(པར་ངོས་དང་པོར་མཐུད)ཉེ་དུས་ཀྱི་གཙོ་གནད་ལས་དོན་སྤེལ་ཚུལ་གྱི་སྙན་སེང་ལ་གསན་ནས་རྗེས་མའི་ལས་དོན་ཐད་ཞིབ་ཕྲའི་བཀོད་སྒྲིག་གནང་བ་རེད།
ཀྲའོ་ཧུའེ་ཉན་གྱིས་ནན་གསུངས་གནང་དོན།རིམ་ཁག་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། “བསམ་ཇུས་གཅིག”གི་བསམ་བློ་བརྟན་པོར་འཛུགས་པ། སྤྱི་ཡོངས་ཀྱི་འདུ་ཤེས་དང་ཁྱོན་ཡོངས་ཀྱི་ལྟ་བ་བཅས་སྔར་བས་ཟབ་ཏུ་གཏོང་དགོས་པ་དང་། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བ་དེ་གོ་སྐབས་སུ་བྱས་ནས།གཙོ་གནད་ས་ཁོངས་དང་གཙོ་གནད་ལམ་དུམ་ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་སྟེ།“མིག་སྔའི་སྒྱུར་བཅོས”དང“ཡུན་རིང་འཛུགས་སྐྱོང”ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ཐོག་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོ་གཏིང་ཟབ་སྤེལ་དགོས།
ཀྲའོ་ཧུའེ་ཉན་གྱིས་བླང་བྱ་བཏོན་དོན།ལས་ཀའི་གདུབ་ཟླུམ་གྱི་རྣམ་པ་ཞིག་གྲུབ་པར་བྱས་ནས་བརྒྱུད་རིམ་ཧྲིལ་པོ་དང་། རྒྱུ་རྐྱེན་གཙོ་བོ། ཕྱོགས་ཡོངས་བཅས་ཀྱི་ཐད་ནས་ཚང་བཤེར་ཆད་གསབ་བྱས་ཏེ།ལས་དོན་ཁག་གཅིག་རྗེས་གཉིས་མཐུད་དང་ཚང་མ་དོན་འཁྱོལ་ཐུབ་པའི་འགན་ལེན་བྱེད་དགོས་པ་དང་། འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ་དང་། ལས་འགན་ཁག་བགོས་ཞིབ་ཕྲ་བྱེད་པ། རིམ་པ་བཞིན་འགན་འཁྲི་ནན་དུ་གཏོང་བ་བཅས་བྱས་ཏེ།འགན་འཁྲི“མཐའ་མའི་འགག་གནད”ཐོག་དོན་འཁྱོལ་བྱེད་དགོས་པ། སྤྱི་ཚོགས་ཀྱི་ཐུན་མོང་ངོས་འཛིན་གཅིག་ཏུ་སྒྲིལ་བ་དང་། ཐུན་མོང་ངོས་འཛིན་སྔོན་འགྲོའི་ཆ་རྐྱེན་དུ་བྱེད་པ། རྒྱུན་རྣམ་འགན་ལེན་དུ་བྱེད་པ་བཅས་ཀྱི་ཐོག་ནས“མི་ཚང་མ་ཞུགས་པ་དང་མཉམ་སྐྲུན་མཉམ་སྤྱོད”ཀྱི་མཉམ་ཤུགས་ཤིག་ཆགས་པར་བྱས་ཏེ།གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོ་དོན་འཁྱོལ་ཐུབ་པར་བྱེད་དགོས།(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社