁྲེང་ཀོན་ཆུས་ཀྱི་ལྷོ་ངོས་དང་། ལྷ་ས་སྐྱིད་ཆུའི་གཡས་ངོགས་ལྷ་ཞབས་གླིང་ཕྲན་དང་ཉི་འོད་གླིང་ཕྲན་གཉིས་དང་གྲོང་ཁུལ་བཅས་ཀྱི་བར་དུ་གནས་པ་དང་། ལས་གྲྭའི་བཅོས་སྐྱོང་བྱ་ཡུལ་ཆུ་ལམ་གྱི་སྤྱིའི་རིང་ཚད་ལ་སྤྱི་ལེ་4.1ཡོད། རྣམ་གྲངས་འཛུགས་སྐྲུན་གྱི་ནང་དོན་ཐད་ཆུ་སྒོའི་ཉེན་སེལ་བརྟན་གཏོང་ལས་གྲྭ་དང་། ཟམ་པའི་ལས་གྲྭ། གཙང་འགྲམ་གྱི་སྐྱེ་ཁམས་ལེགས་གཏོང་ལས་གྲྭ། གྲངས་གཞི་ཅན་གྱི་འཛུགས་སྐྲུན་ལས་གྲྭ་བཅས་ཚུད་ཡོད།(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-07-24 6 6 拉萨日报藏文 c204666.html 1 གླིང་ཕྲན་གཉིས་ཀྱི་ཆུ་ངོགས་ཀྱི་རྣམ་པ་གསར་པར་གྱུར་བ། /enpproperty-->